མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་རྒྱ་ནག་གི་ཁྲིམས་ཡིག་མང་པོ་ཞིག་དང་འགལ་ཟླ་ཆགས་ཡོད་པ་མ་ཟད།དངོས་སུ་ལག་བསྟར་བྱས་ཚེ་ཁྲིམས་གང་ལ་གཞི་བཅོལ་ཡོད་མེད་ཀྱང་གནད་དོན་ཞིག་ཆགས་ཡོད་ཅེས་གསུངས་སོང་།

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ཟླ་གཅིག་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་ཅེས་པའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་འགྲམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་དབུ་འབྱེད་གནང་སོོང་།ཐེངས་འདིའི་གོམ་བགྲོད་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་ས་གནས་མི་འདྲ་བ་ ༢༠ ནས་གོམ་བགྲོད་པ་ཁྱོན་གྲངས་ ༦༥ མཉམ་ཞུགས་གནང་ཡོད་པ་དང་། དེའི་ཁྲོད་དགུང་ལོ་ཆེ་ཤོས་ ༦༨ དང་ཆུང་ཤོས་ ༢༦ ཡིན་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་དམར་པོ་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ། བོད་མི་རིགས་ཀྱི་སྐད་ཡིག་བཅས་པ་རྩ་གཏོར་གཏོང་བཞིན་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་དུ་ལེའུ་བདུན་དང་དོན་ཚན ༦༥ ཡོད་པ་རེད། ང་ཚོས་བལྟས་བ་ཙམ་གྱིས་ཁྲིམས་ཡིག་དེའི་ནང་དུ་སྙན་པོ་རྐྱང་རྐྱང་བྲིས་ཡོད་ཀྱང་། དོན་དུ་མི་རིགས་བཙན་བསྒྱུར་དང་རིག་གཞུང་བསྲེས་ལྷད་གཏོང་ཐབས་རེད། ཐེངས་འདིའི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་པའི་བརྡ་ལེན་གསལ་བོ་སྤྲོད་བཞིན་ཡོད། ཅེས་བརྗོད་སོང་།

དྷ་ས་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།

དབུ་འབྱེད་མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་རྗེས་རྒྱལ་སྤྱིའི་ནང་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་ཡོད་ལ། བོད་ཀྱི་ཆ་ཤས་གཅིག་ཡིན་པའི་བོད་རང་སྐྱོང་ལྗོངས་ལ་ཞིས་ཙང་ཟེར་བའི་མིང་བཏགས་ཏེ་འཛམ་གླིང་སྟེང་བོད་དེ་ཁྲིམས་ཐོག་ནས་རྒྱ་ནག་གི་ཡིན་པ་སྟོན་བཞིན་ཡོད།ད་ལྟ་བར་དུ་རྒྱ་ནག་གཞུང་གི་དགོས་མཁོ་ལྟར་ཁྲིམས་ཡིག་མང་པོ་ཞིག་བཟོས་ཡོད། དེ་བཞིན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བའི་ལས་འགུལ་སྤེལ་བཞིན་པ་རེད། ལྷག་པར་དུ་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤམ་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་གང་ཡང་བྱེད་ཆོག་གི་མེད་ཀྱང་། རྒྱ་ནག་གཞུང་གིས་འཆར་གཞི་ངན་པ་འཐེན་ཏེ་སྤྲུལ་སྐུ་ངོས་འཛིན་ཟེར་བའི་ཁྲིམས་བཟོས་ཡོད། འཛམ་གླིང་ལ་མགོ་བསྐོར་བཏང་ཡོད་ཀྱང་བོད་མི་རྣམས་མགོ་བསྐོར་ཐུབ་མེད་པའི་བརྡ་ལེན་སྤྲོད་དགོས་པ་གལ་ཆེན་པོ་རེད།ང་ཚོས་འདི་ནས་སྐད་འབོད་ངོ་རྒོལ་བྱས་ཏེ་རྒྱ་ནག་གཞུང་གིས་ལམ་སང་ཁྲིམས་ཡིག་ལ་འགྱུར་བ་གཏོང་མི་སྲིད་ཀྱང་། རྒྱ་ནག་གི་ཁྲིམས་ཡིག་ལ་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་མ་ཐུབ་ཚེ། ང་ཚོས་བོད་མི་རིགས་ཀྱི་འགན་མ་འཁུར་ཞིག་ཆགས་ཀྱི་ཡོད།དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་མི་ཚང་མ་གཅིག་སྒྲིལ་གྱིས་གོམ་པ་སྤོ་ཐུབ་དགོས།ཞེས་བརྗོད་སོང་།

སྲིད་སྐྱོང་མཆོག་གིས་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་དབྱེ་འབྱེད་གནང་། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟ་བར་དུ་རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་རེད། ད་ལྟ་རྩ་ཁྲིམས་ལག་བསྟར་བྱེད་བཞིན་པ་དེ་ཕྱི་ལོ་ ༡༩༨༢ ལོར་གཏན་འབེབས་བྱས་པ་དེ་རེད། དེའི་ཆ་རྐྱེན་གྱི་འོག་ནས་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ཡིག་ཅིག་ཡོད་པ་རེད། མི་རིགས་དེ་དག་ལ་སོ་སོའི་སྐད་ཡིག་དང་། རིག་གཞུང་། ཆོས་བཅས་བཀོལ་སྤྱོད་བྱེད་པའི་རང་དབང་ཆ་ཚང་གསལ་བསྡད་ཡོད། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་བསྡུས་པའི་སྐབས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་བཟོས་ཏེ། ད་ལྟའི་རྒྱ་ནག་གི་ཁྲིམས་ཡིག་མང་པོ་ཞིག་དང་འགལ་ཟླ་ཆགས་ཡོད་པ་རེད། དངོས་སུ་ལག་བསྟར་བྱེད་སྐབས་ཁྲིམས་གང་ལ་གཞི་བཅོལ་ཡོད་མེད་ཀྱང་གནད་དོན་ཞིག་ཆགས་ཡོད། རྒྱལ་སྤྱིའི་ཐོག་ནས་བལྟས་ན་ཁྲིམས་ཡིག་དེའི་མིང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཞེས་སྙིང་རྗེ་བོ་རེད། རྒྱ་གཞུང་གིས་མིང་རྙིང་པ་ཞིག་གི་འོག་ནས་མི་རིགས་གཞན་པ་རྩ་མེད་བཟོ་བཞིན་ཡོད། ད་ལྟའི་ཆར་རྒྱ་གཞུང་གིས་མི་རིགས་གཞན་མེད་པ་ཆགས་ཚེ། མི་རིགས་ཀྱི་གནད་དོན་མེད་པའི་བསམ་བློ་གཏོང་བཞིན་ཡོད། མི་རིགས་གཞན་མེད་པར་བཟོ་བའི་ཐབས་ལམ་དེ་མི་རིགས་དེའི་བསམ་བློ་དང་ཀུན་སྤྱོད་བཅས་པ་འགྱུར་བ་གཏོང་རྒྱུ་དེ་རེད། བོད་མི་རིགས་ཀྱི་སྐད་ཡིག་དང་། ནང་ཆོས། ཁོར་ཡུག་ལ་བརྟེན་པའི་འཚོ་བ་སྐྱེལ་སྟངས་སོགས་གཏོར་བཤིག་གཏོང་བའི་སྲིད་ཇུས་བཟུང་ཡོད་དུས། རྒྱལ་སྤྱིའི་ཐོག་རྒྱ་གཞུང་གི་སྲིད་ཇུས་དེའི་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་རེད། ཐེངས་འདིའི་ལས་འགུལ་ཁྲོད་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་བར་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་གོམ་བགྲོད་སྐབས་དགོས་འདུན་བཞི་བཏོན་ཡོད་པའི་ནང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་པ་ནི་ཚད་ལྡན་མ་ཡིན་པའི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཡིན་པས་མཚམས་འཇོག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་ཉེས་ མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་མཚམས་འཇོག་དགོས། དེ་བཞིན་རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་འགྱུར་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༤ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese