མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དང་གསར་འགོད་རང་དབང་གི་གནས་བབ་ཞན་ཤོས་ཨང་གསུམ་པ་དེ་ཡིན་པ་ཐེར་འདོན་བྱས་འདུག

gulf-insider

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་གསར་འགོད་རང་དབང་སྙན་ཐོ་བཏོན་པར་གཞིགས་ན། རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་། ཨེར་ཊི་རེ་ཡ་ (Eritrea) དང་བྱང་ཀོ་རི་ཡ་གཉིས་ཀྱི་རྗེས་ནས་རྒྱ་ནག་སླར་ཡང་འཛམ་གླིང་གི་གསར་འགོད་རང་དབང་སྐྱོ་ཤོས་ཀྱི་རྒྱལ་ཁབ་ཡིན་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་བབ་སྐོར་ལ་ཞིབ་འཇུག་བྱས་ཡོད་ཅིང་། འཛམ་གླིང་རྒྱལ་ཁབ་ ༡༨༠ ལས་རྒྱལ་ཁབ་ ༡༠༠ ཡི་གསར་འགོད་རང་དབང་གི་གནས་བབ་ཇེ་ཞན་དུ་ཕྱིན་སྟབས། ཕྱི་ལོ་ ༢༠༢༦ ལོ་ནི་འདས་པའི་ལོ་ངོ་ ༢༥ རིང་གི་གསར་འགོད་རང་དབང་སྐྱོ་ཤོས་ཀྱི་ལོ་ཞིག་ཆགས་ཡོད་འདུག་ལ། ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་གསར་འགོད་པའི་རང་དབང་ལ་རྡོག་རྫིས་གཏོང་བའི་གནས་བབ་ཚབས་ཇེ་ཆེར་འགྲོ་བཞིན་པ་ནི། གཙོ་བོ་དམག་འཁྲུག་དང་སྲིད་དབང་སྒེར་གཅོད་པའི་དབང་ཤུགས་རྒྱ་སྐྱེད། དེ་བཞིན་དམངས་གཙོའི་སྲིད་འགྱུར་གྱི་ཁྲོད་དུ་གཡོན་ཕྱོགས་རང་ལུགས་ཀྱི་དབང་ཤུགས་སྐྱེད་མུས་ཡིན་པའི་རྒྱུ་རྐྱེན་སོགས་ལས་གསར་འགོད་རང་དབང་ལ་དྲག་གནོན་ཇེ་ཆེར་ཕྱིན་ཡོད་ཅིང་། ལྷག་པར་དུ་གསར་འགོད་པའི་རང་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་སྒྲིག་དང་བདེ་འཇགས། ཆབ་སྲིད་ཀྱི་འགན་དབང་། སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་གནས་བབ་ཞན་པོར་གྱུར་ཡོད་འདུག

སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་གསར་འགོད་ལས་རིགས་ལ་བཀག་སྡོམ་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་ཚུལ་ཤེས་རྟོགས་ཐུབ་པའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཞི་ཧྭ་དང་མི་དམངས་ཉིན་རེ་ཚགས་པར། གོ་ལའི་དུས་བབ་སོགས་ཀྱིས་རྒྱ་ནག་ནང་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་གི་ཡོད་ཅིང་། རྒྱ་ནག་གི་གསར་ཁང་དག་ནི་དམར་ཤོག་ཚོགས་པའི་མགྲིན་ཚབ་ལྟ་བུ་ཡིན་པ་དང་ལྷག་པར་དུ་གསར་འགོད་པ་ཚོས་ཞི་ཅིན་ཕིན་གྱི་ལྟ་གྲུབ་ཟེར་བར་དུས་ནས་དུས་སུ་སློབ་སྦྱོང་དང་དམར་ཤོག་དགོས་དོན་ཁོ་ནར་འབད་འབུང་བྱེད་དགོས་པ་ལས། རྒྱ་ནག་གཞུང་གི་ལངས་ཕྱོགས་ཀྱི་ཁ་གཏད་དུ་གྱུར་བའི་གནས་ཚུལ་འགོད་མཁན་གྱི་གསར་ཁང་དང་གསར་འགོད་པ། མི་སྒེར་དང་རྩོམ་པ་པོ་སོགས་ཀྱིས་རང་དབང་གི་གནས་ཚུལ་སྤེལ་བར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་ལ། འདས་ལོ་གཅིག་རིང་རྒྱ་ནག་གཞུང་གིས་གསར་འགོད་པ་ཁྱོན་ ༡༡༣ འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༦ ལོའི་གསར་འགོད་རང་དབང་ཡག་ཤོས་ཀྱི་རྒྱལ་ཁབ་ལྔ་ནི་ནོ་ཝེ་དང་དེ་ནས་ནེ་ཐི་ལན་ཌི། ཨེ་སི་ཊོ་ནེ་ཡ་དང་ཌན་མག སི་ཝེ་ཌན་བཅས་ཡིན་ཞིང་། སྡུག་ཤོས་ལྔ་ནི་ཨེར་ཊི་རེ་ཡ་ (Eritrea) དང་བྱང་ཀོ་རི་ཡ། རྒྱ་ནག ཨི་རན་དང་སོ་ཌི་ཨ་རིབ་བྷི་ཡ་བཅས་ཆགས་ཀྱི་འདུག རྒྱ་ནག་གཞུང་འདས་པའི་ལོ་ངོ་བཞི་བསྟུད་མར་རྒྱ་ནག་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་ཡིན་པ་རེད། ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ བར་འཛམ་གླིང་ཡོངས་སུ་གསར་འགོད་པ་ཁྱོན་ ༣༣༠ བཙོན་འཇུག་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

ཆུ་ཚོད་ ༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༧ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

༢༠༢༦/༡༠/༡༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese