མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥིན་ཧི་དང་ལི་ཧྲང་ཧྥུ་གཉིས་ཀྱིས་ལྐོག་རྔན་འབོར་ཆེན་བླངས་པའི་ནག་ཉེས་འོག་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད་འདུག་ལ་ལོ་གཉིས་ཀྱི་རྗེས་སུ་ཚེ་བཙོན་དུ་འཇོག་འཆར་ཡོད་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥིན་ཧི་དང་ལི་ཧྲང་ཧྥུ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམག་དོན་ཁྲིམས་ཁང་གིས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཟུར་པ་། རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥིན་ཧི་(魏凤和)དང་ལི་ཧྲང་ཧྥུ་(李尚福)གཉིས་ཀྱིས། ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱང་གིས་སྲོག་ཁྲིམས་བཅད་ཡོད་འདུག

ཁྲིམས་ཆད་སྐོར་ལ་རྒྱ་ནག་དམག་དོན་ཁྲིམས་ཁང་ཟེར་བས། ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད་པའི་ཁར། ཆབ་སྲིད་ཀྱི་ཐོབ་ཐང་ཚེ་གང་ལ་འཕྲོག་པ་དང་། དེ་བཞིན་སྲོག་ཁྲིམས་ཕར་འགྱང་བྱས་པའི་ལོ་གཉིས་ཀྱི་དུས་ཡུན་རྫོགས་ཚར་རྗེས་ཚེ་བཙོན་དུ་འཇོག་རྒྱུ་ལས་ཁྲིམས་ཆད་གུ་ཡངས་དང་གློད་གྲོལ་གཏོང་རྒྱུ་མིན་ཚུལ་བསྒྲགས་འདུག

ཝི་ཧྥིན་ཧི་ནི་ཕྱི་ལོ་༡༩༥༤ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ལོའོ་ཆི་གྲོང་ཁྱེར་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༠ ལོར་རྒྱ་ནག་མི་མང་བཅིངས་གྲོལ་དམག་མི་ནང་ཞུགས། ཕྱི་ལོ་ ༡༩༧༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་རྒྱལ་སྲུང་ཚན་རྩལ་ཁང་གི་འཕུར་མདེལ་ཆེན་མོའི་སློབ་གྲྭ་ཆེན་མོར་སློབ་ཞུགས་བྱས་ནས་འཕྲུལ་འཁོར་གྱི་ཆེད་ལས་སྦྱངས། ཕྱི་ལོ་ ༡༩༨༤ ལོར་མེ་ཤུགས་འཕུར་མདའི་ལག་རྩལ་སློབ་གྲྭ་ནས་མེ་ཤུགས་འཕུར་མདའ་གཉིས་པའི་དམག་དཔུང་གི་བཀོད་འདོམས་སློབ་གླིང་གི་བཀོད་འདོམས་སྡེ་ཚན་གྱི་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས། མེ་ཤུགས་འཕུར་མདའ་གཉིས་པའི་དམག་དཔུང་གི་བཀོད་འདོམས་སློབ་གླིང་གི་བཀོད་འདོམས་སྡེ་ཚན་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༢༠༡༢ རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདའ་གཉིས་པའི་དམག་དཔུང་གི་སྤྱི་ཁྱབ་དཔོན་པོར་བསྐོས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༩ ཉིན་རྒྱ་ནག་རྒྱལ་སྲུང་བློན་ཆེན་དང་རྒྱལ་སྲིད་སློབ་སྟོན་པ་གཉིས་ཀར་བསྐོ་བཞག་བྱས། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༩ ཚེས་ ༢༡ ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་བྱས། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འབུད་བྱས་ཡོད་འདུག

དེ་བཞིན་ལི་ཧྲང་ཧྥུ་ནི་ཕྱི་ལོ་༡༩༨༢ ལོར་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་རྒྱལ་སྲུང་ཚན་རིག་སློབ་ཆེན་ནས་སློབ་མཐར་ཕྱིན།  ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་འཁོར་སྐར་ཚན་རྩལ་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་མི་མང་བཅིངས་འགྲོལ་དམག་གི་འཐབ་ཇུས་རྒྱབ་སྐྱོར་དཔུང་སྡེའི་དམག་དཔོན་དུ་བསྐོས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་ཆས་འཕེལ་རྒྱས་སྡེ་ཁག་གི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༢ ཚེས་༢༤ ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འཐུས་མིར་བདམས། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༨ ཚེས་ ༣༡ ཉིན་རྒྱ་ནག་དབུས་དམག་དོན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་་ཁང་གིས་ཞིབ་བཤེར་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་རྒྱ་ནག་དབུས་དམག་དོན་ཁང་གིས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞིན་པ་ཀྲང་ཡུ་ཤཱ་(zhang you xia) དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་རྒྱུན་ལས་དང་། རྒྱ་ནག་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli) གཉིས་ཁྲིམས་སྒྲིག་དང་ཚབས་ཆེན་འགལ་བའི་ནག་ཉེས་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese