དགའ་ལྡན་ཕོ་བྲང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མྱོང་མེད་པའི་གསལ་བསྒྲགས་གནང་འདུག

དེ་རིང་ཕྱི་ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ལམ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་གཅིག་གི་ནང་དུ་ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་གནས་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨེབ་སི་ཊིན་དབར་འབྲེལ་བ་བྱུང་གནས་སྐོར་གནས་ཚུལ་སྤེལ་བཞིན་འདུག་ཀྱང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་པའི་གསལ་བསྒྲགས་སུ། ཞེས་གསུངས་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





