རྒྱ་གར་གྱི་བདེ་འཇགས་སླད་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་རྒྱ་ནག་གིས་བཟོ་སྐྲུ ན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་ བྱེད་ཀྱི་འདུག
རྒྱ་གར་གྱི་བདེ་འཇགས་སླད་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་བྱེད་ཀྱི་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
དེ་རིང་ནས་རྒྱ་གར་གྱི་གློག་རྡུ ལ་དང་ཆ་འཕྲིན་འཕྲུལ་རིག་བློན་ཆེ ན་ལས་ཁུངས་ (Ministry of Electronics and Information Technology of India ) ཀྱིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སླད། རྒྱ་ནག་གི་ཧིག་ཝི་སོན་ (Hikvision) དང་། ཊི་པི་ལིག་ཀི་(TP-Link) ། བྷ་ཧུ་(Dahua CCTV) སོགས་ཀྱིས་བཟོས་པའི་ཉེན་སྲུང་བརྙན་མིག་དེ་དག་རྒྱ ་གར་ནང་དངོས་སུ་ཚོང་འགྲེམས་དང་ བཀོལ་སྤྱོད་རིགས་བཀག་སྡོམ་གྱི་ སྲིད་ཇུས་ལག་བསྟར་མགོ་འཛུགས་བྱས་འདུག་ལ། དེ་ནི་རྒྱ་གར་རང་གི་ཐོན་རྫས་ལ་རྒྱབ་སྐྱོར་ཤུ གས་ཆེན་བྱེད་པའི་གོམ་སྟབས་གལ་ཆེ ན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི ན་འདུག
གནད་དོན་དེའི་ཐད་རྒྱ་གར་ གྱི་འཕྲུལ་ལས་བཟོ་སྐྲུན་ཁང་ཁག་ཅིག་གིས། གོམ་སྟབས་འདི་ནི་འབྲེལ་མཐུད་ཡོ་ བྱད་ཀྱི་བདེ་འཇགས་ཚད་གཞི་དམ་དུ་ གཏོང་བའི་གཞུང་གི་འབད་བརྩོན་ཆེ ན་པོའི་ཆ་ཤས་ཤིག་རེད། དབང་འཛིན་པ་རྣམས་ཀྱིས་ཚོང་ལས་ ཁང་འདི་དག་གི་ཐོན་རྫས་དང་། རྒྱ་ནག་ནས་ཡིན་པའི་བྱང་བུ་( chipsets) བེད་སྤྱོད་བྱེད་པའི་ཡོ་ཆས་གང་རུ ང་ལ་དཔང་ཡིག་སྤྲད་རྒྱུ་ཁས་ལེན་ བྱེད་ཀྱི་མེད་ལ། ཚད་ལྡན་བཟོ་སྐྲུན་ལྟེ་གནས་ ཁང་ཁག་གི་ཆོག་མཆན་མེད་པར་ཐོན་རྫ ས་དེ་དག་རྒྱ་གར་གྱི་ཁྲོམ་རར་ བཀག་འགོག་བྱས་ཡོད། ཅེས་བསྒྲགས་འདུག ཡིན་ནའང་། གནད་དོན་དེ་དག་འབྲེལ་ནས་རྒྱ་ནག་ གཞུང་ཕྱོགས་ཀྱིས་བརྡ་ལན་གང་ཡང་ སྤྲད་མི་འདུག
འདས་པའི་ལོ་གཅིག་ནང་རྒྱ་གར་ནང་བྲིན་རྒྱུག་ཧ་ཅང་ཆེ་ བའི་རྒྱ་ནག་གི་ཅ་དངོས་དེ་དག་གིས་རྒྱལ་ཡོངས་ཀྱི་ཉེན་སྲུང་བརྙན་མིག་ཚོང་ འགྲེམས་སྤྱིའི་བརྒྱ་ཆ་སུམ་ཅུ་ ཙམ་ཟིན་ཡོད་འདུག ཡིན་ནའང་། ཐའེ་ཝན་གྱི་བྱང་བུ་ཅན་གྱི ་རྒྱ་གར་གྱི་ཚོང་རྟགས་ CP Plus, Qubo, Prama, Matrix, དང་Sparsh སོགས་བྲིན་རྒྱུག་ཆེ་རུ་འགྲོ་བཞིན་ཡོད་པའི་ཁར། གྲངས་འབོར་རྩིས་ཞིབ་ (Counterpoint Research) ལྟར་ན། འདི་ལོ འི་ཕྱི་ཟླ་ ༢ བར་རྒྱ་གར་གྱིས་བཟོ་སྐྲུན་བྱས་ པའི་ཉེན་སྲུང་བརྙན་མིག་གི་ཚོང་ འགྲེམས་ཀྱི་བརྒྱ་ཆ་ ༨༠ ལྷག་ཟིན་སྲིད་པ་དང་། རྒྱ་གར་གྱི་ཁུ་ བྷོ་(Qubo) འཕྲུལ་རིག་བཟོ་ཚོང་ཁང་གི་འགན་ འཛིན་ནག་ཧིལ་ར་ཇི་པལ་(Nikhil Rajpal) ལགས་ཀྱིས། གཞུང་གི་བྱ་སྤྱོད་འདི་ནི་རྒྱལ་ ཁབ་དང་སྒེར་གྱི་བདེ་འཇགས་སྲ་བརྟ ན་གཏོང་བ་དང་། རྒྱ་གར་གྱི་ཚོང་རྟགས་དང་བཟོ་སྐྲུ ན་ལ་རྒྱབ་སྐྱོར་སྔར་ལྷག་བྱེད་ པའི་གོམ་སྟབས་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག
ཕྱི་ལོ་ ༢༠༢༡ ལོར་རྒྱ་གར་དབུས་གཞུང་གིས་གྲོས་ཚོགས་སུ་རྒྱ་གར་ནང་བཀོལ་སྤྱོ ད་བྱེད་བཞིན་པའི་ཉེན་སྲུང་ བརྙན་མིག་ས་ཡ་གཅིག་ལྷག་ནི་རྒྱ་ ནག་གིས་བཟོ་སྐྲུན་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་བརྙན་མིག་གི་མ་ ལག་བརྒྱུད་རྒྱ་གར་གྱི་དཔོན་རི གས་དང་གནད་ཡོད་མི་སྣ་ཁག་ཅིག་གི་ འགྲོ་འདུག་དང་། ཉེན་སྲུང་ས་གནས་ཁག་ཏུ་གསང་བའི་ ལྟ་ཞིབ་བྱེད་ཀྱིན་པའི་ཐད་གླེང་ སློང་ཆེན་པོ་བྱུང་རྗེས། ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་གྱི་གློ ག་རྡུལ་དང་ཆ་འཕྲིན་འཕྲུལ་རིག་བློ ན་ཆེན་ལས་ཁུངས་ཀྱིས་རྒྱ་ནག་གིས་ བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྲིད་ ཇུས་བཏོན་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༦ ཙམ་ནས་དངོས་སུ་ཞིབ་འཇུག་བྱེད་ མགོ་བཙུགས་ནས་ད་ལྟ་དངོས་སུ་ལག་ བསྟར་བྱ་དགོས་བཙུགས་ཡོད་འདུག
དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུ ང་གིས་རྒྱ་གར་གྱི་བདེ་འཇགས་དང་ས་ཁོ ངས་བདག་དབང་། མི་མང་གི་བདག་དབང་སྲུང་སྐྱོབ་སོ གས་ལ་གནོད་སྐྱོན་བཟོ་ཡི་ཡོད་པའི་ངོས་འཛི ན་ཐོག རྒྱ་ནག་གཞུང་དང་དངོས་ཤུགས་བརྒྱུ ད་གསུམ་ནས་འབྲེལ་བ་ཡོད་པའི་ཁ་ པར་མཉེན་ཆས་ ༢༢༤ ལྷག་བཀག་སྡོམ་བྱས་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གཞུང་གི་མཉེན་ཆས་ ༥༩ བཀག་སྡོམ་བྱས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།