མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མཚོ་ནུབ་ཁུལ་གྱི་ཚ་འདམ་གྲོང་རྡལ་ཁོངས་སུ་ས་ཡོམ་ཚད་རིམ་ ༦།༣ བྱུང་སྟེ་མི་གཅིག་རྐྱེན་འདས་དང་མི་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ཁང་པ་དང་བགྲོད་ལམ་སོགས་ལ་གཏོར་བཤིག་ཐེབས་པའི་བརྙན་རིས་དྲ་ལམ་དུ་མཐོང་རྒྱུ་འདུག་ནའང་། རྒྱ་ནག་གཞུང་གིས་བོད་ནང་དུ་བྱུང་བའི་གནས་ཚུལ་ཅི་རིགས་ལ་དོགས་ཟོན་དང་དམ་དྲག་ནན་པོ་བྱེད་བཞིན་ཡོད་སྟབས། ད་སྔ་བར་ཐེངས་འདིའི་ས་ཡོམ་ཁྲོད་དངོས་ཡོད་གནས་སྟངས་ཅི་ཆགས་ཤེས་རྟོགས་ཐུབ་ཁག་པོར་གྱུར་འདུག

Da Chaidan Administrative

ཁ་སང་ཕྱི་ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥།༠༦ ཐོག་མདོ་སྨད་མཚོ་སྔོན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བ་གྲོང་རྡལ་གྱི་ཁོངས་སུ་ས་ཡོམ་ཚད་རིམ་ ༦།༣ ཅན་བྱུང་ཡོད་ཅིང་། བརྙན་ལམ་ནས་ཚྭ་འདམ་ཆེ་བ་གྲོང་རྡལ་གྱི་ཁང་པར་སེར་ག་གས་པ་དང་། ཚོང་རའི་ནང་གི་ཅ་དངོས་མར་ལྷུང་སྟེ་འགུལ་ཤུགས་ཆེན་པོ་ཡོད་པ་མངོན་གསལ་རེད་འདུག་ལ། གཏེར་ཁ་གྲོང་ཁྱེར་དང་བོང་སྟག པཎ་ཆེན་ཤིང་སྡེ་ས་ཁུལ་སོགས་སུ་ས་འགུལ་གྱི་ཚོར་ཤུགས་ཆེན་པོ་བྱུང་ཡོད་ཀྱང་། ཁུལ་དེ་དག་ཏུ་གནོད་འཚེ་ཕོག་མེད་སྐོར་རྗོད་ཀྱིན་འདུག

ད་ལན་གྱི་ས་ཡོམ་རྒྱག་སའི་ལྟེ་བའི་སྤྱི་ལེ་ ༥ ཡི་ཁྱབ་ཁོངས་ནང་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༤༢༧༢ དང་། མཐའ་འཁོར་གྱི་སྤྱི་ལེ་ ༥ ཡི་ནང་གནས་པའི་གྲོང་ཚོའི་གྲས་སུ་ལུག་མགོ་ཆེ་ལུང་པ་དང་། སྤྱི་ལེ་ ༢༠ ཡི་ནང་གནས་པའི་ཤང་དང་གྲོང་རྡལ་ནང་ཚྭ་འདམ་གྲོང་རྡལ་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ (CGTN) གིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིའི་གོད་ཆག་ཁྲོད་ཁ་སང་དགོང་མོའི་ཆུ་ཚོད་ ༡༡ བར་མི་གྲངས་ ༡ རྐྱེན་ལམ་ཤོར་བ་དང་། མི་གྲངས་ ༨ ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཁུལ་དེར་ཡོད་པའི་སློབ་ཆུང་དང་སློབ་འབྲིང་། བྱིས་བཅོལ་ཁང་དུ་ཡོད་པའི་བྱིས་པ་དང་། སློབ་མ། དགེ་རྒན་སོགས་མི་གྲངས་སྟོང་ཕྲག་མང་པོ་ཞིག་གནས་སྐབས་རིང་ས་གནས་གཞན་དུ་གནས་སྤོ་བྱས་ཏེ་དགོས་ངེས་མཐུན་རྐྱེན་ཁག་མཁོ་སྤྲོད་བྱས་པ་མ་ཟད། གནོད་ཐེབས་ས་ཁུལ་དུ་ཛ་དྲག་མྱུར་སྐྱོབ་ཚན་པའི་མི་གྲངས་ ༡༠༠༠ ལྷག་དང་རླངས་འཁོར་ ༢༠༠ ཙམ་ཆེད་གཏོང་གིས་མྱུར་སྐྱོབ་ཀྱི་ལས་གཞི་སྤེལ་ཡོད་ཚུལ་སོགས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese