མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཟུང་འབྲེལ་ཐོག་བོད་ཀྱི་ཡིག་གཟུགས་ཀྱི་འགྲེམས་སྟོན་ཞིག་བྱེད་ཀྱིན་ཡོད་ཅིང་། ཡིག་གཟུགས་དེ་དག་གི་ཁྲོད། གཟབ་ཆེན་གཟབ་ཆུང་དང་། འབྲུ་ཆེན། འབྲུ་ཆུང་། འཁྱུག་བྲིས། སྡེབ་བྲིས། ཚུགས་རིང་། ཚུགས་ཐུང་སོགས་འདུག

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་དང་འབྲེལ་ནས་དཔལ་སྤུངས་ཤེས་རབ་གླིང་མཐོ་སློབ་ཀྱི་རིག་གནས་ཆེ་ཆུང་ཚན་པའི་འགན་འཛིན་དང་དགེ་རྒན་ཀརྨ་དབང་གྲགས་ལགས་ཀྱིས་འདི་གའི་གསར་འགོད་པར།  དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཁང་གིས་རེ་སྐུལ་ཞུས་པ་ལྟར། གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། རྩ་བའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དེ་ཀུན་མཁྱེན་སི་ཏུ་པཎ་ཆེན་གྱི་སྐབས་ལ་བོད་ཀྱི་རིག་པའི་གནས་བཅུ་ཡི་ལྟེ་གནས་ཆེན་པོ་ཞིག་ཆགས་ཡོད་རེད། ད་ལྟའང་འཇམ་མགོན་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་མཆོག་གིས་སི་ཏུ་པཎ་ཆེན་གྱི་མཛད་པ་རྒྱུན་སྐྱོང་གི་ཐོག་ནས། གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བོད་ཀྱི་ཆོས་རིག་དང་ཡིག་གཟུགས་སོགས་ལ་ལོ་མང་སྔོན་ནས་བསླབ་པ་སློབ་གཉེར་དང་། ན་ནིང་༧རྒྱལ་བའི་གོ་སྟོན་དང་སྟབས་བསྟུན་ནས་དཔལ་སྤུངས་ཤེས་རབ་གླིང་དུ་ཡིག་གཟུགས་ཀྱི་འགྲན་བསྡུར་དང་འགྲེམས་སྟོན་ཆེན་པོ་ཞིག་འཚོགས་ཡོད་སྟབས། ད་ལན་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པ་རེད། ད་ལན་གྱི་འགྲེམས་སྟོན་འདིའི་ནང་བོད་ཀྱི་ཡིག་གཟུགས་ལ་དབྱེ་ན་གསུམ་སྟེ། གཟབ་མ། འབྲུ་མ། བཤུར་མ་བཅས་ཀྱི་ཁོངས་སུ་བསྡུས་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། གཟབ་མ་ལ་གཟབ་ཆེན་གཟབ་ཆུང་དང་། འབྲུ་ཆེན། འབྲུ་ཆུང་། འཁྱུག་བྲིས་སོགས་ཡིག་གཟུགས་དྲུག་ཙམ་འགྲེམས་སྟོན་བྱས་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། བོད་ཀྱི་སྐད་ཡིག་གི་ཆེས་གཉན་ཕྲང་ཅན་གྱི་དུས་སྐབས་འདིར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ནང་ཕེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་རྩ་བ་དགོན་སྡེ་དང་ཆོས་སྡེ་ཁག་གསར་འཛུགས་གནང་ཡོད་པ་ལ་བརྟེན་ནས། ད་ལྟ་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་གསོན་པོར་གནས་པར་བཀའ་དྲིན་ཆེ་ཤོས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆགས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་འོག་ནས་འཇམ་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་ཀྱང་༧མགོན་པོ་གང་གི་ཐུགས་དགོངས་སྒྲུབ་སླད། སྔར་གྱི་ལོ་རྒྱུས་སོགས་གཞི་ལ་བཞག་ནས་གདན་སའི་ནང་ཆོས་དང་རིག་གཞུང་གི་ཐོག་ཏུ་འབད་བརྩོན་བྱས་དང་བྱེད་བཞིན་པ་ལྟ་བུ་ཞིག་རེད་ལ། དེ་ལན་གྱི་འགྲེམས་སྟོན་དེའང་དེའི་ཆ་ཤས་ཤིག་རེད། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་། ཡིག་གཟུགས་དེའང་ཡི་གེ་བྲི་རྒྱུ་ཁོ་ན་མིན་པར། བོད་སྨྱུག་དང་བོད་ཤོག་བཟོ་སྟངས། བོད་ཀྱི་ཡིག་གཟུགས་ཀྱི་རྣམ་གྲངས་མང་པོ་དང་ཆ་ཤས་སོགས་གཏིང་ཟབ་པོ་ཡོད་པ་རྣམས་ལ་སློབ་གཉེར་གནང་ན། བོད་ཀྱི་རིག་གཞུང་ཕྱུག་པོ་ཡིན་པ་ཤེས་རྟོགས་བྱུང་བའི་ཁར། ཉག་ཕྲ་བའི་དུས་སྐབས་འདིར་འགྲེམས་སྟོན་འདི་བརྒྱུད་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་ངེས་ཤེས་ཤིག་རྙེད་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

དཔལ་སྤུངས་ཤེས་རབ་གླིང་མཐོ་སློབ་ཀྱི་རིག་གནས་ཆེ་ཆུང་ཚན་པའི་འགན་འཛིན་ཀརྨ་དབང་གྲགས་ལགས་དང་། དེང་དུས་ཀྱི་གློག་རྡུལ་ཡིག་གཟུགས་འབྲི་མཁན་ཇོ་ཌི་བྷི་ཌི་མེག་ཀར་( Jo De Baerdemaeker)ལགས། ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་པར།

ཁོང་གིས་སྡེ་དགེ་པར་ཁང་ཆེན་མོའི་སྐོར་ལ་ངོ་སྤྲོད་གནང་བ་ལྟར་ན། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་ལགས་ཀྱིས་སྡེ་དགེ་པར་ཁང་གསར་འཛུགས་གནང་སྟེ། ༧རྒྱལ་བའི་བཀའ་འགྱུར་གྱི་ལས་དོན་རྣམས་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་གནང་དགོས་པའི་རེ་སྐུལ་ཞུས་པ་ལྟར། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་མཆོག་གིས་བོད་ཁམས་ཡོངས་ནས་ཡིག་གཟུགས་མཁན་མི་གྲངས་བཞི་བཅུ་ལྷག་གདན་དྲངས་སྟེ། བོད་ཀྱི་ཡིག་གཟུགས་ཀུན་གྱི་ལེགས་བྱ་བླངས་ནས། བོད་ཀྱི་སྡེབ་བྲིས་ཡིག་གཟུགས་ཞེས་པ་ཞིག་གཏན་འབེབས་གནང་བ་མ་ཟད། སྡེ་དགེ་པར་ཁང་གི་༧རྒྱལ་བའི་བཀའ་འགྱུར་རྣམས་སྡེབ་བྲིས་ཀྱི་ལུགས་བྱས་ནས་པར་ཤིང་དུ་བརྐོས། ད་ལན་བོད་ཀྱི་འགྲེམས་སྟོན་ཁང་དང་དཔལ་སྤུངས་ཤེས་རབ་གླིང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་འགྲེམས་སྟོན་དུའང་སྡེ་དགེ་པར་ཁང་གི་པར་ཤིང་ངོས་ཀྱིས་ཡིག་བརྐོས་རྣམས་ཀྱང་འགྲེམས་སྟོན་བྱས་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལྟར་ན། ས་བྱ་ལོ་སྟེ་ཕྱི་ལོ་ ༡༧༢༩ ལོར་དགེ་སྡེ་པར་ཁང་དུ་༧རྒྱལ་བའི་བཀའ་འགྱུར་དངོས་སུ་བཞེངས་ཏེ་བཞུགས་སུ་གསོལ་ཡོད་སྟབས། པར་ཤིང་དེ་དག་བཟོ་བསྐྲུན་བྱས་ནས་ཉུང་མཐར་མི་ལོ་ ༢༩༧ ལྷག་འགྲོ་མུས་ཡིན་པ་རེད། 

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས།  དེ་རིང་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་གཙི་ཞུས་དང་ཞུ་མུས་རེད་ལ། ཉིན་མོ་དེ་ནི་བོད་ནང་ཤེས་ཡོན་པ་དག་གི་བར་གོ་བསྡུར་བྱུང་རྗེས། བོད་ཡིག་ལ་དབྱངས་བཞི་དང་གསལ་བཤད་སུམ་ཅུ་ཡོད་པ་ལ་བརྟེན་ནས། ཕྱི་ཟླ ༤ ཚེས་ ༣༠ ཉིན་མོ་དེ་བོད་ཀྱི་ཡིག་གཟུགས་ཉིར་མོར་སྲུང་གཙི་ཞུ་ཡི་ཡོད་པ་རེད། བོད་ཀྱི་སྐད་ཡིག་དེ་བྱུང་ནས་མི་ལོ་གཅིག་སྟོང་སུམ་བརྒྱ་ལྷག་ཅིག་འདས་ཡོད་པས།  ལོ་རྒྱུས་ཐོག་ནས་བལྟས་ཀྱང་ལོ་རྒྱུས་རིང་པོ་དང་བོད་ཀྱི་ངོ་བོ་མཚོན་ཐུབ་པའི་སྐད་ཡིག་གལ་ཆེན་ཞིག་ཆགས་ཡོད་རེད། ད་ལན་དམིགས་བསལ་གྱི་འགྲེམས་སྟོན་སྟེང་གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་དེང་དུས་ཀྱི་གློག་རྡུལ་ཡིག་གཟུགས་འབྲི་མཁན་ཇོ་ཌི་བྷི་ཌི་མེག་ཀར་( Jo De Baerdemaeker)ལགས་བཅས་དང་ཟུང་འབྲེལ་བྱས་ནས་ཉིན་གྲངས་གཉིས་རིང་གི་ལས་གཞི་ཞིག་བརྩམས་ཡོད། འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་དེ་གནའ་དེང་གཉིས་ཀ་ཟུང་འབྲེལ་གྱི་ཐོག་ནས། ནམ་རྒྱུན་ནས་ལས་ཀ་ག་རེ་བྱས་ཀྱང་མི་རབས་རྒན་གཞོན་གཉིས་ཀྱི་ཟམ་པ་ལྟ་བུ་ཞིག་མཚོན་ཐབས་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་། སྐུ་སྐབས་ཇོ་ཌི་བྷི་ཌི་མེག་ཀར་ལགས་ནི་གློག་རྡུལ་ཡིག་གཟུགས་བཟོ་སྐྲུན་མཁན་ཞིག་ཡིན་ཞིང་། གློག་རྡུལ་ནང་བོད་ཀྱི་ཡིག་གཟུགས་བཟོ་སླད་ཐེངས་གཉིས་བོད་ལ་ཕྱིན་ནས་བོད་ཡིག་གློག་རྡུལ་ཡིག་གཟུགས་བཟོ་ཡི་ཡོད་སྐོར་སོགས་བརྗོད་བྱུང་།

བོད་ཀྱི་ཚོང་དཔོན་ཆེན་མོ་པདྨ་དབང་ཆེན་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་གསུམ་ལ་རྒྱ་སྒོར་ཁྲི་ ༧༨ སྤྲད་ནས་ཉོས། ༢༠༢༦།༤།༣༠

དེ་བཞིན་དེ་རིང་བོད་ནང་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་གཙི་ཞུ་མུས་ཡིན་པ་དང་བསྟུན། སྐབས་གསུམ་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར་གྱི་གཟེངས་སྟོད་མཛད་སྒོ་ཞིག་ཁྲིན་འདུ་རུ་འཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བོད་ཀྱི་ཚོང་དཔོན་ཆེན་པོ་དང་ཨ་རོགས་བོད་པ་ཚོང་ལས་ཁང་གི་སྦྱིན་བདག་པདྨ་དབང་ཆེན་ལགས་ཀྱིས། རིང་ཚད་ལ་མི་ཊར་གཉིས་ཙམ་རེ་ཡོད་པའི་བཀྲ་ཤིས་བདེ་ལེགས་སོགས་བྲིས་པའི་ཤོག་ངོས་རེ་རེར་རྒྱ་སྒོར་ཁྲི་ ༢༦ རེ་སྤྲད་ནས་ཁྱོན་ཤོག་ངོས་གསུམ་ལ་རྒྱ་སྒོར་ཁྲི་ ༧༨ སྤྲད་ནས་ཉོས་རྗེས། ཁོང་གིས་སྡིངས་ཆའི་སྟེང་ནས་སྐད་གསེང་མཐོན་པོས། བོད་ཡིག་འདི་ནི་ང་ཚོར་མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དཀའ་ལས་བརྒྱབ་ནས་བཞག་པའི་རིག་གནས་ཤིག་རེད། ལོ་ཆུང་བ་རྣམས་ཀྱིས་རྒྱུན་འཛིན་བྱ་རྒྱུ་ནི་མེས་པོ་གོང་མ་རྣམས་ལ་དྲིན་ལན་འཇལ་བའི་ཆེས་ལེགས་སྐྱེས་ཡག་ཤོས་དེ་རེད། ཅེས་བརྗོད་འདུག་ལ། ཁོང་གི་སྐད་ཆ་དེ་བོད་ནང་གི་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེན་པོ་འགྲོ་བཞིན་འདུག  

དེ་བཞིན་འདི་ལོའི་སྐབས་གསུམ་པའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར་ཁྲོད། ཕུན་ཚོགས་ཚེ་རིང་དང་། ཀ་ལེབ་གཉིས་སུ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་མ་ཟད། བཟང་པོ་དང་ཚེ་དབང་རྣམ་རྒྱལ་གཉིས་སུ་ཨང་གཉིས་པ། དེ་བཞིན་ཡོངས་འཛིན། སྐལ་ལྡན། དོན་འགྲུབ་བཀྲ་ཤིས། བསྟན་འཛིན་དབང་གྲགས། གར་དབང་རྡོ་རྗེ། བསམ་འཕེལ་བཅས་སུ་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་སོང་།

ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་བོད་ཡིག་དབྱངས་གསལ་སོ་བཞིའི་མཚོན་དོན་ལྟར་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་གནང་སྟེ་བོད་ཆོལ་ཁ་གསུམ་ནས་སྲུང་གཙི་བྱ་རྒྱུའི་ཐག་གཅོད་བྱུང་ནས། ལོ་ལྟར་ཕྱི་ཟླ ༤ ཚེས་ ༣༠ ཉིན་བོད་གཞིས་བྱེས་གཉིས་སུ་བོད་ཀྱི་ཡིག་གཟུགས་འགྲན་སྡུར་དང་། འགྲེམས་སྟོན། བོད་ཡིག་འབྲི་བ་སོགས་ཀྱི་ལམ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་གཙི་ཞུས་དང་ཞུ་མུས་ཡིན། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese