མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་ཀྱིས་བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མིའི་དཀའ་ངལ་སེལ་རོགས་བྱ་དགོས་པའི་འབོད་སྐུལ་གནང་།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལྷོ་ཨེ་ཤེ་ཡ་དང་དབུས་ཨེ་ཤེ་ཡའི་དྲུང་ཆེ་གཞོན་པ་སྐུ་ཞབས་སཱ་མིར་པུལ་ཀཱ་པུར་ (Samir Paul Kapur) ལགས་བལ་ཡུལ་རྒྱལ་ཁབ་ནང་འཚམས་གཟིགས་ཕེབས་ཏེ། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཁཱ་ནལ་ (Shishir Khanal )་དང་། དཔལ་འབྱོར་བློན་ཆེན་སི་ཝིར་ནིམ་ཝ་གྷལ་(Swarnim Wagle)་གཉིས་དང་མཇལ་འཕྲད་ཀྱིས་ཨ་རི་དང་བལ་ཡུལ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་། མ་འཇོག་འཛུགས་སྐྲུན་སོགས་ཐོག་བགློ་གླེང་གནང་ཡོད་པ་མ་ཟད།སྐབས་དེར་བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཐོག་བལ་ཡུལ་གཞུང་གིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་ཀྱིས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཁཱ་ནལ་ཐུག་འཕྲད་བྱེད་སྐབས། བལ་ཡུལ་ནང་གི་བོད་མི་རྣམས་ལ་བལ་ཡུལ་གཞུང་གི་ཡིག་ཆའི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པས།  ད་ལྟའི་ཆར་བོད་མི་རྣམས་ཀྱིས་དངུལ་ཁང་བེད་སྤྱོད་བྱེད་ཕྱོགས་དང་། ཚོང་ལས་གཉེར་ཕྱོགས། སྨན་ཞབས་ཀྱི་སློབ་གཉེས་སོགས་ཀྱི་ལས་ཀ་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད། དེ་བཞིན་བལ་ཡུལ་གཞུང་གིས་བོད་མི་རྣམས་ཀྱི་དཀའ་ངལ་ཐོག་རོགས་སྐྱོར་བྱ་དགོས་པའི་འབོད་སྐུལ་གནང་འདུག

སྐབས་དེར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་མཆོག་གིས། བོད་མི་སྐྱབས་བཅོལ་བའི་གནད་དོན་ནི་བལ་ཡུལ་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་འབྲེལ་བ་ཡོད་པ་རེད། བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་མི་ཆོས་རིང་ལུགས་ཀྱི་རྨང་གཞིའི་ཐོག་ནས་སྣེ་ལེན་བྱེད་བཞིན་ཡོད། མ་འོངས་བའང་མུ་མཐུད་དུ་དེ་ལྟར་བྱ་རྒྱུ་ཡིན། ཅེས་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་ཟླ་འདིའི་ཕྱི་ཚེས་ ༧ ཉིན་བལ་ཡུལ་དུ་གནས་སྡོད་རྒྱ་ནག་གཞུང་ཚབ་པ་ཀྲང་མོ་མིང་(Zhang Maoming) དང་བལ་ཡུལ་ཕྱི་སྲིད་བློན་ཆེན་ཤི་ཤལ་ཀ་ནལ་གཉིས་ཐུག་འཕྲད་བྱེད་སྐབས། བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་བལ་ཡུལ་གཞུང་གིས་ཕྱི་སྲིད་ལ་བཟུང་བའི་རྩ་ཁྲིམས་གཏན་འབེབས་བྱས་ཡོད་པ་ལྟར། ང་ཚོས་མུ་མཐུད་དུ་རྩ་དོན་གྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ང་ཚོའི་ལངས་ཕྱོགས་སྔར་བཞིན་རང་འཇགས་ཡིན། རྒྱ་ནག་ཚུད་པའི་རྒྱལ་ཁབ་གཞན་གང་ལའང་ང་ཚོའི་ས་ཁོངས་བེད་སྤྱོད་གཏོང་དུ་འཇུག་རྒྱུ་མིན་ཡང་། ང་ཚོས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

བལ་ཡུལ་དུ་གནས་སྡོད་རྒྱ་ནག་གཞུང་ཚབ་པས། བལ་ཡུལ་གཞུང་གིས་བལ་ཡུལ་དུ་གནས་སྡོད་བོད་མིའི་གནས་བབ་རྒྱུས་ལོན་ཐོ་འགོད་བྱ་དགོས་པ་མ་ཟད། བོད་དང་ཐའེ་ཝན་གྱི་གནད་དོན་རིགས་ལ་ཚོད་འཛིན་ནན་མོ་དང་། འདི་ལོའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྲིད་སྐྱོང་གི་ལས་ཡུན་གཉིས་པའི་དམ་འབུལ་དེ་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་དབུལ་འཆར་ཡོད་པས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་ནང་སྲིད་བློན་ཆེན་མཆོག་དམ་འབུལ་མཛད་སྒོར་གདན་ཞུ་གནང་སྲིད་པ་ཞིག་ཡིན་པས། སྔ་ས་ནས་དོགས་གཟོན་གནང་དགོས་ལུགས་སོགས་བཤད་ཡོད་འདུག

སྤྱིར་འདི་ལོའི་བལ་ཡུལ་གྱི་འོས་བསྡུའི་ཁྲོད་རང་བཙན་སྲིད་དོན་ཚོགས་པར་(RSP)འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་བལ་ཡུལ་གཞུང་གསར་པས་ལས་ཁུར་བྱས་རྗེས།རྒྱ་ནག་གཞུང་གིས་མུ་མཐུད་དུ་བལ་ཡུལ་གཞུང་གསར་པར་མཉམ་ལས་བྱ་འདུན་ཡོད་ལུགས་སོགས་བཤད་ཡོད་པའི་ཁར།  རྒྱ་ནག་གཞུང་གིས་འཐབ་ཇུས་ཀྱི་ཁེ་ཕན་དང་མ་འཇོག དེ་བཞིན་བལ་ཡུལ་ནང་ཚོང་དོན་དང་ཡུལ་སྐོར་གྱི་ཁྱབ་རྒྱ་ཇེ་ཆེར་གཏང་རྒྱུ་དང་།   རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར། དེ་བཞིན་སྔོན་ཆད་ཀྱི་གྲོས་མཐུན་ཁག་སྲུང་སྐྱོབ་བྱེད་ཆེད་དུ་བལ་ཡུལ་ནང་སྐུ་ཚབ་ཚོགས་ཆུང་དང་འཐུས་མི་སོགས་ཆེད་དུ་མངགས་ནས། བལ་ཡུལ་གཞུང་གསར་པའི་མགོ་ཁྲིད་དང་གནད་ཡོད་མི་སྣ་སོགས་དང་ཐུག་འཕྲད་བྱེད་ཀྱིན་ཡོད་འདུག

འདས་ལོའི་ཕྱི་ཟླ་བཅུ་གཉིས་ནང་། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཟུར་པ་ཁྲན་སོན་ཟེར་བས། བལ་ཡུལ་གྱི་བར་བརྒལ་སྲིད་བློན་ཟུར་པ་ལྕམ་སོའུ་ཤི་ཀར་ཀི་མཆོག་ལ་ཐུག་འཕྲད་གནང་སྐབས་ཀྱང་། བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མི་དང་བལ་བོད་མཐའ་མཚམས་ཀྱི་ས་གནས་ཁག་ཏུ་བོད་དོན་དང་འབྲེལ་བའི་ལས་དོན་རིགས་མི་གཉེར་སླད་དོགས་གཟོན་བྱ་དགོས་ལུགས་བཤད་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese