མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་མི་ཆོག་པའི་གྲོས་ཆོད་བཞག

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་སྟེང་རྒྱ་ནག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱེད་མི་ཆོག་པ་སོགས་ཀྱི་གྲོས་ཆོད་གཏན་འབེབས་གནང་།

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་ལམ་གྱི་ལོ་འཁོར་ཚོགས་ཆེན། དྲ་ངོས་པར། ༢༠༢༦།༢།༢༨

ཕྱི་ཟླ་ ༢ ཚེས་ ༢༨ ཉིན་དྲ་ཐོག་ནས་ཉི་ཧོང་་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཡོད་ཅིང་། སྐབས་དེར་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་མཱ་ཀི་ནོ་ (Makino Seishu) མཆོག་དང་། དྲུང་ཆེ་ཡཱ་མཱ་ཌ་ཧི་རོ་ཤི་ (Yamada Hiroshi) ལགས། དྲུང་ཆེ་ཟུར་པ་ན་གྷའོ་ (Nagao Takshi) ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚདན་གསུམ་གཏན་འབེབས་བྱུང་ཡོད་པ་ནི། ༡། རྒྱ་ནག་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པ་དེ་མཚམས་འཇོག་དགོས་པ། ༢། རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེ་དག་མཚམས་འཇོག་བྱས་ཏེ་བོད་མི་རྣམས་ལ་ཐོབ་ཐང་ཆ་ཚང་སྤྲོད་དགོས་པ། ༣། རྒྱ་ནག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གནད་དོན་ཐད་ཐེ་ཇུས་བྱེད་མི་ཆོག་པ་བཅས་དང་། དེ་བཞིན་ཉི་ཧོང་གཞུང་དང་གྲོས་ཚོགས་ལ་རེ་སྐུལ་ཞུ་རྒྱུའི་དོན་ཚན་གསུམ་ནི། དེ་སྔ་ཉི་ཧོང་གི་གྲོས་ཚོགས་ནང་བོད་པ་དང་ཡུ་གུར་བ་རྣམས་ཀྱི་ཆེད་དུ་བསྒྲགས་གཏམ་སྤེལ་ཡོད་པ་རེད། ད་ལན་དེ་ལས་ལྷག་པ་གནད་དོན་གསལ་སྟོན་བྱས་ཏེ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་དག་འགྲིག་གི་མེད་པ་སོགས་ཐེར་འདོན་དང་། ཉི་ཧོང་གཞུང་གིས་ཉི་ཧོང་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པ། རྒྱ་ནག་གིས་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐད་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་བཀོད་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་འདས་ལོར་ཉི་ཧོང་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ བསྡུས་ཡོད་པ་དེས་སྔར་ལས་ནུས་པ་ཅི་ཙམ་ཐོན་ཡོད་མེད་སྐོར་དྲིས་པར་ཁོང་གིས།  འཛམ་གླིང་ནང་གྲོས་ཚོགས་འཐུས་མི་བོད་དོན་སྐོར་ལ་རྒྱབ་སྐྱོར་གནང་མཁན་མང་ཤོས་ཉི་ཧོང་ཆགས་ཀྱི་ཡོད་པ་རེད། ད་ལན་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༦ ཙམ་ཡོད་པ་རྣམས་ལོ་འཁོར་ཚོགས་ཆེན་འཚོགས་ཡོད་པ་དང་། འདས་ལོའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་གྲོས་ཆོད་བཞག་པ་དེ་དག་ཚགས་ཚུད་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་རེད། ད་ལྟའི་ཚོགས་ཆེན་ནང་མཉམ་ཞུགས་གནང་མཁན་མང་ཆེ་བ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་དང་། ཚོགས་མི་དྲུག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ནང་མཉམ་ཞུགས་གནང་རྒྱུའི་ཐུགས་ཐག་བཅད་སོང་། ད་ལན་སྔར་དང་མི་འདྲ་བའི་ཀོ་རི་ཡ་ནས་ཚོགས་མི་གཉིས་མཉམ་ཞུགས་བྱ་རྒྱུ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུང་བཤད་གནང་བ། དྲ་ངོས་ཀྱི་པར། ༢༠༢༦།༢།༢༨

ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དང་འབྲེལ་ནས་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་ལྟའི་ཆར་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་ཡག་པོ་ཆགས་ཡོད་པ་རེད། ཉེ་སྔོན་ཕྱི་ཟླ་ ༢ པའི་ནང་ཉི་ཧོང་གི་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་བོད་དོན་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ལ་རྒྱལ་ཁ་ཐོབ་ཡོད་པར་བརྟེན། ང་རང་གྲོས་ཚོགས་སུ་བཅར་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དེ་ལས་མང་དུ་འགྲོ་རྒྱུའི་གཞི་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། དེ་སྔ་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༦ ཙམ་ལས་མེད་ཀྱང་། རིམ་པས་མང་དུ་ཕྱིན་ཏེ་ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༦ ཡོད་པ་རེད། རྒྱུ་མཚན་ནི་གྲོས་ཚོགས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་བསྩལ་བ་ལྟར། བོད་དོན་དང་འཛམ་གླིང་གི་དཀའ་རྙོག་གང་འདྲ་ཞིག་ཡིན་རུང་མཚོན་ཆ་བེད་སྤྱོད་བྱེད་མི་དགོས་པར་འཚེ་མེད་ཞི་བའི་ཐོག་ནས་སེལ་ཐབས་དགོས་སྐོར་གསུངས་པ་དེ་རླབས་ཆེན་པོ་འདུག་བསམས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ཕྱིན་སོང་། ཞེས་བརྗོད་བྱུང་།

ཕྱི་ལོ་ ༡༩༩༠ ནས་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་མགོ་བརྩམས་ཡོད་ཅིང་། བོད་དང་ཉི་ཧོང་བར་གི་འབྲེལ་བ་དེ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་བྱུང་ཡོད་པ་རེད།  ཕྱི་ལོ་ ༡༩༦༧ ནས་ད་ལྟ་བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་ ༢༥ ལྷག་ཉི་ཧོང་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་ལ། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་བསྡད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese