མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེང་སང་རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོངས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མེད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ལས་བྱེད་ཚོས་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ་རིགས་ཀྱི་པར་བཤུས། དུས་བབ་ལ་མཁོ་སྤྲོད་བྱས་པའི་པར་རིས།

 ལོ་ལྟར་བོད་ཀྱི་ལོ་སར་སྐབས་རྒྱ་ནག་གཞུང་གིས་བོད་ཁུལ་ཡོངས་སུ་དམ་དྲག་དོགས་གཟོན་སྔར་ལྷག་བྱེད་བཞིན་ཡོད་པ་ལྟར། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ལོ་སར་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཏེ།  བོད་མི་རྣམས་གཙུག་ལག་ཁང་དང་པོ་ཏ་ལའི་ནང་མཆོད་མཇལ་དུ་འགྲོ་བར་དམ་དྲག་དང་ཞིབ་བཤེར་ནན་མོ་བྱས་ཡོད་པ་མ་ཟད། སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དགོན་པ་སོགས་ཀྱི་ནང་སྤྲོ་འཆམ་དང་ལྟ་སྐོར་དུ་འགྲོ་ཆོག་གི་ཡོད་ཀྱང་། མཆོད་མཇལ་དང་ཕྱག་འཚལ་བ་སོགས་དད་མོས་བྱེད་མི་ཆོག གལ་སྲིད་གཞུང་གི་ལས་བྱེད་ཅིག་གིས་དད་མོས་བྱས་ཚེ་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་པའི་ཉེན་བརྡ་བཏང་འདུག

 འབྲེལ་ཡོད་བོད་མི་དེས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གི་ལས་བྱེད་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་པར་སྨྲོས་ཅི་ལ་དགོས།   རང་གི་ནང་མི་ཞིག་འདས་གྲོངས་སུ་གྱུར་ཀྱང་བདུན་ཚིགས་དང་འདས་མཆོད་སྐབས་སུ་མཉམ་ཞུགས་བྱེད་ཆོག་གི་མེད་པ་དང་། མཐའ་ན་ཕུང་པོ་མེར་སྲེག་གམ་དགོན་པ་སོགས་སུ་དུར་ལས་བྱེད་སྐབས་ཀྱང་མཉམ་ཞུགས་བྱ་ཆོག་གི་མེད་སྐོར་བརྗོད་བྱུང་།

 རྒྱ་ནག་དམར་གཞུང་གི་དམ་དྲག་འོག བོད་ནང་གི་བོད་མི་ཚོས་མི་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལོ་སར་གྱི་སྨོན་འདུན་རིགས་མང་པོ་སྤེལ་བའི་ནང་དུ། བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏ་ལའི་མདུན་དང་བར་སྐོར་ནང་དུ་བོད་མི་སྟོང་ཕྲག་མང་པོ་འཛོམས་པའི་པར་རིས་བཞག་སྟེ། ང་ཚོའི་ཕ་གཞིས་བདེ་ཞིང་སྐྱིད་པར་སྨོན། ཞེས་པ་དང་། ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་གཉིས་ཐལ་མོ་སྦྱར་བའི་སྐུ་པར་བཞག་སྟེ། བོད་ཀྱི་སྐད་ཡིག་གི་མེ་སྟག་ཕྱོགས་བཞིར་ཁྱབ་པ་དང་། ཡིད་བཞིན་ནོར་བུའི་སྐུ་ཚེ་བརྟན་པར་སྨོན། ཞེས་བྲིས་པ་ཞིག་འདི་གའི་གསར་འགོད་པས་ལག་གསོན་བྱུང་ཡོད་ཀྱང་། བོད་ནང་གི་བོད་མི་རྣམས་ཀྱི་བདེ་འཇགས་སླད་འདིར་སྤེལ་མེད།

འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་སྲིད་གཞུང་གི་ལས་བྱེད་དང་རྒན་ཡོལ་བ། སློབ་གྲྭ་ཁག་གི་དགེ་སློབ། དེ་བཞིན་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ཚུད་པ་སོགས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གཙོ་བོར་གྱུར་བའི་དགོན་པའི་ནང་དུའང་འགྲོ་མི་ཆོག་པ་དང་། ཐ་ན་སྐེ་ལ་སྲུང་མདུད་དང་ཁྱིམ་དུ་རྩ་བའི་བླ་མའི་སྐུ་པར་སྒྲིག་བཤོམ་ཞུ་མི་ཆོག་པའི་དམ་དྲག་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

དེའི་ཐད་ཕྱི་ལོ་ ༢༠༢༣ ལོར་ཡུན་རིང་ལྷ་ས་རུ་ཡུལ་སྐོར་སྣེ་ཤན་གྱི་ལས་ཀ་བྱས་མྱོང་མཁན་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། སྤྱིར་བོད་རིགས་ལས་བྱེད་རྣམས་སྲིད་གཞུང་གི་བྱ་བར་ཞུགས་སྐབས་དང་དམར་ཤོག་ཚོགས་པའི་ནང་དུ་འཛུལ་སྐབས། དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་འཇོག་དགོས་ཀྱི་ཡོད་པར་བརྟེན། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་མཆོད་མཇལ་དུ་ཕྱིན་ན་ཁྲིམས་འགལ་སྒྲིག་འགལ་དུ་བརྩི་ཡི་ཡོད་ནའང་། བོད་རིགས་ལས་བྱེད་མང་པོ་ཞིག་ཁུ་སིམ་སིམ་ངང་ས་གནས་གཞན་དུ་གནས་སྐོར་དང་མཆོད་མཇལ་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།

 གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠ པར་དྲ་ལམ་ནས་བླངས།
Mobile App

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

༢༠༢༤/༠༡/༡༡
U.S. Secretary of State Antony Blinken.
(Image credit: Tomohiro Ohsumi/Getty Images)
Mobile App

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

༢༠༢༤/༠༡/༠༦
བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་གཅར་རྡུང་བཏང་ནས་སྨན་ཁང་དུ་བསྐྱལ་འདུག

༢༠༢༣/༡༠/༡༨
ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་པའི་རྨོ་ལགས་ཤིག་གིས་སྨོན་ལམ་འདེབས་བཞིན་པ། དྲ་ལམ་གྱི་པར།
Mobile App

མི་འདི་ཚོ་ཕོ་བྲང་པོ་ཏ་ལའི་ནང་མཆོད་མཇལ་དུ་འགྲོ་ཆོག་གི་མི་འདུག

༢༠༢༣/༠༤/༢༦

མཆན། 1

  1. བྲག་གཡབ་བློ་ལྡན་ཤེས་རབ། says:
    3 weeks སྔོན།

    ༄། བཀུར་འོས་རྩོམ་སྒྲིག་པ་མཆོག་དང་། གསར་འགོད་པ་རྣམས་ལ་ཞུ་རྒྱུ། དང་པོ། གསར་ཤོག་ནང་། དོན་ཚན་འགའ་ཤས་བརྩི་དུས། གཅིག་ གཉིས་ གསུམ་ ཟེར་ནས་བཀོད་པ་འདི་ཚོ། བོད་ཡིག་རང་གི་འགྲོས་དང་གཏན་ནས་མི་མཐུན་པས། དང་པོ། གཉིས་པ། གསུམ་པ། ཟེར་བ་སོགས་ངེས་པར་དུ་འབྲི་དགོས། གཉིས་པ། དེང་སང་”འཛད་སྤྱོད་”དང་། “འཛད་སྤྱོད་པ་”ཟེར་བ་ཞིག་འབྲི་སྲོལ་དར་བ་འདི། གཏན་ནས་མི་འགྲིགས། “འཛད་” ནི། ཟད་པ་དང་། རྫོགས་པའི་དོན་རེད། གོའང་མི་བདེ་བས། ཚིག་གཞན་པ་ཞིག་ངེས་པར་དུ་འབྲི་དགོས། གསུམ་པ། ཡི་གེ་འབྲི་དུས། བརྗོད་དོན་མ་འདྲེས་པར་། མཐོང་བ་ཙམ་གྱིས་སོ་སོར་འབྱེད་ཐུབ་པའི་ཆེད། ཤད་རེ་འཐེན་ནས། བར་སྟོང་འཇོག་དགོས་པ་གནད་ཆེ། དངོས་གནས་བྱས་ན། བརྗོད་དོན་ཁོངས་ལ། ག་དུས། ག་པར། སུས། སུ་ལ། གང་འདྲ། ག་ཚོད། ག་རེའི་དོན་དག ལ་སོགས་པ་སོ་སོར་བཀྲལ་ནས་འབྲི་དགོས་པའི་ཐོབ་ཐང་ཡོད་རེད། དེ་ཙམ་མ་བྱུང་ནའང་། ག་ཚོད་ཐུབ་ཐུབ་ཅིག ཁ་བཀྲལ་ནས་བྲིས་ན། གོ་དོན་འཕེར་ལ། ལྷག་པར་ང་ཚོའི་གཞོན་སྐྱེས་ཚོར། ཀློག་བདེ་བ་འོང་ངེས་རེད་ལགས། ང་ཚོར་དེ་ཚོ་ཚང་མ་སྦྲེལ་ནས་འབྲི་བའི་གོམས་གཤིས་ནོར་བ་ཞིག་ཡོད་དེ་ཚོ། གསར་ཤོག་འདིའི་བརྒྱུད། ལེགས་བཅོས་གཏོང་ཐུབ་པའི་ནུས་པ་ཡོད་རེད། ཐུགས་རྗེ་ཆེ། འཚམས་འདྲི་བཅས། ༢༠༢༦། ༢། ༡༨ ཉིན་ཕུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese