མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེན་ཊི་པོལ་གྲོང་ཁྱེར་གྱིས་༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ངོས་འཛིན་སླད་༧སྐུའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེ་ཉིན་མོར་གཏན་འབེབས་གནང་འདུག

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།

ཁ་སང་ཕྱི་ཚེས་ ༢༤ ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེན་ཊི་པོལ་ (Saint Paul) གྲོང་ཁྱེར་གྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ། མིའི་རིན་ཐང་གི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས་པར་ངོས་འཛིན་དང་ཆེ་བསྟོད་ཞུ་རྒྱུའི་གྲོས་ཆོད་བཞག་སྟེ། ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་བྱམས་བརྩེའི་ཉིན་མོར་གཏན་འབེབས་ཞུས་འདུག་ལ། སེན་ཊི་པོལ་གྲོང་ཁྱེར་ལྷན་ཚོགས་ (Saint Paul City Council) ཀྱིས་བསླེབ་ལ་ཉེ་བའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་དང་། སེན་ཊི་པོལ་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཚོགས་ཞབས་འདེགས་ལ་ངོས་འཛིན་གནང་རྒྱུ་ཡིན་འདུག

གཏན་འབེབས་བྱུང་བའི་གྲོས་ཆོད་དེའི་ནང་༧གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་བྲིས་པ་ལྟར་ན། བོད་པའི་ནང་པ་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་རེད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཞི་བདེ་དང་། བྱམས་བརྩེ། འཚེ་མེད་ཞི་བའི་སྐོར་གྱི་བཀའ་སློབ་བསྩལ་བར་འཛམ་གླིང་ཁྱོན་ཡོངས་སུ་ངོས་འཛིན་ཐོབ། ༸མགོན་པོ་གང་ཉིད་མཆོག་ནི་དགུང་ལོ་ཆུང་དུས་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། སྐུ་ཚེ་གང་པོར་ནང་ཆོས་ཀྱི་ལྟ་གྲུབ་སློབ་གཉེར་དང་ལག་ལེན་གནང་ནས་བྱམས་བརྩེ་དང་ཆོས་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་ཡར་རྒྱས་དང་། ཕན་ཚུན་བརྩི་འཇོག་གོང་འཕེལ་གནང་རྒྱུའི་མཛད་འཕྲིན་བསྐྱངས་ཡོད་པ་རེད། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་སྒེར་ལངས་བྱུང་རྗེས་༸གོང་ས་མཆོག་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་པ་ནས་བཟུང་བོད་མིའི་རིག་གཞུང་དང་། ཆོས་ལུགས། ལོ་རྒྱུས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་མཛད་འཕྲིན་རྒྱ་ཆེན་བསྐྱངས་དང་སྐྱོང་མུས་རེད། ད་དུང་༸མགོན་པོ་གང་ཉིད་ཀྱིས་མི་ནི་སོ་ཊ་ཚུད་པའི་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་གྱིས་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མང་ཚོགས་ལ་བྱམས་བརྩེ། ཞི་བདེ། བཟོད་སྒོམ་སོགས་དང་འབྲེལ་ནས་བཀའ་སློབ་བསྩལ་བ་སོགས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས། ཕྱི་ལོ་ ༡༩༨༩ ལོར་ཁོང་ཉིད་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ།

༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། བྱམས་བརྩེ།  སེམས་ཚོར་གདོང་ལེན་ (emotional resilience) གནང་ཕྱོགས་སྐོར་སོགས་དང་འབྲེལ་བའི་བཀའ་སློབ་དང་ལམ་སྟོན་གནང་སྟེ་འཛམ་གླིང་ཡོངས་ཀྱི་ཤེས་ཡོན་པ་དང་། ཆོས་ལུགས་ཉམས་ལེན་པ། རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ལ་ཤུགས་རྐྱེན་ཐེབས་ཡོད་ལ། བོད་མི་ལྔ་སྟོང་ལྷག་ཙམ་གྱིས་མི་ནི་སོ་ཊ་རང་གི་ཁྱིམ་དུ་རྩིས་ནས་སྤྱི་ཚོགས་དང་རིག་གཞུང་། དཔལ་འབྱོར་སོགས་ཀྱི་ཐོག་ནས་ཞབས་འདེགས་ཞུས་ནས་ཕན་ཐོགས་ཀྱི་ཡོད་ལ། ཕྱི་ལོ་ ༢༠༠༣ ནས་བཟུང་སེན་ཊི་པོལ་དུ་ཡོད་པའི་ལུགས་གཉིས་ཕུན་ཚོགས་ཁང་ཞེས་པའི་བོད་མིའི་ཚོགས་ཁང་ཞིག་གསར་འཛུགས་ཀྱིས། ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ཆེད་དུ་ལྟེ་གནས་ཤིག་མཁོ་སྐྲུན་བྱས་ཡོད་པ་མ་ཟད། ཚོགས་ཁང་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དུས་ཆེན་ཁག་གི་ཆེད་དུ་འཛོམས་འཛོམས་བྱ་ཡུལ་ཞིག་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ ལ་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ༸མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་གང་པོར་ཞི་བདེ་དང་བྱམས་བརྩེའི་ཆེད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པར་ངོས་འཛིན་དང་ཆེ་བསྟོད་མཚོན་ཆེད། སེན་ཊི་པོལ་གྲོང་ཁྱེར་གྱི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ཉིན་ནི་སེན་ཊི་པོལ་གྲོང་ཁྱེར་དུ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese