མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ ནང་ཁུང་ཙིའི་སློབ་གསོ་སློབ་ཁྲིད་ལག་བསྟར་བྱས་ཡོད་ཅིང་། དེ་ནི་ཡོངས་གྲགས་ཀྱི་ཐོག་ནས་བོད་ནང་དུ་ཁུང་ཙིའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་ཐོག་མར་གྱུར།

རྒྱ་ནག་གཞུང་གིས་ཀྲུང་ཧཱ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་ཟེར་བའི་མིང་འོག་ནས་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ དང་ལས་ཁུངས་ ༤༥ ་ནང་དུ་ཁུང་ཙིའི་སློབ་གསོ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག་ལ། སྲིད་ཇུས་དེ་ནི་བོད་པའི་བྱིས་པ་རྣམས་རང་གི་སྐད་ཡིག་དང་ཤེས་ཡོན་སློབ་གསོ་ལས་ཁ་བྲལ་གཏོང་ཐབས་ཤིག་ཡིན་པ་མངོན་གསལ་ཆགས་ཡོད།

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེའི་ནང་ཁུང་ཙིའི་སློབ་གླིང་བཙུགས་དོན་ནི་ཀྲུང་ཧཱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་། མི་རིགས་མཐུན་སྒྲིལ་ཡར་སྐུལ་ཆེད་བཙུགས་པ་ཡིན་ཟེར་གྱི་ཡོད། ད་སྔ་བར་རྣམ་གླིང་རྫོང་མ་གཏོགས་བོད་ཀྱི་ས་ཁུལ་གཞན་དུ་ཁུང་ཙིའི་སློབ་གླིང་བཙུགས་མི་འདུག ཅེས་བརྗོད་སོང་ལ། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་མདོ་སྟོད་སྨད་གཉིས་ཀྱི་ནང་དུ་ཁུང་ཙེའི་སློབ་གསོ་ལག་བསྟར་བྱེད་སྲིད་པའི་སེམས་འཚབ་བསྟན་སོང་།

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། རྣམ་གླིང་རྫོང་དུ་ཁུང་ཙིའི་སློབ་གླིང་བཙུགས་པ་དེས། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་གཏོང་བའི་བྱ་གཞག་ཟབ་སྤེལ་གཏོང་བའི་མཚོན་བྱེད་ཅིག་ཡིན་ཟེར་བ་དང་། ལྷག་པར་དུ་སློབ་གླིང་དེ་དག་བོད་པའི་བྱིས་པ་རྣམས་ལ་རྒྱའི་རིག་གནས་ཀྱི་ཚོར་བ་དང་། རྒྱ་མི་རིགས་ཀྱི་ཐུན་མོང་གི་ངོས་འཛིན་བརྟན་པོ་བཟོ་བའི་རྨང་གཞི་འདིང་བྱེད་དུ་བེད་སྤྱོད་གཏོང་གི་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་། རྣམ་གླིང་རྫོང་གིས་ལོ་རེ་བཞིན་བོད་པའི་སློབ་མ་ཚོ་དང་དགེ་རྒན་རྣམས་རྒྱ་ནག་ཧྲན་ཏུང་དུ་རིག་གཞུང་བརྗེ་རེས་ཟེར་བ་དང་སློབ་སྦྱོང་བྱེད་པར་གཏོང་མགོ་བཙུགས་ཡོད་ཅིང་། དེ་དང་ཆབས་ཅིག་ཏུ་ཧྲན་ཏུང་གི་ཉེ་འཁྲིས་ཆིང་ཏའོ་དང་། ཅི་ནན། ཝེ་ཧྥང་། ཙི་པོ། ཆུ་ཧྥུ་ས་གནས་སོགས་སུ་འཁྲིད་ཀྱི་ཡོད་འདུག

ཁུང་ཙིའི་སློབ་གླིང་དེ་དག་གི་ནང་དུ་བོད་པའི་སློབ་ཕྲུག་ཚོར་རྒྱའི་གནའ་བོའི་སྙན་ངག་དང་ཞབས་བྲོ། ཡིག་གཟུགས། སྲོལ་རྒྱུན་ལག་ཤེས་སོགས་སློབ་ཚན་མི་འདྲ་བ་ ༢༨ བཀོད་སྒྲིག་བྱས་ཏེ། བོད་པའི་ཞིང་འབྲོག་ཁུལ་གྱི་བྱིས་པ་ཚོར་བྱམས་པ་དང་། དྲང་བདེན། གུས་ཞབས། ཤེས་རབ། དད་པ་བཅས་ཀྱི་རིག་གནས་མྱོང་དུ་འཇུག་གི་ཡོད་ཚུལ་བསྒྲགས་འདུག་ནའང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ལ་རྒྱ་མི་རིགས་དང་ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པས་བྱམས་པ་དང་གུས་ཞབས། དད་མོས་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་ཟེར་བ་ནི་འཇིག་རྟེན་གོ་ལྡོག་གི་གནས་ལུགས་ལས་མ་འདས་པ་བརྗོད་མི་དགོས་པ་ཞིག་ཏུ་གྱུར་ཡོད།

རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གསོ་ལག་བསྟར་འཁྲིད་བཞིན་པ་འདི་ནི། ད་སྔ་བར་ཡོངས་གྲགས་ཀྱི་ཐོག་ནས་བོད་ནང་དུ་ཁུང་ཙིའི་སློབ་གསོ་ཁྱབ་རྒྱ་ཆེན་པོ་སྤེལ་བཞིན་པ་ཐོག་མར་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁུང་ཙིའི་སློབ་གསོ་ལྟེ་གནས་ཁང་བརྒྱུད་ནས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ཆབ་སྲིད་ཁྱབ་སྤེལ་དང་རྒྱ་བསྐྱེད་ཀྱི་ལག་ཆར་བཀོལ་སྤྱོད་བྱས་པར་བརྟེན། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱལ་སྲིད་བདེ་འཇགས་དང་སློབ་གསོའི་རང་དབང་སོགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག ད་སྔ་བར་ཨ་རིར་ཡོད་པའི་ཁུང་ཙི་ལྟ་གནས་ཁང་ ༡༡༨  ལས་ ༡༠༤ སྒོ་བརྒྱབ་ཡོད་ཅིང་། དེ་བཞིན། འཇར་མན་དང་ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་འདས་པའི་ལོ་ཟླའི་ནང་རིམ་བཞིན་ཁུང་ཙི་ལྟེ་གནས་ཁང་མང་པོ་སྒོ་བརྒྱབ་ཡོད།  རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༠ ཡི་སློབ་ཆེན་དང་མཐོ་སློབ་ཁག་ནང་ཁུང་ཙི་ལྟེ་གནས་ཁང་ ༥༠༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༢ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese