མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་རྒོལ་རྒྱལ་སྐྱོབ་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཆབ་མདོ་ངག་ཕུན།
རྩོམ་ཁུངས། བོད་ཀྱི་དུས་བབ།

ཙོང་ཁ་ལྷ་མོ་ཚེ་རིང་ལགས་ཀྱིས་བརྩམས་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དེབ་ཕྲེང་འགའ།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༨ ཉིན་གྱི་དགོང་མོར་དྷ་རམ་ས་ལ་ནས་རླངས་འཁོར་དུ་ཐོན་ཞིང་། ཕྱི་ཉིན་ཞོགས་པ་ཆུ་ཚོད་དྲུག་པའི་ཐོག་ལྡི་ལིའི་རླངས་འཁོར་འབབ་ཚུགས་སུ་འབྱོར། དེ་ནས་ལམ་ཟུར་དུ་ཞོགས་ཟས་ལ་རོལ་རྗེས་མེ་ཏྲོ་ (Metro) བརྒྱུད་ལྡི་ལི་གསར་པའི་མེ་འཁོར་འབབ་ཚུགས་སུ་ཕྱིན། བོད་རྒྱལ་ལོ་ ༢༡༥༣ ལོ་གསར་གྱི་ཚེས་གཅིག་ཉིན་མེ་འཁོར་དུ་བསྡད་དེ་ཡོང་བས། ཚེས་གཉིས་ཀྱི་ཞོགས་པ་ཆུ་ཚོད་བཞི་པའི་ཐོག་གྷ་ཡ་མེ་འཁོར་འབབ་ཚུགས་སུ་འབྱོར། དེ་ནས་འཁོར་ལོ་གསུམ་པ་ (Auto) ཞིག་གླས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་སླེབས།

མགྲོན་ཁང་དུ་ངོ་གདོང་བཀྲུས་ཤིང་ངལ་གསོ་ཅུང་ཟད་བྱས་རྗེས་མཆོད་རྟེན་ཆེན་པོ་མཇལ་དུ་ཕྱིན། བདག་ཅག་གི་སྟོན་པ་ཐུགས་རྗེ་བཀའ་དྲིན་ཅན་དེ་ཉིད་མངོན་པར་རྫོགས་པའི་སངས་རྒྱས་སའི་གནས་མཆོག་འདི་ཉིད་མཇལ་བ་ཙམ་གྱིས་ལུས་སེམས་ལ་དགའ་བ་དཔག་མེད་སྐྱེ་ཡོང་གི་འདུག མཆོད་རྟེན་གྱི་འགྲམ་དུ་བསྡད་དེ་བལྟས་ཚེ་དད་ལྡན་དུ་མས་མཆོད་རྟེན་ཆེན་པོར་སྐོར་བ་རྒྱག་བཞིན་འདུག

ངས་དྷ་སར་ཡོད་དུས་གླིང་སྐོར་ལམ་ནས་རྙེད་པའི་《བཙན་རྒོལ་རྒྱལ་སྐྱོབ་》ཅེས་པའི་དེབ་དེ་ཀློག་རྒྱུའི་ཆེད་དུ་རྡོ་གདན་དུ་འཁྱེར་ཡོད། དེ་རིང་མཆོད་རྟེན་ཆེན་པོའི་འགྲམ་དུ་བསྡད་ནས་དེབ་དེ་བཀླགས་པ་ཡིན། བོད་མི་རིགས་ཀྱི་བདེན་དོན་ཆེད་ཡོད་ཚད་བློས་བཏང་གནང་བའི་གཏམ་རྒྱུད་དེ་དག་མཐོང་དུས་རང་དབང་མེད་པར་དབུགས་རིང་ཞིག་ཤོར་སོང་། ལྷག་པར་དུ་དེབ་དེའི་ནང་དུ་ང་རང་གི་ཕ་ཡུལ་གཅིག་པ་ཡིན་པ་ཙམ་མ་ཟད། ངོ་ཤེས་རྒྱུས་མངའ་ཡོད་པའི་བགྲེས་སོང་ཁོང་རྣམ་གཉིས་ཀྱི་འདྲ་པར་མཇལ་བས་འདས་དོན་གྱི་གནད་དོན་མང་པོ་ཞིག་དྲན་གསོ་བཏང་བྱུང་།

ལྷག་དོན་འདས་པོ་དམ་པ་དཀོན་མཆོག་རྡོ་རྗེ་ལྟ་བུ་ཞིག་ལ་ཆ་མཚོན་ན། དུས་རྒྱུན་ནས་ཁོང་ལ་མི་ཚོས་“ཆབ་མདོ་དྲུང་ཡིག་”ཅེས་འབོད་ཀྱི་ཡོད། དེ་ནི་ཆུང་དུས་ཆབ་མདོ་དགོན་པའི་ཆོས་སྒོར་ཞུགས་ནས་ཐོབ་ཁོངས་གྲྭ་ཚང་གི་ཡིག་བྲིས་ཕྱག་ལས་གནང་བ་དང་། སྐབས་དེ་ནས་ཁོང་ལ་“ཆབ་མདོ་དྲུང་ཡིག་”ཅེས་འབོད་ཀྱི་ཡོད་པ་འདྲ། ཕྱི་ལོ་ ༡༩༥༨ ནས་ལྷོ་ཁ་ཆུ་སྒང་དམག་སྒར་ལྟེ་བའི་ནང་དྲུང་ཡིག་གཙོ་བོའི་ཐུགས་འགན་བཞེས་མྱོང་བ་དང་། ཕྱིས་སུ་འཕགས་ཡུལ་དུ་སླེབས་ནས་ཀྱང་གློ་དམག་སྒར་གྱི་དྲུང་ཡིག་དང་། རྗེས་སུ་ཨ་རིའི་སློབ་སྦྱོང་ལྡུམ་རྭ་ཐོན་ནས་གསུམ་སྦྲེལ་ལྷན་ཁང་གི་དྲུང་ཡིག་བཅས་གནང་། དེ་རྗེས་ཕྱི་ལོ་ ༡༩༧༥ ནས་བདེ་སྲུང་ཁྱབ་ཁོངས་བོད་འབྲེལ་རླུང་འཕྲིན་གནས་ཚུལ་ཉན་ཞིབ་ཀྱི་ཕྱག་ལས་གནང་ཡོད་ཅིང་། ཕྱི་ལོ་ ༡༩༧༥ ནས་ཕྱི་ལོ་ ༡༩༩༢ བར་ལོ་ངོ་བཅུ་བདུན་རིང་ལ་སྲི་ཞུ་ལས་བྱེད་ཁོངས་སུ་ཞུགས་ཏེ་ལྷག་བསམ་རྣམ་དག་གིས་སྤྱི་པའི་ཞབས་འདེབས་བསྒྲུབས་ཡོད།

སྐབས་དེ་དུས་ལས་ཁུངས་ནི་ད་ལྟའི་གངས་ཅན་སྐྱིད་གཤོངས་ཀྱི་ཉིན་མོའི་སློབ་གྲྭ་ཡོད་ས་དེར་ཡོད་ཅིང་། ཁོང་གི་ལས་ཤག་འགྲམ་དེའི་ཁང་པ་རྙིང་པ་དེའི་ཐོག་ལ་རྫ་མ་ཡིན་ནམ་རྡོ་ལེབ་བསྒྲིགས་ཡོད་པ་ད་ལྟ་གསལ་པོ་དྲན་གྱི་མི་འདུག ཁོང་གི་ནང་དུ་ང་ཐེངས་མང་བསྡད་མྱོང་ཡོད། ལས་ཁུངས་གྲོལ་ནས་ནང་དུ་སླེབས་དུས་བོད་ནང་གི་ཉིན་རེའི་གསར་འགྱུར་ཁག་སྔ་དགོང་སྒྲ་འཇུག་བྱས་ཏེ། ལས་མི་འགའ་ཤས་ཡོད་པ་རྣམས་ཀྱིས་ཡིག་ཐོག་ཏུ་ཕབ་ཀྱི་ཡོད། ལས་ཤག་དང་ལས་ཁུངས་དེ་དག་ཡག་པོ་མེད་པ་ད་ལྟ་དྲན་གསོ་བཞིན་འདུག ཡིན་ནའང་ཁོང་གིས་དེ་དག་གི་ཐོག་ཏུ་འདོད་པ་མ་ཁེངས་པའི་རྣམ་པ་ཙམ་ཡང་མི་སྟོན་པར། འདོད་ཆུང་ཆོག་ཤེས་ཀྱི་ཐོག་ནས་ཕྱག་ལས་དྲང་ཚུགས་ལྡན་པ་གནང་གི་ཡོད་པ་ད་ལྟའང་དྲན་གྱི་འདུག

ཕྱིས་སུ་བདེ་སྲུང་ཁྱབ་ཁོངས་བོད་འབྲེལ་རླུང་འཕྲིན་གནས་ཚུལ་ཉན་ཞིབ་ལས་ཁུངས་དེ་བཀའ་ཤག་རྙིང་པ་དང་དཔལ་འབྱོར་ལས་ཁུངས་གཉིས་ཀྱི་བར་དེའི་ཁང་པ་རྩེ་ཐོག་ཏུ་སྤོས་སོང་ཞིང་། ད་ལྟ་ལས་ཁུངས་དེ་ཉིད་གནས་ཡོད་མེད་ཤེས་མ་སོང་། ཁོང་མ་གྲོངས་པའི་སྔོན་དེར་ང་ཐུག་པར་ཕེབས་བྱུང་། སྐབས་དེ་དུས་ང་ན་ནས་ཉལ་སར་ལྷག་ཡོད་པ་དང་། ཁོང་གིས་“ང་ཡང་གཟུགས་པོ་བདེ་པོ་དེ་ཙམ་མི་འདུག་པས། སྨན་ཁང་ལ་བསྟེན་ནས་ཞོར་ལ་ཁྱོད་རང་ག་འདྲ་ཡོད་མེད་ལྟ་བར་ཡོང་བ་ཡིན། ད་ནི་ང་ཚོ་ཤི་ཡང་འགྱོད་པ་ཅི་ཡང་མེད། འཇིག་རྟེན་ནང་གི་མཐོང་རྒྱུ་ཚང་མ་མཐོང་ཟིན་པ་རེད། ཁྱོད་ཚོ་ལོ་ཆུང་བས་འཇིག་རྟེན་མཐོང་རྒྱུ་ལྷག་ཡོད་པ་རེད། སེམས་སྡུག་མ་བྱེད་པར་ལྷོད་ལྷོད་བྱས་ནས་སྡོད་དང་ན་ཚ་དྲག་གི་རེད།”ཅེས་གསུངས་གནང་བྱུང་། དེའི་ཕྱི་ཉིན་གྱི་དགོང་མོར་ཁོང་གྲོངས་པ་རེད་ཟེར་བ་ཐོས་པས། སེམས་ནང་སྐྱོ་སྣང་ཆེན་པོ་སྐྱེས་ནའང་བྱ་ཐབས་བྲལ་སོང་།

དེ་བཞིན་རྒན་བློ་ཉི་ནི་ང་རྡོར་གླིང་དུ་ཡོད་དུས་ནས་ངོ་ཤེས་ཀྱི་ཡོད་པ་དང་། འདས་ཟིན་པའི་གནད་དོན་མང་པོ་བཤད་རྒྱུ་ཡོད་པའི་བགྲེས་སོང་བག་བྲོ་པོ་ཞིག་ཡིན། ཁོང་གིས་དུས་རྒྱུན་དུ་བོད་ཀྱི་གནད་དོན་སྐོར་གླེང་གནང་གི་རེད། ཁོང་བོད་ལ་གཉེན་འཕྲད་དུ་ཕེབས་ནས་སྤུན་མཆེད་རྣམས་ཐུག་འཕྲད་གནང་རྗེས་ཕྱིར་རྒྱ་གར་དུ་ཕེབས། སྐབས་དེ་དུས་༸རྒྱལ་བ་རིན་པོ་ཆེའི་མཇལ་ཁ་རག་པ་དང་། ༸རྒྱལ་བ་རིན་པོ་ཆེས་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་བཀའ་འདྲི་གནང་བ་དང་འབྲེལ་“ཆབ་མདོ་བ་ཚང་མ་རྒྱ་དགའ་རེད་ཟེར་གྱི་འདུག། དེ་འདྲ་རེད་དམ་”ཞེས་བཀའ་འདྲི་གནང་བར། བློ་ཉིས་གུས་ཞབས་དང་འབྲེལ་“དུས་ཐུང་ནང་གཏིང་ཟབ་པོ་དེ་འདྲ་ཤེས་མ་སོང་སྟེ། རྒྱ་མི་ལ་དགའ་མཁན་དང་མི་དགའ་མཁན་གཉིས་ཀ་ཡོད་ས་རེད།”ཅེས་ཞུས་པར། ༸གོང་ས་མཆོག་གིས་“དེ་འདྲ་ཡིན་རྒྱུ་རེད། ང་ཐུག་པར་ཡོང་མཁན་ཁ་ཤས་ཀྱིས་ཆབ་མདོ་བ་ཚང་མ་རྒྱ་དགའ་རེད་ཟེར་མཁན་ཡོང་གི་འདུག ཁྱོད་ཀྱིས་ལབ་པ་དེ་བདེན་པ་ཡིན་རྒྱུ་རེད། དགའ་མཁན་དང་མི་དགའ་མཁན་གཉིས་ཀ་ཡོད་རྒྱུ་རེད།”ཅེས་ཐུགས་བརྩེ་ཆེན་པོས་བཀའ་སློབ་གནང་བྱུང་ཞེས་ཁོང་གིས་དགའ་ཚོར་ཆེན་པོས་གསུང་གི་འདུག དེ་བཞིན་རྒྱ་དམར་དང་དམག་འཐབ་བྱས་པའི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་པ་རེད། སྤུན་མཆེད་ཚོས་བོད་ནང་བཞུགས་དགོས་པའི་ཨུ་ཚུགས་ཞེ་དྲག་བརྒྱབ་རུང་མ་བཞུགས་པར་ཕྱིར་རྒྱ་གར་དུ་ཕེབས་ཏེ། རྡོ་རྗེ་གླིང་དུ་མཐར་སྐུ་ཚེ་འཕེན་པ་རྫོགས་པ་རེད། མི་དེ་དག་མི་ཚེའི་ནང་དཀའ་སྡུག་གང་ཞིག་ལ་འཕྲད་ནའང་གཞུང་གི་འགྲིགས་མ་སོང་ཙམ་ཡང་བརྗོད་པ་གོ་མྱོང་མེད། ད་ལྟ་བསམ་དུས་ཧ་ལས་པ་རེད་འདུག་སྙམ།

མི་འདི་ཚོ་ནི་དངོས་གནས་བོད་མི་རིགས་ཀྱི་རྩ་དོན་ཁོ་ན་བསམ་མཁན་ཤ་སྟག་རེད། ལྷག་པར་“ཆབ་མདོ་བ་ཚང་མ་རྒྱ་དགའ་རེད་”ཅེས་སྐུ་མདུན་ལ་ཞུ་མཁན་དེ་དག་ནི། སྒེར་གྱི་འཁོན་འཛིན་དབང་གིས་ཞུ་མཁན་བྱུང་བ་ཡིན་ནམ་སྙམ། རྗེས་སུ་གནད་ཡོད་མི་སྣ་བརྒྱུད་ནས་ཀྱང་དེ་འདྲ་གོ་ཐོས་བྱུང་།

ཁོང་རྣམ་གཉིས་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་ཁོངས་སུ་ཞུགས་ཏེ། དཔའ་ངར་ཞུམ་མེད་ཀྱིས་རྒྱ་དམག་ལ་གདོང་ལེན་དང་བོད་མི་རིགས་ཀྱི་དོན་དུ་བློ་བརྟན་འགྱུར་མེད་ཀྱིས་ལས་དོན་གནང་མཁན་ཞིག་ཡིན། དེ་ཡང་དྲུང་ཡིག་དཀོན་མཆོག་རྡོ་རྗེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་སྲི་ཞུ་ཞབས་འདེབས་ལྷག་བསམ་རྣམ་དག་གནང་ཡོད། ཡིན་ནའང་དེང་གི་དུས་སུ་སྤྱི་སྒེར་སུ་ཞིག་གིས་ཀྱང་དཔའ་རྒོད་དེ་དག་གི་བྱས་རྗེས་ལ་རྗེས་དྲན་དང་གླེང་སློང་ཙམ་ཡང་མི་བྱེད་པར་འཇམ་ཐིང་ངེར་ལུས་པ་ནི་ཕངས་འོས་པ་ཞིག་རེད། དཔའ་རྒོད་དེ་དག་གི་གཏམ་རྒྱུད་གླེང་སྐབས་མི་འདོད་པའམ་གང་ཡང་མ་རེད་མདོག་མདོག་བྱེད་མཁན་མཐོང་དུས་སེམས་གཏིང་ནས་ན་ཟུག་གཏོང་གི་འདུག ཁོང་ཚོས་ཡོད་ཚད་མི་རིགས་ཀྱི་དོན་དུ་བློས་བཏང་བ་ལས་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་དུ་བྱས་པ་ཞིག་མ་རེད། བོད་མི་རིགས་ཀྱི་བདེན་དོན་དུ་ཉིན་རེའི་བཟའ་བཏུང་ཆད་པ་དང་། ལྷམ་གྱི་མཐིལ་བཙོས་ནས་ཟ་དགོས་པ་སོགས་དཀའ་ལས་ཚད་མེད་བརྒྱབ་ཡོད་པ་《བཙན་རྒོལ་རྒྱལ་སྐྱོབ་》ཀྱི་དེབ་ལས་གསལ།

རྒྱུ་མཚན་དེ་དག་ལ་བརྟེན་ནས། དེ་རིང་གནས་མཆོག་འདིའི་དྲུང་ནས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཚེ་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཚེ་རབས་བྱས་བསགས་ཀྱི་སྡིག་སྒྲིབ་དག་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། དེ་བཞིན་བོད་ཀྱི་དགྲ་བོ་འགོག་རྒོལ་གནང་མཁན་གྱི་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་སྙིང་ནས་གུས་འདུད་ཞུ་རྒྱུ་ཡིན། ཞེས་པ་འདི་ནི་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟའི་ལོ་དང་། ཕྱི་ལོ་ ༢༠༢༦ ཉིན་མོར་མཆོད་རྟེན་ཆེན་མོའི་ཉེ་འདབས་སུ་བསྡད་ནས་ཟིན་བྲིས་སུ་བཏབས་ཅིང། ཕྱིར་དྷ་ས་རང་གནས་སུ་སླེབས་དུས་ཁ་སྣོན་སོགས་ཕྲན་བུ་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༤ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese