མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་ཁྲིམས་ལས་འགལ་བའི་བོད་ནང་མི་རིགས་རྩ་གཏོར་དང་སྡེབ་གསོད་བྱེད་ཀྱི་ཡོད་མེད་ཞིབ་འཇུག་བྱས་ཏེ་ཨ་རིས་རྒྱ་ནག་ཉེས་ཆད་གཅོད་དགོས་པའི་ཁྲིམས་འཆར་བཏོན།

US Lawmakers introduced Tibet Atrocities Determination Act. Photo Credit: IANS

དེ་རིང་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གིས། ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་འདུག་ཅིང་། ཁྲིམས་འཆར་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་གིས་བོད་མི་རིགས་རྩ་གཏོར་རམ་སྡེབ་གསོད་ཀྱི་རྒྱལ་སྤྱིའི་ཉེས་ཁྲིམས་དང་འགལ་ཡོད་མེད་དབྱེ་ཞིབ་བྱ་དགོས་ཀྱི་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དོན་ལ་འགལ་བའི་ཉེས་སྐྱོན་བཟོས་ཡོད་ཚེ། ཨ་རིས་རྒྱ་ནག་ལ་ཐོངས་མཆན་བཀག་སྡོམ་དང་ཕྱི་སྲིད་འབྲེལ་ལམ་སོགས་ཀྱི་ཐོག་ནས་ཆད་པ་ནན་མོ་གཅོད་དགོས་སྐོར་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁྲིམས་འཆར་དེ་དང་འབྲེལ་ནས། རྒྱ་ནག་གཞུང་ལ་དུས་ནས་དུས་སུ་གནོན་ཤུགས་སྤྲད་དེ། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་གཏོར་རམ་སྡེབ་གསོད་བྱེད་ཀྱི་ཡོད་མེད་ལ་ཞིབ་འཇུག་བྱས་ཏེ། ད་ནས་རྩིས་པའི་ལོ་གཅིག་གི་ནང་ཚུད་དུ་གྲོས་ཚོགས་ལ་ཞིབ་འཇུག་གྲུབ་དོན་སྙན་གསེང་ཞུ་དགོས་ཀྱི་འདུག

ཁྲིམས་འཆར་ངོ་སྤྲོད་གནང་མཁན་སྐུ་ཞབས་རིག་སི་ཀོ་ཊི་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དམར་གསོད་ཀྱི་ནག་ཉེས་བསགས་ཡོད། དེ་ལ་གཡོལ་ཐབས་མེད། ལམ་ལུགས་ལྡན་པའི་དམར་གསོད་དང་། མནར་གཅོད། བཙན་ཤེད་ཀྱིས་ཕྲུ་གུ་མེད་པར་བཟོ་བ་དང་གནས་སྤོ་བྱེད་པ། བོད་མི་རིགས་ལ་གཉའ་གནོན་དང་མི་ཆོས་ལ་འགལ་བའི་ཉེས་པ་མང་པོ་བཏང་ཡོད་ཅེས་བརྗོད་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་ཧྥི་མར་ཁེ་ལེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་དུ་འཇིགས་སྐུལ་དང་རིག་གཞུང་རྩ་མེད་གཏོང་བ། བྱིས་པ་ཁ་བྲལ་གཏོང་བ། བཙོན་འཇུག་བྱེད་པ་དང་མནར་གཅོད་གཏོང་བ་སོགས་ལ་ཨ་རི་ཁུ་སིམ་མེར་སྡོད་མི་ཐུབ། རྒྱ་ནག་གཞུང་གིས་མུ་མཐུད་རྒྱལ་སྤྱིའི་ཁྲིམས་འོག་གི་བོད་མིའི་ཐོབ་ཐང་ལ་སྣང་མེད་གཏོང་བཞིན་ཡོད་པས། ང་ཚོས་ཉེས་པ་འདི་དག་སྣང་མེད་དུ་འཇོག་མི་རུང་བ་གསལ་པོ་བཟོ་དགོས་ཞེས་བརྗོད་འདུག་པ་མ་ཟད། ཨ་རིས་རྒྱ་ནག་ཁྲིམས་འགལ་གྱི་བྱ་སྤྱོད་དག་ལ་ངེས་པར་དུ་ལན་འདེབས་དགོས་པར་བཤད་འདུག

ཁྲིམས་འཆར་དེའི་ནང་གཏན་འབེབས་བྱས་པའི་གནད་དོན་ཁག་གསལ་འདོན་བྱས་ཡོད་ཅིང་། དེ་དག་ལས་གལ་གནད་ཅན་ཁག་ཅིག་ནི། ལམ་ལུགས་ལྡན་པའི་དམར་གསོད་དང་ལུས་སེམས་གཉིས་ལ་ཚབས་ཆེའི་གནོད་སྐྱོན།  དེ་བཞིན་གཞི་རྩའི་དགོས་མཁོ་མེད་པ་བཟོ་བ་དང་བཙན་དབང་གིས་གནས་སྤོ་བྱེད་པའི་སྲིད་ཇུས་བརྒྱུད་ནས་མི་འབོར་རྩ་གཏོར་གྱི་སྲིད་ཇུས་སོགས་ཀྱི་དཔང་རྟགས་བསྡུ་ལེན་བྱེད་དགོས་ཀྱི་འདུག་ལ། ད་དུང་བཙན་གྱིས་མངལ་སྦྲུམ་མེད་པར་བཟོ་བ་དང་། རྒྱ་ནག་གི་མི་སེར་སྤེལ་བའི་སློབ་གྲྭའི་ལམ་ལུགས་འོག་བོད་ཀྱི་བྱིས་པ་བཙན་གྱིས་གནས་སྤོ་བའི་བྱ་ཐབས་ལ་ཞིབ་འཇུག་བྱེད་དགོས་པ་བརྗོད་ཡོད།

ཁྲིམས་འཆར་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་གཞི་རྟེན་ཡོད་པའི་དཔང་རྟགས་ཀྱི་ཞིབ་ཕྲ་བཀོད་པའི་སྙན་ཐོ་ཞིག་འབུལ་དགོས་པ་དང་།  དེའི་ནང་དུ་བོད་ཀྱི་ནང་ཆོས་རྒྱ་བསྒྱུར་བྱེད་པ་དང་བོད་སྐད་དང་རིག་གཞུང་ལ་གཉའ་གནོན་བྱེད་པའི་སྲིད་ཇུས་ཁག་ཚུད་དགོས་པ་མ་ཟད། གཞན་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དང་འབྲེལ་བའི་སྙན་ཐོ་དང་ཡིད་རྟོན་རུང་བའི་དཔྱད་ཞིབ་གཞན་ཁག་ནས་རྙེད་པའི་གྲུབ་དོན་ཁག་འདུས་དགོས་ཀྱི་ཡོད་འདུག

ཐེངས་འདིའི་ཁྲིམས་འཆར་དེ་ངོ་སྤྲོད་གནང་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རིག་སི་ཀོ་ཊི་ (Rick Scott) ལགས་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་མར་ཁེ་ལེ་(Jeff Merkley) ལགས་རྣམ་གཉིས་ཡིན་ཞིང་། སྐུ་ཞབས་སི་ཀོ་ཊི་ལགས་ཀྱིས་༸གོང་ས་མཆོག་ལ་ཆེ་བསྟོད་དང་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་བར་གྲོས་མོལ་སླར་གསོ་དགོས་པ། བོད་ནང་གི་ཆབ་སྲིད་བཙོན་མའི་གནས་སྟངས་ཞུ་གཏུགས་སོགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་རྩེད་འགྲན་འཚོགས་སྐབས། ཁོང་གིས་རྒྱ་ནག་གཞུང་ནི་འཛམ་གླིང་ནང་རང་དབང་རྡོག་རོལ་གཏོང་མཁན་དང་དམིགས་བསལ་བོད་མིར་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ནན་མོ་བྱས་ཡོད་འདུག དེ་བཞིན། སྐུ་ཞབས་ཇེ་ཧྥི་མར་ཁེ་ལེ་ལགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ངོ་སྤྲོད་གནང་སྟེ། ལོ་དེའི་ཟླ་ ༧ པར་དངོས་སུ་ཨ་རིའི་ཁྲིམས་ལ་བསྒྱུར་ཡོད་ཅིང་། ཕྱི་ལོ་ ༢༠༢༥ ལོར་ཁོང་གིས་༸གོང་ས་མཆོག་གི་འཁྲུངས་སྐར་ནི་བྱམས་བརྩེའི་ཉིན་མོ་སྲུང་གཙི་དགོས་པའི་ཁྲིམས་འཆར་བཏོན་ཏེ་དངོས་སུ་ཨ་རིའི་ཁྲིམས་ཆགས་ཡོད། དེ་བཞིན། ཁོང་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཇིམ་མག་གྷོ་ཝན་ལགས་དང་མཱེ་ཁལ་མཱ་ཁོལ་སོགས་དང་ལྷན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༦ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༦ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese