མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

བོད་ཀྱི་དུས་བབ།
༢༠༢༦/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། (གསར་འགོད་པ།)

——“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་” ཟེར་བར་ཆབ་སྲིད་ཀྱི་དབྱེ་ཞིབ་དང་དགག་གཞག

གླེང་གཞི། མཐུན་སྒྲིལ་གྱི་ཁ་གཡར་ས་དང་བཙན་སྐུལ་གྱི་དངོས་ཡོད།  ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་ནས། རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་ཁྲིམས་ལུགས་ཀྱི་གོས་བཟང་གཡོགས་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་” ཟེར་བ་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཀྱི་ཡོད། མིང་སྙན་པོ་ལྷན་དུ་གྲགས་པའི་ཁྲིམས་ཡིག་འདིའི་རྒྱབ་ལྗོངས་སུ། བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། མི་རིགས་ཀྱི་ངོ་བོ་བཅས་རྩ་མེད་གཏོང་རྒྱུའི་ཆབ་སྲིད་ཀྱི་ཇུས་ངན་གཏིང་ཟབ་ཅིག་སྦས་ཡོད། འདི་ནི་ “མཐུན་སྒྲིལ་” མ་རེད་ལ། “ཡར་ཐོན་” ནི་དེ་བས་ཀྱང་མ་རེད། འདི་ནི་བཙན་ཤུགས་ལ་བརྟེན་ནས་བོད་རིགས་རྒྱ་རིགས་ཅན་དུ་སྒྱུར་བའི་གཞན་སྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཁྲིམས་མཐུན་བཟོས་པ་ཞིག་རེད།

དོན་དངོས་ཐོག་རྒྱ་ནག་གུང་ཁྲན་ཏང་གིས་སྤེལ་བཞིན་པའི་མི་རིགས་གཏོར་བཤིག་གི་ལས་འགུལ་འདི་བོད་གཅིག་པུའི་ཐོག་ཏུ་སྤེལ་བ་ཞིག་མ་རེད། ཉེ་བའི་ལོ་ཤས་རིང་ཤར་ཏུར་ཀིསྟན་ (ཡུ་གུར་) ནང་དུ་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་ཁ་གཡར་སའི་འོག་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་ལྷག་བཙན་བྱོལ་ལ་གྱར་བ་དང་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་ནས་ཆོས་ལུགས་དང་རིག་གཞུང་རྩ་མེད་བཟོས་ཡོད་པ་མ་ཟད། ལྷོ་སོག་ (ནང་སོག་) ནང་དུའང་སོག་པོའི་ན་གཞོན་ཚོའི་ཕ་སྐད་དང་ཡི་གེ་སློབ་ཁྲིད་བྱེད་རྒྱུ་བཀག་སྡོམ་གྱིས་རྒྱ་ཡིག་རྒྱ་སྐད་བཙན་གྱིས་སྤེལ་ཏེ་སོག་པོ་མི་རིགས་ཀྱི་ངོ་བོ་ཤུགས་ཀྱིས་མེད་པ་བཟོས་ཡོད། ད་ལམ་གྱི་ཁྲིམས་ཡིག་གསར་པ་འདི་ནི་ཡུ་གུར་དང་སོག་པོའི་ནང་དུ་ལག་བསྟར་བྱས་ཟིན་པའི་མི་རིགས་རྩ་མེད་ཀྱི་ཇུས་ངན་དེ་ཉིད་བོད་ནང་དུ་ཁྲིམས་ལུགས་ཀྱི་མིང་ཐོག་ནས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་མཐའ་མའི་གདུག་རྩུབ་ཀྱི་གོམ་པ་ཞིག་རེད།

སྲིད་ཇུས་ཀྱི་རྩ་བའི་དམིགས་ཡུལ། སྐད་དང་ཡི་གེའི་ངོ་བོ་མེད་པར་བཟོས་ཏེ་བོད་མི་རིགས་རྩ་མེད་གཏོང་རྒྱུ་དེའོ།། ཁྲིམས་ཡིག་འདིའི་རྒྱབ་ཀྱི་རྩ་བའི་དམིགས་ཡུལ་ནི་གཞན་ཅི་ཡང་མ་རེད། བོད་མི་རིགས་ཀྱི་ཚེ་སྲོག་དང་བླ་སྲོག་ལྟ་བུར་གྱུར་པའི་ཕ་སྐད་དང་ཡི་གེའི་ངོ་བོ་རྩ་མེད་དུ་བཟོས་ཏེ། མཐར་བོད་མི་རིགས་འདི་འཇིག་རྟེན་འདི་ནས་མེད་པར་བཟོ་རྒྱུ་དེ་ཉིད་རེད། མི་རིགས་ཤིག་རྩ་མེད་གཏོང་བ་ལ། ཐོག་མར་དེའི་སྐད་ཡིག་རྩ་མེད་གཏོང་དགོས་པའི་རྒྱ་ནག་གི་གདུག་རྩུབ་ཀྱི་ལྐོག་གཡོ་དེ་ད་ཆ་ཁྲིམས་ལུགས་ཀྱི་མིང་ཐོག་ནས་མངོན་གསལ་དོད་པོས་ལག་བསྟར་བྱེད་བཞིན་ཡོད།

སྐད་ཡིག་གཏོར་བཤིག ཁྲིམས་ཡིག་འདིའི་འོག་ནས། བོད་ཀྱི་སློབ་གྲྭ་ཁག་དང་སྤྱི་ཚོགས་སུ་བོད་ཡིག་གི་གོ་གནས་མེད་པར་བཟོས་ཏེ། རྒྱ་ཡིག་རྒྱ་སྐད་གཅིག་གྱུར་གྱི་སྲིད་བྱུས་བཙན་གྱིས་སྤེལ་བཞིན་ཡོད། བོད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་ཚོང་ལས་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གཡོགས་བཞིན་ཡོད།

ཤེས་ཡོན་ཅན་ལ་དྲག་གནོན། བོད་པའི་བླ་སྤྲུལ་དང་ཤེས་ཡོན་ཅན་རྣམས་ལ་ “མཐུན་སྒྲིལ་གཏོར་བཤིག་” གི་ཉེས་མིང་གཡོགས་ནས་བཙོན་འཇུག་བྱེད་པའི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་བཟོས་ཡོད། རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་གྱི་དང་བླངས་པ་རྣམས་ཀྱང་ད་ཆ་ཁྲིམས་འགལ་བར་བརྩི་བཞིན་ཡོད།

རྒྱ་ནག་གཞུང་གིས་བཤད་པའི་ “མཐུན་སྒྲིལ་” ཟེར་བ་ནི། མི་རིགས་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་ལ་གོ་བ་མ་ཡིན་པར། གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་མེད་པ་བཟོས་ཏེ། རྒྱ་རིགས་ཆེན་པོའི་ལྟ་བ་དང་། རྒྱ་ནག་གུང་ཁྲན་ཏང་གི་བསམ་བློའི་འོག་ཏུ་མགོ་བོ་སྒུར་དགོས་པ་དེ་རེད། བཙན་གྱིས་བཟོས་པའི་མཐུན་སྒྲིལ་ལ་བདེ་སྐྱིད་མེད། རང་དབང་མེད་པའི་ཡར་ཐོན་ལ་སྙིང་པོ་མེད།

རྒྱལ་སྤྱིའི་ཁྲིམས་ལུགས་དང་རང་སྐྱོང་གི་ཐོབ་ཐང་ལས་འགལ་བ། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་དུ་ “གྲངས་ཉུང་མི་རིགས་ཁག་ལ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་” ཅེས་བཀོད་ཡོད་ཀྱང་། ཁྲིམས་ཡིག་གསར་པ་འདིས་རང་ཉིད་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅས་ཁྲིམས་ཡོངས་རྫོགས་རྡོག་རོལ་གཏོང་བཞིན་ཡོད།

༡། མི་རིགས་ས་གནས་རང་སྐྱོང་གི་མིང་སྐམ་པོ། བོད་རང་སྐྱོང་ལྗོངས་ཟེར་བ་འདི་ད་ཆ་རང་སྐྱོང་གི་ཐོབ་ཐང་མེད་པར། པེ་ཅིང་གི་བཙན་བཀའ་ལག་བསྟར་བྱེད་ས་ཞིག་ཏུ་བསྒྱུར་ཟིན། ས་གནས་ཀྱི་བོད་རིགས་ལས་བྱེད་པ་རྣམས་ལ་རང་གི་མི་རིགས་ཀྱི་ཁེ་ཕན་དང་སྐད་ཡིག་གི་ཐོབ་ཐང་བཤད་པའི་དབང་ཆ་མེད།

༢། སྤྱི་ཚོགས་ལ་དྲག་གནོན་གྱི་ཁྲིམས་གཞི། ཁྲིམས་ཡིག་འདིའི་ནང་དོན་མང་པོ་ཞིག་འགྲེལ་བཤད་གང་བྱས་བྱས་ཡིན་པས། བོད་མིས་རང་གི་ཕ་སྐད་དང་རིག་གཞུང་ལ་དགའ་ཞེན་་བྱས་པ་ཙམ་ལའང་ “མི་རིགས་དབྱེ་འབྱེད་” དང་ “མཐུན་སྒྲིལ་ལ་གནོད་པའི་བྱ་སྤྱོད་” ཀྱི་ཉེས་པ་གཡོགས་ཆོག འདི་ནི་ཁྲིམས་ལུགས་ལ་ཁ་གཡར་ནས་བོད་མིའི་རང་དབང་ཐམས་ཅད་བཙན་གྱིས་སྡོམ་བྱེད་ཅིག་རེད།

བོད་མིའི་སེམས་ཁམས་དང་ངོ་བོ་རྩ་མེད་གཏོང་བའི་བསམ་བློའི་དུག་རྫས། རྒྱ་ནག་གུང་ཁྲན་ཏང་གིས་ “མི་རིགས་གཅིག་མཐུན་འདུས་གྲུབ་” ཟེར་བའི་ལྟ་བ་དེ་བོད་མིའི་ཀླད་པའི་ནང་ལ་བཙན་གྱིས་རྫོང་བཞིན་ཡོད། བོད་ཀྱི་ན་གཞོན་རྣམས་ལ་རང་གི་མི་རིགས་ཀྱི་ལོ་རྒྱུས་བརྗེད་དུ་བཅུག་ནས། ཏང་ནི་ “སྐྱབས་མགོན་གཅིག་པུ་” དེ་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད།

གཏན་སྡོད་སློབ་གྲྭའི་བཙན་ཤུགས། བོད་ཕྲུག་ས་ཡ་ལྷག་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་ནས། རྒྱ་ནག་གི་བསམ་བློའི་སློབ་གསོ་སྤྲོད་བཞིན་པ་འདི་ནི་ཁྲིམས་ཡིག་འདིའི་དམིགས་ཡུལ་གཙོ་བོ་ཞིག་རེད། བྱིས་པ་འདི་ཚོར་རང་གི་ཕ་སྐད་དང་རིག་གཞུང་གི་རྩ་བ་མེད་པར་བཟོས་ཏེ། རྒྱ་ནག་གི་འཕྲུལ་འཁོར་ལྟ་བུ་ཞིག་ཏུ་བཟོ་བཞིན་ཡོད།

ཆོས་ལུགས་རྒྱ་ནག་ཅན། དགོན་པ་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་སློབ་གཉེར་བྱེད་དུ་མ་བཅུག་པར། ཏང་གི་སྲིད་བྱུས་སློབ་སྦྱོང་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད། བླ་སྤྲུལ་ངོས་འཛིན་གྱི་དབང་ཆ་ཡང་ཏང་གི་ལག་ཏུ་བཟུང་ནས་ཆོས་ལུགས་ཀྱི་རང་དབང་རྩ་མེད་བཟོས་ཡོད།

མཇུག་བསྡུའི་གཏམ། རྒོལ་ལན་དང་བདེན་པའི་འབོད་སྒྲ།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་པའི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་ཡིག་” ཟེར་བ་འདིས། བོད་མིའི་རང་དབང་གི་གཤོག་པ་གཅོད་ཐུབ་པ་མ་གཏོགས། བོད་མིའི་སྙིང་སྟོབས་ཀྱི་རྩ་བ་ནམ་ཡང་གཅོད་མི་ཐུབ། འཛམ་གླིང་གི་ལོ་རྒྱུས་ནང་བཙན་དབང་གིས་མི་རིགས་ཤིག་རྩ་མེད་གཏོང་ཐབས་བྱས་པའི་ནག་ཉེས་མང་པོ་བྱུང་ཡོད་ཀྱང་། མཐར་བདེན་པ་དང་མི་རིགས་ཀྱི་སྙིང་སྟོབས་ལ་རྒྱལ་ཁ་ཐོབ་པ་ནི་ཆོས་ཉིད་ཡིན།

དེས་ན་བོད་མི་རྣམས་ཀྱིས་ཁྲིམས་ཡིག་འདིའི་གཡོ་ཁྲམ་གྱི་གདོང་རིས་གསལ་པོ་རྟོགས་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཁྲིམས་ལུགས་ཀྱི་མིང་ཐོག་ནས་བོད་མི་རིགས་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་འདིར་མཐའ་གཅིག་ཏུ་སྐྱོན་བརྗོད་དང་འགོག་རྒོལ་བྱེད་དགོས། ང་ཚོའི་རིག་གཞུང་དང་སྐད་ཡིག་གསོན་པོར་གནས་པ་དེ་སྲིད་དུ། བོད་མི་རིགས་དང་དེའི་ངོ་བོ་འཛམ་གླིང་འདིའི་སྟེང་ནམ་ཡང་གསོན་པོར་གནས་ཐུབ་པ་ནི་སྨོས་ཅི་དགོས།

རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་བའི་ཆབ་སྲིད་ཀྱི་གཡོ་བྱུས་ནག་པོ་འདིར་མཐའ་མའི་གདོང་ལེན་དང་་རྒོལ་ལན་སྤྲོད་ཆེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་དང་། བོད་ཀྱི་སྐད་ཡིག་ལ་བརྟེན་པའི་བོད་རིགས་སྤུན་ཟླ་མཐའ་དག་གིས་རང་གི་ཕ་སྐད་དང་ཡི་གེ་སྦྱོང་བ་དང་། སྤྱོད་པ། སྤེལ་བ་སྟེ་ “སྦྱོང་སྤྱོད་སྤེལ་གསུམ་” གྱི་ཐད་ལ་སྔར་ལྷག་ཤུགས་སྣོན་བརྒྱབ་སྟེ། བོད་མིའི་སེམས་པ་གཅིག་ཏུ་བསྒྲིལ་བའི་དོན་དངོས་ཀྱི་གཅིག་མཐུན་འདུས་གྲུབ་ཅིག་གཞི་རིམ་ནས་བསྐྲུན་དགོས། ང་ཚོས་རང་གི་སྐད་ཡིག་ལ་བརྟེན་ནས་བོད་ཀྱི་བླ་སྲོག་དང་མི་རིགས་ཀྱི་ངོ་བོ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་ནི་རྒྱ་ནག་གི་སྲིད་ཇུས་ནག་པོར་སྤྲད་པའི་ང་ཚོའི་མཐའ་མའི་རྒོལ་ལན་དང་བདེན་པའི་འབོད་སྒྲ་ཡིན་ལ། བདེན་པའི་ལོ་རྒྱུས་ནི་བཙན་དབང་གི་ལྕགས་སྒྲོག་འོག་ཏུ་ནམ་ཡང་ཡལ་མི་སྲིད་དོ།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese