མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བལ་ཡུལ་མི་མང་གི་དཀའ་ངལ་སེལ་སླད་འཛིན་སྐྱོང་བཀའ་ཤག་གི་སྲིད་ཇུས་ཤིག་གཏན་འབེབས་གནང་དགོས་སྐོར་སོགས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དང་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་མང་མོས་ཀྱི་ཐོག་ནས་བཀའ་བློན་དུ་འོས་འདེམས་བྱུང་བ་ལྟར། དེ་རིང་སྐབས་བཅོ་བརྒྱད་པའི་མདོ་སྨད་སྤྱི་འཐུས་ཀྱི་སྒུག་ཐོའི་ཁོངས་ནས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་སོང་། ཁོང་སྐབས་གསུམ་རིང་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་ཅིང་། ད་ལན་བོད་མི་མང་སྤྱི་འཐུས་སུ་འདེམས་ཐེངས་བཞི་བར་གྱུར་འདུག

དེ་རིང་དམ་འབུལ་གྲུབ་རྗེས་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་སྐབས་བཅོ་བརྒྱད་པར་འོས་འདེམས་བྱུང་བའི་མྱོང་ཚོར་དང་། མ་འོངས་པའི་འཆར་སྣང་སོགས་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། ཁོང་གིས། སྤྱིར་བཏང་ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་དང་། བཅུ་དྲུག བཅུ་བདུན་བཅས་སུ་སྤྱི་འཐུས་སུ་འོས་འདེམས་བྱུང་བ་རེད། དེ་རིང་སླར་ཡང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་གོ་སྐབས་གནང་བར། ཐོག་མར་རྒྱབ་སྐྱོར་གནང་མཁན་གྱི་མདོ་སྨད་རྒྱ་ཆེ་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙུགས་པའི་སྒྲིག་འཛུགས་དེ་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བར་བསོད་ནམས་ཆེན་པོ་ཡིན་དྲན་གྱི་ཡོད། ཅེས་དང་། བལ་ཡུལ་ནང་གི་བོད་མིའི་གནས་སྟངས་དེ་ཛ་དྲག་རེད། འདས་ལོར་བལ་ཡུལ་ནང་གནད་དོན་ཞིག་བྱུང་ནས། བལ་ཡུལ་གྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་སྤྱི་འཐུས་བཅས་སུ་མ་ཉེས་ཁ་གཡོགས་ཀྱི་གནས་ཚུལ་དེའི་རིགས་བྱུང་བ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བལ་ཡུལ་ནང་གི་གནས་སྟངས་ཛ་དྲག་རེད་ལ། བལ་ཡུལ་གྱི་བོད་མིའི་གནས་སྟངས་ལའང་བསམ་ཡུལ་ལས་འདས་པའི་ཛ་དྲག་ཡོད་རེད། བྱས་ཙང་གནད་དོན་དེའི་རིགས་གཙོ་བོ་འཛིན་སྐྱོང་བཀའ་ཤག་གིས་དཀའ་ངལ་དེ་དག་སེལ་ཐབས་སླད་སྲིད་ཇུས་ཤིག་གཏན་གཏན་དགོས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་འདི་གའི་གསར་འགོད་པས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བལ་ཡུལ་དུ་བཞུགས་ཀྱི་ཡོད་སྟབས། ད་ལན་གྱི་སྤྱི་འཐུས་ཀྱི་ལས་ཡུན་ནང་བལ་ཡུལ་གྱི་བོད་མིའི་དཀའ་ངལ་དང་འབྲེལ་ལས་དོན་ག་རེ་གཉེར་འདུན་ཡོད་མེད་དྲིས་པར། ཁོང་གིས། ང་རང་ལ་ཆ་བཞག་ན་བལ་ཡུལ་ནང་ཛ་དྲག་གི་གནས་སྟངས་བྱུང་བ་དང་། བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། འབྲེལ་ཡོད་ལྷན་ཁང་ལ་ཞུ་རྒྱུའི་རིགས་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ་ཚོ་ལ་སྙན་གསེང་ཞུ་རྒྱུ་དེ་ལས་འགན་ཡིན་པ་བཞིན་བྱས་པ་ཡིན། གཙོ་བོ་བལ་ཡུལ་ནང་གི་བོད་མིའི་དཀའ་ངལ་དེ་གསར་པ་ཞིག་མ་རེད། ཕྱི་ལོ་ ༡༩༩༥ ལོ་ཙམ་ནས་བོད་མི་རྣམས་ལ་ལག་ཁྱེར་མཚོན་པའི་དཀའ་ངལ་རིགས་མང་དག་ཅིག་བྱུང་ཡོད་ལ། དཀའ་ངལ་རྣམས་ཞིབ་ཕྲར་བཤད་པ་ཡིན་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་སླད་སྲིད་ཇུས་ཤིག་གཏན་འབེབས་བྱ་དགོས་པ་མ་གཏོགས། བལ་ཡུལ་ནང་གི་གནས་སྟངས་དེ་དངོས་གནས་ལྷིང་དུ་འགྲོ་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཅེས་གསུངས་སོང་།

སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ནི། ཕ་ཚེ་འདས་མགོ་ལོག་གསེར་རྟ་བཀྲ་ཤིས་ཟླ་བ་དང་མ་ཚེ་རིང་པདྨ་གཉིས་ཀྱི་བུ་རུ་བལ་ཡུལ་གློ་སྨོན་ཐང་དུ་སྐྱེས། ཕྱི་ལོ་ ༡༩༨༩ ལོར་མཐོ་སློབ་ཐོན་རྗེས། ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ བར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨར་ན་པུར་ན་མགྲོན་ཁང་ (Hotel Annapur-na) ནང་ལས་འགན་འདྲ་མིན་ཐོག་ལོ་ངོ་བཅུ་ལྷག་ཙམ་གྱི་ཉམས་མྱོང་ཐོབ། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་བྱས། དེ་ནས་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) གི་འགན་འཛིན་ལས་རོགས་དང་དེའི་རྗེས་གནས་སྤར་གྱི་འགན་འཛིན་ཐོག་ཞབས་ཞུ་ཞུས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ དང་ ༢༠༠༦ ནས་ ༢༠༠༨ བར་བལ་ཡུལ་ནང་སྐར་མ་གསུམ་ཅན་གྱི་མགྲོན་ཁང་གངས་ལྗོངས་ (Hotel Gangjong) དང་མ་ནང་ (Hotel Manang) གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་བྱས།

ཕྱི་ལོ་ ༢༠༠༨ ནས་ ༢༠༡༡ དང་ཡང་ ༢༠༡༤ ནས་ ༢༠༡༩ བར་རང་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྐབས་ ༡༥ དང་ ༡༦ གི་ཕྱི་འབྲེལ་འགན་འཛིན་བྱས། བལ་ཡུལ་མདོ་སྨད་སྐབས་ ༥ ནས་སྐབས་ ༡༠ པའི་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་ལས་འགན་ཐོག་སྔ་རྗེས་ཐེངས་དྲུག་བསྟུད་མར་གནང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་། ༡༦།  ༡༧ དང་། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ལས་འགན་ཞུ་མུས་ཡིན།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༧ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese