མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༦ ལོར་བོད་མགོ་ལོག་དགའ་བདེ་རྫོང་གི་མང་ཚོགས་ཀྱིས་ནོར་ལུག་སྔར་ལས་མང་བོ་བཤས་རར་འདེད་དགོས་པའི་སྐུལ་འདེད་བྱས་པ་དང་སྦྲགས་བྱ་དགའ་ཁ་གསབ་སོགས་ཇི་ལྟར་སྤྲོད་ཀྱི་ཡོད་མེད་དྲིལ་བསྒྲགས་ཤུགས་ཆེན་བྱས།

Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province

 ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རོང་འབྲོག་མང་ཚོགས་ཀྱིས་ནོར་ལུག་བཤས་རར་འདེད་དགོས་པའི་སྲིད་ཇུས་སྔར་ལས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཆེད། བོད་མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ལས་ཁུངས་ཞེས་པ་དེའི་ལས་བྱེད་པ་ ༡༠༠ རྫོང་ཁོངས་ཀྱི་ཡུལ་ཚོ་ ༦ དང་། གྲོང་རྡལ་གཅིག་ཏུ་མངགས་ཏེ། ཕྱི་ལོ་ ༢༠༢༦ ལོའི་རྫོང་ཡོངས་ཀྱི་རོང་འབྲོག་པས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་སྔར་ལས་མཐོ་རུ་གཏོང་བ། དེ་བཞིན་སྤུས་ཚད་ལེགས་པའི་ཕྱུགས་ལས་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་བཟོ་བ་སོགས་ཀྱི་ཚོགས་འདུ་བསྡུས་ཏེ།  འདི་ལོར་རོང་འབྲོག་མང་ཚོགས་ཀྱིས་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་པའི་བྱ་དགའ་དང་ཁ་གསབ་དངུལ་སྤྲད་རྒྱུའི་སྐུལ་འདེད་རྫོང་ཡོངས་སུ་ཁྱབ་པར་བྱས་ཡོད་འདུག   

 འདས་པའི་ལོ་མང་གི་གོང་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་འབྲོག་ཁུལ་གྱི་ཁྱིམ་ཚང་རེ་རེའི་མིའི་གྲངས་འབོར་ལྟར་རྩྭ་ས་བཅད་བགོས་བྱས་ཏེ་ལྕགས་རས་བསྐོར་བའི་རྐྱེན་གྱིས། འབྲོག་ཁུལ་གྱི་རྩྭ་སས་མ་འདང་བར་དབྱར་དགུན་གྱི་རྩྭ་ས་བོགས་མར་ལེན་དགོས་པ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ལོ་རེ་བཞིན་སེམས་ཅན་མང་པོ་བཤས་རར་འདེད་དགོས་བྱུང་བ་དང་། འབྲོག་ཁྱིམ་མང་པོ་རྩ་སྟོང་དུ་གྱུར་ནས་གྲོང་དུ་འགྲོ་དགོས་བྱུང་བ་ནི།  བོད་ཁུལ་གྱི་འབྲོག་མང་གནས་སྤོ་དང་འབྲོག་མང་གྲོང་གསེབ་ཅན་དུ་བསྒྱུར་བའི་སྲིད་ཇུས་ཀྱི་སྙིང་པོ་ཡིན་པ་རེད།

 ཉེ་སྔོན་གྱི་བོད་མགོ་ལོག་གི་གནད་དོན་དེ་དང་འབྲེལ་ནས་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་བོད་ནང་གི་ས་གནས་མང་པོ་ཞིག་གི་རོང་འབྲོག་མང་ཚོགས་ཀྱི་སྒོ་ཟོག་རྣམས་ཆེད་དུ་བཤས་རར་འདེད་འཇུག་གི་ཡོད་པ་རེད།  གཅིག་ནས་བོད་ཀྱི་རོང་འབྲོག་གི་གདོད་མའི་འཚོ་བ་སྟོང་དུ་འཇུག་ཆེད་དང་། གཉིས་ནས་བོད་ནང་རོང་འབྲོག་མི་མང་གི་དད་མོས་ལ་རྡོག་རོལ་གཏོང་གིན་ཡོད། ཅེས་དང་། ལོ་མང་པོ་ནས་རོང་འབྲོག་གི་ཕྱུགས་ཟོག་བཤས་རར་འདེད་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱིན་ཡོད་ཀྱང་། སེམས་ཅན་ཚེ་ཐར་གཏོང་བ་ལས་བཤས་རར་འདེད་མཁན་ཉུང་ཉུང་རེད།  ཅེས་བརྗོད་བྱུང་།

 སྲིད་གཞུང་གི་ཁ་གསབ་དངུལ་དེ་དག་ཐོབ་པར་རོང་འབྲོག་མང་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་དང་། རང་དོན་རང་གཅེས་མ་ཐུབ་ཚེ་ཐོབ་ཁག་པོ་ཆགས་ཡོད་ཅིང་། ནོར་ལུག་སྤྱང་ཀིས་བསད་པ་སོགས་འཆི་སྐྱོན་བྱུང་བ་ཡིན་ན། ཐོག་མར་ནོར་ལུག་གི་རྣ་རྟགས་དང་ཐོབ་ཐང་དཔང་ཡིག་བཅས་ཁ་གསལ་ཡོད་དགོས་ཀྱི་འདུག་ལ། མགོ་དང་ཡང་ན་ངོས་འཛིན་ཤེལ་བུག་ཆུང་ཆུང་ཞིག་ནོར་གྱི་སྐྱི་པགས་ནང་བཞག་ཡོད་པ་དེའང་ངེས་པར་དུ་དགོས་ཀྱི་འདུག དེ་ཚོ་ཚང་སོང་ན། ནོར་ལུག་གི་ཤ་དང་ཀོ་བ་བཅས་ལྷག་ལུས་ཆ་ཚང་སྲིད་གཞུང་ལ་སྤྲད་དེ་གཞི་ནས་ཁ་གསབ་དངུལ་ཞེས་པ་དེ་ཐོབ་ཀྱི་འདུག

 དེང་སང་བོད་རྔ་བ་ཁུལ་གྱི་ནང་འབྲོག་རྫོང་ཁག་ནས་ནོར་ནག་ཆེ་ཆུང་མེད་པར་གཅིག་རེར་ཁྲལ་རྒྱ་སྒོར་ ༢༦ རེ་སྤྲོད་དགོས་ཀྱི་འདུག་ལ།  གལ་སྲིད་ནོར་ཆེན་པོ་ཞིག་ཤི་ན་རྒྱ་སྒོར་ ༢༠༠༠ རེ་དང་། ནོར་ཆུང་ཆུང་ཞིག་ཤི་ན་རྒྱ་སྒོར་ ༡༠༠༠ རེ། དེ་བཞིན་སྤྱང་ཀི་སོགས་ཀྱིས་བསད་པ་ཡིན་ན་ནོར་མགོ་སྟོན་རྒྱུ་ཡོད་ཚེ། སྲིད་གཞུང་གི་ཁ་གསབ་དངུལ་རྒྱ་སྒོར་ ༥༠༠ རེ་སྤྲོད་ཀྱི་འདུག

 དེ་བཞིན་བོད་མགོ་ལོག་ཁུལ་ལ་མཚོན་ན། འབྲོག་ཁྱིམ་རེ་རེས་ལོ་རེར་སེམས་ཅན་གྱི་ཁྲལ་དུ་ནོར་ནག་གཉིས་ནས་གསུམ་སྤྲོད་དགོས་པའི་ཁར།  ནོར་ནག་གཅིག་ལ་ལོ་རེར་རྒྱ་སྒོར་ ༡༨ རེ་སྤྲོད་དགོས་པ་དང་། ཁྲལ་སྤྲད་པའི་ནོར་ཚང་མར་རྣ་རྟགས་བརྒྱབ་ཡོད་པས། ནོར་དེ་ཤི་སོང་བ་ཡིན་ན། རྒྱལ་ཁབ་ཀྱི་ཁ་གསབ་དངུལ་ཡིན་ཞེས་ནོར་གཅིག་ལ་རྒྱ་སྒོར་  ༢༠༠༠    སྤྲོད་ཀྱི་འདུག

 ཕྱི་ལོ་ ༢༠༢༣ ལོར་བོད་ནག་ཆུ་འབྲི་རུ་རྫོང་དུ་རྒྱ་ནག་ཕིན་ཨན་གྱི་འགན་ལེན་ཚོང་གཉེར་ཁང་ཞིག་གིས་ཟླ་གཅིག་ལྷག་སྐོར་སྐྱོད་བྱས་ཏེ། ནོར་ནག་ཁྲི་ ༡༦ ལྷག་ལ་རྣ་རྟགས་བརྒྱབ་ཡོད་པ་དང་། འབྲོག་མང་གིས་ནོར་ནག་གཅིག་ལ་ཁྲལ་རྒྱ་སྒོར་ ༡༥༠ རེ་སྤྲོད་དགོས་པ་བཟོས་ཏེ། འཆི་སྐྱོན་བྱུང་བའི་ནོར་ནག་གཅིག་ལ་ཁ་གསབ་དངུལ་ ༥༠༠༠ རེ་རག་གི་ཡོད་འདུག  དང་ཐོག་ནོར་ནག་ཐོ་འགོད་བྱེད་སྐབས་ནོར་གྲངས་ ༢༣༦ ལ་ནད་མནར་ཡོད་ཀྱང་དུས་ཐོག་ཏུ་སྨན་བཅོས་བྱས་ཏེ་ནོར་ ༡༠༠ ལ་མ་གཏོགས་འཆི་སྐྱོན་བྱུང་མེད་པར་བཤད། དེ་བཞིན་ཁྱིམ་ཚང་གི་གནས་སྟངས་གང་ཙམ་ཡག་པོ་ཡོད་མཁན་གྱི་ཁང་པར་ལོ་རེར་ཁྲལ་རྒྱ་སྒོར་ ༣༥ རེ་དང་།  སྲིད་གཞུང་གི་རོགས་རམ་འོག་ཡོད་པའི་ཁྱིམ་ཚང་དབུལ་པོའི་ཁང་པར་ཁྲལ་རྒྱ་སྒོར་ ༡༦ རེ་སྤྲོད་ཀྱི་ཡོད་འདུག

 གཞན་ཡང་།  བོད་དབུས་དང་སྟོད་ཕྱོགས་སུ་ས་ཞིང་གི་ཁྲལ་དང་། ཁང་སའི་ཁྲལ། སེམས་ཅན་གྱི་ཁྲལ་སོགས་སྤྲོད་ཀྱི་འདུག་ལ། ལོ་རེར་བ་གླང་གཅིག་ལ་ཁྲལ་རྒྱ་སྒོར་ ༡༥ རེ་དང་། འཆི་སྐྱོན་བྱུང་བའི་བ་གླང་ངོ་རྟགས་ཆོད་པ་ཡིན་ན་ཁ་གསབ་དངུལ་རྒྱ་སྒོར་ ༥༠༠༠ རེ་སྤྲོད་ཀྱི་འདུག ཁང་པའི་ཁྲལ་དང་ཞིང་སའི་ཁྲལ་དེ་ཆེ་ཆུང་གི་ཚད་གཞི་ལས་བརྒལ་ཚེ་ཁྲལ་འཇལ་དགོས་ཀྱི་ཡོད་འདུག

 ཕྱི་ལོ་ ༢༠༠༠ ཡས་མས་ནས་བཟུང་རྒྱ་ནག་གཞུང་གིས་ལོ་ལྟར་འབྲོག་པའི་དུད་ཁྱིམ་རེ་རེའི་ཁྱིམ་མིའི་གྲངས་འབོར་ལྟར་འོ་མའི་ཁྲལ་དང་ཤ་ཁྲལ། རྩྭ་ཁྲལ་སོགས་སྤྲོད་དགོས་ཀྱི་ཡོད་ཀྱང་བར་ལམ་ནས་འགྱུར་བ་མང་པོ་ཐེབས་འདུག   དེང་སང་བོད་ས་སྟོད་སྨད་བར་གསུམ་དུ་འབྲོག་པའི་ཁྲལ་དང་རོང་པའི་ཁྲལ་ལ་མི་འདྲ་བ་ཅི་རིགས་འདུག སེམས་ཅན་གྱི་ཁྲལ་དང་ཞིང་སའི་ཁྲལ། ཁང་པའི་ཁྲལ་སོགས་སྤྲོད་དགོས་ཀྱི་འདུག་ལ། ཁྲལ་དེ་དག་སྤྲད་པ་ཡིན་ན། སྲིད་གཞུང་གིས་ཁ་གསབ་དངུལ་ཞེས་པ་ཞིག་སྤྲོད་ཀྱི་འདུག དེ་ནི་མཐར་གཏུག་ན་རོང་འབྲོག་མང་ཚོགས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོད་ཚད་ཀྱི་བདག་པོ་ངོ་མ་དེ་སྲིད་གཞུང་ཡིན་ལ། སྲིད་གཞུང་གི་སེམས་ཅན་འཚོ་སྐྱོང་བྱེད་མཁན་དང་རྩྭ་ས་གཅེས་སྐྱོང་བྱེད་མཁན་ནི་རོང་འབྲོག་མང་ཚོགས་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༢༤ འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་(Human Right Watch)གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་གྱི་བོད་མིའི་གནས་སྤོར་སྲིད་ཇུས་ནང་། ཉུང་མཐར་བོད་མི་ ༩༣༠༠༠༠ ལྷག་ས་གནས་གཞན་དུ་གནས་སྤོ་འཆར་ཡོད་པའི་ཁྲོད། ཕྱི་ལོ ༢༠༡༦ ནས་ད་བར་བོད་མི་གྲངས་ ༧༠༩༠༠༠  (བརྒྱ་ཆ་༧༦ )  ལྷག་གནས་སྤོར་བྱས་བཅུག་ཟིན་ཡོད་ཅིང་། དེའི་ཁོངས་ནས་བོད་མི་གྲངས་ ༡༤༠༠༠༠ ལྷག་གྲོང་ཚོ་དང་ལྷན་དུ་གནས་སྤོར་དང་། མི་གྲངས་ ༥༦༧༠༠༠ ལྷག་གི་ཁྱིམ་ཚང་རེ་རེ་བྱས་ནས་བཙན་གྱིས་གནས་སྤོར་བྱས་བཅུག་ཡོད་པས། ཕྱི་ལོ ༢༠༢༥ ལོ་བར་རྒྱ་ནག་གཞུང་གིས་གནས་སྤོར་དང་འཛུགས་སྐྲུན་གྱི་སྲིད་ཇུས་དེའི་ཁོངས་ནས་བོད་ཀྱི་འབྲོག་པ་མང་ཚོགས་ས་ཡ་ ༢།༡  ཙམ་གྱི་འཚོ་གནས་ལ་དཀའ་ངལ་དང་ཉེན་ཁ་འཕྲད་བཞིན་ཡོད་སྐོར་སོགས་གསལ་ཡོད།

 ཕྱི་ལོ་ ༡༩༥༠ ཙམ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ཤར་ཕྱོགས་ནས་བཟུང་སྟེ་བཙན་འཛུལ་བྱེད་པའི་མགོ་བཙུགས་ཏེ་སྒོ་ཟོག་སེམས་ཅན་དང་རྒྱུ་ནོར་ལོངས་སྤྱོད་བཅས་རྐུ་འཕྲོག་བཅོམ་གསུམ་ཚབས་ཆེན་བྱས་རྗེས། ཕྱི་ལོ་ ༡༩༥༨ ཙམ་ནས་བོད་མདོ་སྨད་ཕྱོགས་ཀྱི་སྡེ་བ་སོ་སོར་མཉམ་ལས་བཙུགས་ཏེ་གཞུང་བདག་གི་ཕྱུགས་ལས་གཉེར། ཕྱི་ལོ་ ༡༩༨༣ ཙམ་ནས་བཟུང་རྒྱུ་དངོས་སེམས་ཅན་བཅས་སྒེར་བདག་ཏུ་བགོས་ནས་སྡེ་བ་སོ་སོའི་སེམས་ཅན་གྱི་མང་ཉུང་ལྟར་ཁྱིམ་མིའི་མགོར་བགོས་ཡོད་པ་རེད། སྐབས་དེར་ས་གནས་རེ་ཟུང་ལ་མི་རེར་ནོར་ ༦ དང་རྟ་གཅིག ཡང་མི་གཅིག་ལ་ནོར་ ༡༠ རེ། ཡང་ས་གནས་ཁ་ཤས་ལ་མི་རེར་ནོར་ ༢༠ དང་མི་གཉིས་ལ་རྟ་གཅིག་དེ་འདྲ་ཐོབ་ཡོད་པ་རེད། དེ་བཞིན་སོ་ནམ་པར་ཞིང་ས་མི་མགོར་བགོས་ཡོད་པ་རེད།

  གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese