མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཉེན་རྟོག་པས་རྒྱ་མི་ཞིག་ཁྲིམས་འགལ་ཐོག་དྷ་རམ་ས་ལ་གནས་སྡོད་བྱེད་བཞིན་ཡོད་པར་ངོས་འཛིན་གྱིས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟ་རྒྱ་མི་དེར་གསང་ཉུལ་བའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་བཞིན་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དྷ་རམ་ས་ལའི་མེག་གྷན་གྱི་ས་གནས་ཉེན་རྟོག་པས་མིང་ལ་ལོའུ་ཝིན་ནིན་ (Luo Wennian) ཟེར་བའི་རྒྱ་མི་ཞིག་འདས་པའི་ཟླ་ལྔའི་རིང་ཐོངས་མཆན་མེད་པར་དྷ་རམ་ས་ལར་གནས་སྡོད་བྱས་ཡོད་པར་བརྟེན། ད་ལྟ་འཛིན་བཟུང་བཀག་ཉར་འོག་བཅུག་ཡོད་པ་རེད།

དྷ་རམ་ས་ལའི་མེག་གྷན་ཉེན་རྟོག་པས། ཁ་སང་མེག་གྷན་དུ་རྒྱ་མི་ཞིག་ཁྲིམས་འགལ་ཐོག་གནས་སྡོད་བྱས་ཡོད་པའི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་བ་དང་། ཉེན་རྟོག་པ་ཡུལ་དངོས་སུ་ཕྱིན་ནས་རྒྱ་མི་དེ་འཛིན་བཟུང་བྱས་པ་ཡིན། ང་ཚོས་ཁོའི་ཡིག་ཆ་ཁག་ལ་ཞིབ་འཇུག་བྱེད་སྐབས། ཡིག་ཆ་ཚད་ལྡན་མེད་པ་དང་ཐོངས་མཆན་གང་ཡང་མེད་པར་ཟླ་གསུམ་རིང་དྷ་རམ་ས་ལར་ཁང་པ་གླས་ནས་བསྡད་ཡོད་པ་ཤེས་རྟོགས་བྱུང་སོང་། ཞེས་བརྗོད་འདུག

དྷ་རམ་ས་ལའི་ཉེན་རྟོག་པས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་མི་དེ་འདས་ལོའི་ཕྱི་ཟླ་ ༩ ནང་བལ་ཡུལ་གྱི་ས་མཚམས་བརྒྱུད་རྒྱ་གར་ནང་འབྱོར་ཡོད་པ་དང་། རྒྱ་གར་གྱི་ས་ཆ་ཁག་ཅིག་ལ་འཁྱམ་ཉུལ་བྱས་རྗེས། ཐོངས་མཆན་མེད་པར་དྷ་རམ་ས་ལར་ཡོང་ནས་ཟླ་གསུམ་རིང་བསྡད་ཡོད་སྟབས། དེ་རིང་ཕྱི་ཚེས་ ༣ ཉིན་དྷ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱིས་ཕྱི་མི་ཁྲིམས་འགལ་གྱི་གྱོད་དོན་ཞིག་ཁྲིམས་གཏུགས་བྱས་ཡོད་འདུག་ལ། ཉེན་རྟོག་ལས་ཁུངས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་ཇི་བྱུང་ལྟར་ལག་བསྟར་དང་ཞིབ་འཇུག་མུ་མཐུད་བྱ་རྒྱུ་ཡིན་འདུག

རྒྱ་མི་དེ་དང་འབྲེལ་ནས། མེག་གྷན་གྱི་རྒྱ་གར་བའི་ཁང་བདག་གིས་རྒྱ་མི་དེ་ས་གནས་འབྲེལ་ཡོད་ལས་ཁུངས་ལ་ཁྲིམས་མཐུན་ཐོ་འགོད་བྱས་མེད་སྟབས། ཁང་བདག་ལའང་ཁྲིམས་ལུགས་ལྟར་ཉེས་ཆད་ཕོག་གི་ཡོད་པ་དང་། ཁོས་ཁང་བདག་དེར་ཟླ་རེར་ཧིན་ ༡༡༠༠༠ ཡི་ཁང་གླ་སྤྲད་ཡོད་འདུག ས་གནས་རྒྱ་གར་ཉེན་རྟོག་ལས་ཁུངས་ཀྱིས། དྷ་རམ་ས་ལའི་མགྲོན་ཁང་དང་སྡོད་ཁང་སོགས་ཁེ་གཏོང་བྱེད་མཁན་གྱི་སྦྱིན་བདག་ཚོས་དྷ་སར་གནས་སྡོད་བྱེད་མཁན་གྱི་ཕྱི་མི་ཚང་མ་ངེས་པར་དུ་ཐོ་འགོད་བྱས་ཏེ་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཤེས་རྟོགས་ཡོད་པར་བྱ་རྒྱུ་གལ་ཆེན་ཡིན་པ་དང་དེ་ལྟར་མ་བྱས་ཚེ་ཉེས་ཆད་ཕོག་གི་ཡོད་པའི་དྲན་སྐུལ་ཡང་བྱས་འདུག

རྒྱ་གར་གྱི་ (Write News  24) གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་གར་ཉེན་རྟོག་པས་རྒྱ་མི་དེར་ཞིབ་འཇུག་བྱེད་སྐབས། ཁོས་དེ་སྔ་ཡུ་ནན་ཞིང་ཆེན་གྱི་གཞུང་གི་ཕྱེད་འཛུགས་སྐྲུན་གྱི་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱས་མྱོང་ཞིང་། རང་ཉིད་ཀྱི་དངུལ་བྱང་ནང་དུ་རྒྱ་སྒོར་ས་ཡ་ ༤ ཡོད་པའི་ཁར་ད་ལྟའང་རྒས་ཕོགས་ཐོབ་ཀྱི་ཡོད་ཀྱང་། དེ་སྔ་ཁོས་ལྐོག་ཟ་རུལ་སུངས་སྐོར་ལ་སྐད་ཆ་བཤད་སྟབས་བཟོ་གྲྭ་དེ་ནས་ཕྱིར་ཕུད་བཏང་ཡོད་སྐོར་སོགས་བརྗོད་ཡོད་འདུག་ལ། ཁོའི་ལག་ཏུ་ཁ་པར་དང་གློག་རྡུལ་ཡོ་ཆས་གཞན་ཁག་ཅིག་ཡོད་པའི་ཁར། ཁོས་དེ་སྔ་རྒྱ་ནག་གི་ཉེན་རྟོག་པ་བྱེད་མྱོང་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། ད་ལྟ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཀྱང་རྒྱ་མི་དེར་གསང་ཉུལ་བའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་བཞིན་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བུད་མེད་གཉིས་དང་སྐྱེས་པ་གཅིག་བཅས་ཡུལ་སྐོར་བར་བརྫུས་ནས་བཞུགས་སྒར་དྷ་རམ་ས་ལར་ཡོང་ཞིང་། བོད་པའི་མགྲོན་ཁང་ཞིག་ཏུ་ཐོ་འགོད་ཚུལ་བཞིན་མ་བྱས་པར་མཚན་གཅིག་བསྡད་དེ། མེག་གྷན་ཁྲོམ་གཞུང་གི་བོད་མི་ཞིག་ལ་བོད་མིའི་སྒྲིག་འཛུགས་སོགས་ཀྱི་སྐོར་ལ་གསང་བའི་སོ་ཉུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་སྐབས་དེར་བོད་པའི་མགྲོན་ཁང་ཚོས་ཕྱི་མི་འགྲུལ་བ་དག་གི་མི་སེར་ལག་འཁྱེར་སོགས་ལ་ལྟ་ཞིབ་ནན་པོ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese