མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་དམག་གིས་ཧི་མ་ཅལ་མངའ་སྡེ་སློབ་ཆེན་དང་མཉམ་འབྲེལ་གྱིས། ཧི་མ་ཅལ་མངའ་ཁོངས་ཀྱི་བོད་དང་རྒྱ་གར་གྱི་ས་མཚམས་དང་དེའི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

Himachal Pradesh University (HPU), Shimla. File photo

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་དམག་མི་དང་ཧི་མ་ཅལ་གྱི་སློབ་གྲྭ་ཆེན་མོ་གཉིས་བར་འཕགས་བོད་ས་མཚམས་ཀྱི་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་ལམ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་རྒྱུའི་གྲོས་མཐུན་གན་རྒྱ་ཞིག་བཞག་ཡོད་ཅིང་། ཞིབ་འཇུག་ལས་དོན་འདི་ནི་བོད་དང་ས་འབྲེལ་ཡོད་པའི་བྱེ་བྲག་ཧི་མ་ཅལ་མངའ་ཁོངས་ཀྱི་ས་མཚམས་ཁོ་ནར་དམིགས་ཤིང་། ཧི་མ་ཅལ་མངའ་སྡེ་སློབ་ཆེན་གྱིས་ལས་དོན་འདིའི་མགོ་མཇུག་ཡོངས་ལ་འགན་འཁུར་རྒྱུ་དང་འགྲོ་གྲོན་ཡོངས་རྒྱ་གར་དམག་གིས་གཏོང་གི་འདུག

ཧི་མ་ཅལ་སློབ་ཆེན་གྱིས་ཞིབ་འཇུག་ལས་དོན་དེ་དང་འབྲེལ་བའི་ལམ་སྟོན་གནང་བ་ལྟར་ན། འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་གྱི་ཞིབ་འཇུག་ནང་།  ལོ་རྒྱུས་ཡིག་ཚགས་དང་། ས་ཁྲ་ཞིབ་འཇུག་གི་སྙན་ཐོ། དཀྱིལ་དགོན་པ་དང་ཏ་བོ་ཆོས་འཁོར་རམ་དཔལ་ལྡན་བཀྲ་ཤིས་བད་ེགནས་གཙུག་ལག་ཁང་(Tabo)སོགས་ས་མཚམས་དང་འབྲེལ་བའི་དགོན་པ་ཁག་གི་ལོ་རྒྱུས། ཚོང་འབྲེལ་ལམ་ཡིག་དང་འགྲིམས་འགྲུལ་ཀྱི་ལམ་ཡིག ད་དུང་ས་གནས་ཀྱི་ཡོང་འབབ་ཐོ་གཞུང་། ལོ་རྒྱུས་ཁྲོད་ཀྱི་འགྲོ་ལམ་དང་དེའི་བེད་སྤྱོད་བྱེད་ཕྱོགས་སོགས་དགོས་ཀྱི་ཡོད་པ་མ་ཟད། ཞིབ་འཇུག་གི་ལས་དོན་ནང་དགོན་པའི་གྲྭ་བ་དང་མི་རབས་རྒན་པ། ཆོས་དཔོན་དང་བོད་མི་སྐྱབས་བཅོལ་བ་བཅས་ལ་བཅར་འདྲི་དང་། ཚོང་ལམ་དང་གནས་སྐོར། མི་རིགས་མཉམ་འདྲེས་གཉེན་སྒྲིག་བྱས་པའི་མི་སོགས་ལ་ངག་ཐག་བཅར་འདྲི་བྱེད་དགོས་ཀྱི་འདུག་ཅིང་། ས་གནས་དང་མིའི་མིང་སོགས་ཡུལ་སྐད་དང་བོད་སྐད། ལེགས་སྦྱར་སྐད་གང་ཡིན་གསལ་འདོན་དགོས་པ། ས་ཁྲའི་འགྱུར་ལྡོག་དང་སྐད་བརྡའི་འགྱུར་ལྡོག་སོགས་ལ་ཞིབ་འཇུག་གིས་ས་ཁུལ་གང་རུང་ཞིག་ཏུ་རིག་གཞུང་སོགས་ཀྱིས་ཤུགས་རྐྱེན་ཇི་ལྟར་ཐེབས་དང་ཐེབས་མུས་ཡིན་པ་གསལ་འདོན་བྱ་དགོས་སྐོར་སོགས་བརྗོད་འདུག

དམིགས་བསལ་ཞིབ་འཇུག་ལས་དོན་དེའི་གྲོས་འཆར་གྱི་སྒྲོམ་གཞིའི་དགོས་ངེས་ནང་། དགོན་པའི་དངོས་ཟོག་གི་ཐོ་གཞུང་དང་དཔེ་རྙིང་། ཚོང་ཟོག ཁང་ཁྱིམ། འདུ་ཁང་དང་ལྷ་ཁང་གི་བཟོ་བཀོད་སོགས་ཀྱི་སྒྱུ་རྩལ་འདྲ་མཚུངས་ལ་བརྟག་དཔྱད་བྱེད་པ་དང་། ཧི་མ་ཅལ་གྱི་སྤྱི་ཚོགས་དང་བོད་ཀྱི་དགོན་སྡེ་དབར་གྱི་འབྲེལ་བ་མཚོན་པའི་དགོན་པའི་སྦྱིན་བདག་དང་གནས་སྐོར་གྱི་ལམ་ཐིག་སྟོན་པའི་འབྲེལ་ལམ་ལ་དབྱེ་ཞིབ། དེ་བཞིན་དཔྱད་གཞི་དང་པོའི་ལོ་རྒྱུས་ཀྱི་ལྟེ་གནས་ཡིག་མཛོད་དང་། ས་ཁྲ། ངག་རྒྱུན། དངོས་རྫས་རིག་དངོས་བཅས་ལ་བརྟེན་ནས་ཡིད་ཆེས་རུང་བའི་འགྲེལ་བརྗོད་མ་བྱས་གོང་། ས་གནས་ཀྱི་སྤྱི་ཚོགས་དང་། བོད་མི་སྐྱབས་བཅོལ་བ་དང་དགོན་པའི་དབང་འཛིན་ལས་ཁུངས་དང་མཉམ་དུ་བཟོས་པའི་ལོ་རྒྱུས་ཀྱི་འགྲེལ་བརྗོད་བྱེད་སྟངས་དང་། ཧི་མ་ཅལ་མངའ་སྡེ་གཞུང་གི་རིག་གཞུང་སྲུང་སྐྱོབ་དང་། རྒྱུན་གནས་ཐུབ་པའི་ས་མཚམས་ཀྱི་ཡུལ་སྐོར་སྤྲོ་འཆམ། འཚོ་རྟེན་བཅས་དང་འབྲེལ་བའི་སྲིད་བྱུས་ཁག་ལ་བསྟུན་དགོས་སྐོར་ནན་བཤད་བྱས་འདུག

ཧི་མ་ཅལ་སློབ་ཆེན་གྱི་རིག་བདག་གཞོན་པ་སྐུ་ཞབས་མ་ཧཱ་ཝིར་སིངྷ་ལགས་ཀྱིས། ང་ཚོས་རྒྱ་གར་གྱི་དམག་མི་དང་ལྷན་དུ་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱེད་པའི་གྲོས་མཐུན་བཞག་པ་ཡིན། ཞིབ་འཇུག་འདིའི་མགོ་མཇུག་ཡོངས་སློབ་ཆེན་གྱི་འཆར་འགོད་དང་དགེ་རྒན་གྱི་ལས་དོན་སྡེ་ཚན་ལ་འགན་བཅོལ་ཡོད། ཅེས་བརྗོད་འདུག་པ་དང་། ད་ལྟ་ཧི་མ་ཅལ་སློབ་ཆེན་གྱིས་སློབ་གྲྭའི་སྡེ་ཚན་ཁག་གི་འགན་འཛིན་རྣམས་བརྒྱུད་དགེ་རྒན་ཚོས་གང་མགྱོགས་ཞིབ་འཇུག་གི་ལས་གཞི་འཆར་འབུལ་ཞུ་དགོས་པའི་སྐུལ་མ་བྱེད་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Photo Credit: tibet.net
Mobile App

སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་གསར་པ་དྲུག་གིས་ལས་འཁུར་དམ་འབུལ་ཞུས།

སྐར་མ ༤༥ སྔོན་ལ།
TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese