མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནས་རྒྱལ་ཚོགས་གཙོས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བའི་ཁྲིམས་སྒྲིག་དེར་ཛ་དྲག་ཞིབ་དཔྱོད་དགོས་པའི་རེ་སྐུལ་ཞུས། 

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བའི་ཁྲིམས་ཤིག་བོད་ནང་དུ་དངོས་སུ་ལག་བསྟར་བྱེད་མགོ་འཛུགས་ཀྱིན་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འཛམ་གླིང་རྒྱལ་ཁབ་ཁག་དང་། གྲོས་ཚོགས་འཐུས་མི་རྣམ་པ། བསམ་བློ་བ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་མང་དག་ཅིག་ལ། རྒྱ་ནག་གཞུང་གིས་ལག བསྟར་བྱེད་མགོ་བཙུགས་པའི་ཁྲིམས་འཆར་དེས་བོད་མིའི་ངོ་བོ་དང་། ཆོས་རིག སྐད་ཡིག་སོགས་རྩ་མེད་དུ་གཏོང་བར་དམིགས་ཡོད་སྟབས། རྒྱལ་སྤྱིའི་ཚོགས་པ་ཁག་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་སྒྲིག་དེར་ཞིབ་དཔྱོད་དང་གཟིགས་ཞིབ་གནང་དགོས་པའི་ནན་སྐུལ་གནང་འདུག 

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་བོད་མི་རིགས་ཀྱི་མ་འོངས་པ་དང་། ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས་ཀྱི་ཤུལ་བཞག་སྲུང་སྐྱོབ་ཐད་ལ་བློ་འཚབ་ཆེན་པོ་དང་ཛ་དྲག་གི་ངང་ནས་ཁྱེད་རྣམས་ལ་འཕྲིན་ཡིག་འབྲི་བཞིན་ཡོད། བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་ཡོད་པ་ནི། རྒྱལ་སྤྱིའི་ནང་ཐག་གཅོད་མ་བྱུང་བའི་རྩོད་རྙོག་ཅིག་ཏུ་གྱུར། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་གཏང་རྒྱུའི་སྐོར་གྱི་ཁྲིམས་ཞེས་པ་གཏན་འབེབས་བྱས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་འདི། སྤྱི་ཚོགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་གོང་འཕེལ་གཏང་རྒྱུའི་ལམ་ལུགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། དོན་དངོས་སུ་དེས་བཙན་བསྒྱུར་གྱི་སྲིད་ཇུས་ཁག་གཏན་འབེབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་དང་། བོད་ཀྱི་སྐད་ཡིག ཆོས་ལུགས། ཤེས་ཡོན། སྲོལ་རྒྱུན་གྱི་འཚོ་བའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཐེབས་པའི་སྲིད་ཇུས་གཞན་དག་བཅས་དང་མཉམ་དུ་བསྡོམས་ན། ཁྲིམས་འདིས་བོད་ཀྱི་ངོ་བོ་རྒྱུན་གནས་ཐུབ་མིན་ལ་བློ་འཚབ་ཆེན་པོ་བསླངས་ཡོད་པའི་མུར། འདི་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གོམ་ཁ་གཞན་ཞིག་ཏུ་འགྱུར་སྲིད། ཅེས་གསུངས་འདུག 

རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་ལུགས་དེ་ལག་བསྟར་བྱས་ཏེ་བོད་ནང་ཐེབས་པའི་ཤུགས་རྐྱེན་ཁག་ཅིག་གསལ་འདོན་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་ཁྲིམས་ལུགས་ལྟར་སྐྱོང་བ་ཞེས་པའི་བསྒྲགས་ཚིག་གི་འོག་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སུ་གསལ་བའི་ས་གནས་རང་སྐྱོང་ཐོབ་ཐང་གི་ཁྲིམས་སྒྲིག་རྣམས་རྩིས་མེད་དུ་བཏང་ནས། ཁྲིམས་སྒྲིག་གི་དབང་བསྒྱུར་འོག་ནས་མི་རིགས་བསྲེས་སྦྱོར་ཁྲིམས་མཐུན་ཅན་དུ་བསྒྱུར་བ་དང་། བོད་ཀྱི་ཤུལ་བཞག་རིག་གནས་དང་ངོ་བོ་རྩ་མེད་དུ་བཟོ་སླད། བོད་ནང་དུ་རྒྱ་རིགས་གཙོས་མི་རིགས་གཞན་རྣམས་གནས་སྤོར་བྱེད་དུ་བཅུག་ནས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ལོ་རྒྱུས། དད་མོས་བཅས་སུ་ཚད་བཀག་གིས་རྒྱ་ནག་གི་ཁྲིམས་སྒྲིག་གི་ལམ་ལུགས་བཞིན་ཤར་སྐྱོད་བྱས་ཏེ། བོད་ཀྱི་ངོ་བོ་ཤུལ་མེད་དང་རྒྱ་མི་རིགས་ཀྱི་ཁྲོད་དུ་སིམ་ཐབས་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དེ་བརྒྱུད་ནས། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས་དད་མོས། རིག་གཞུང་བཅས་སུ་ཁ་བྲལ་རིང་ལུགས་ཡིན་ལུགས་བཤད་ནས། བོད་མི་རྣམས་ལ་རྒྱ་མི་རིགས་ཀྱི་ཆེད་དུ་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་ཟེར་བ་ཞིག་གི་ངོ་བོའི་ཐོག་ནས་བོད་མིའི་ངོ་བོ་ཤུལ་མེད་བཟོ་ཐབས་བྱེད་མུས་སྐོར་སོགས་གསལ་འདུག 

དེ་བཞིན་ཁྲིམས་ལུགས་དེ་ལག་བསྟར་བྱས་པའི་དབང་གིས། རྒྱ་ནག་གཞུང་གིས་བྱིས་བཅོལ་ཁང་ཚུད་པའི་བོད་ནང་གི་སློབ་གྲྭ་ཚང་མའི་ནང་ཁྲིམས་སྒྲིག་རང་བཞིན་གྱི་ཐོག་ནས་སྤྱི་སྐད་ཟེར་བའི་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་བྱས་བཅུག་པ་ལས། སློབ་གྲྭ་ཁག་སོགས་སུ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་མེད་པར་བཟོས་པ། མི་རིགས་བསྲེས་སྦྱོར་སོགས་བྱས་པའི་དབང་གིས་བོད་ཀྱི་གདོད་མའི་ཤུལ་བཞག་རྣམས་རྨེག་མེད་དུ་བཏང་བ། དེ་བཞིན་སྤྱི་ཚོགས་དོ་དམ། ཚན་རྩལ་དང་གློག་རྡུལ་སོགས་ཀྱིས་བོད་མི་རྣམས་ཀྱི་ངོ་གདོང་སོགས་གཤེར་ཏེ། བོད་ཀྱི་སྐད་ཡིག་སྦྱང་བརྩོན་དང་། ཆོས་ལུགས་དད་མོས། བོད་ཀྱི་རིག་གཞུང་གཅེས་སྐྱོང་བྱས་པ་སོགས་ལ་ཕྱོགས་ཡོངས་ནས་དམ་དྲག་དང་སོ་མྱུལ་ནན་མོ་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་རྒྱལ་ཁབ་གཞན་དང་གཞན་དུ་གནོན་ཤུགས་སྤྲད་དེ། བོད་མི་དང་གྲངས་ཉུང་མི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཇེ་ཆེར་སྤྲད་ཉེན་ཡོད་སྐོར་སོགས་གསལ་འདུག 

དབུས་བོད་མིའི་སྒྲིག་གི་ཛ་དྲག་གི་འབོད་སྐུལ་ཁྲོད། རྒྱལ་ཁབ་ཁག་གི་སྲིད་གཞུང་རྣམས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་འདིར་ངོ་རྒོལ་དང་། ལག་བསྟར་བྱ་རྒྱུར་ངོས་ལེན་མེད་པ། དེ་བཞིན་ཁྲིམས་འདི་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་གཙོས་འབྲེལ་ཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་ཁག་གིས། མྱུར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་ལ་བསྐྱར་ཞིབ་དང་། རིག་གཞུང་། སྐད་ཡིག ཆོས་ལུགས་ཀྱི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐད་གཏང་རྒྱུ་འགོག་ཐབས། རྒྱལ་ཁབ་རྣམས་ཀྱི་ཕྱི་འབྲེལ་ལས་དོན་བརྒྱུད་ནས་སྲིད་ཇུས་འདི་དག་བཟོ་བ་དང་ལག་བསྟར་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་ལ་ཞིབ་འཇུག་ཆ་ཚང་བྱས་ཏེ།  ཉེས་ཆད་ཚུད་པའི་འགན་ཁུར་གྱི་འདུ་ཤེས་སྐྱེད་ཐབས། རྒྱ་ནག་པེ་ཅིང་སྲིད་གཞུང་ལ་བོད་རྒྱའི་གནད་དོན་ཞི་བའི་ཐོག་ནས་བོད་རྒྱའི་འབྲེལ་མོལ་ཡོང་ཐབས་གླེང་དགོས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་འབད་བརྩོན་ལ་རྒྱབ་སྐྱོར་དང་།  བོད་ནང་བོད་མིའི་ངོ་བོ་རྩ་མེད་བཟོ་མུས་ཡིན་པའི་གནས་སྟངས་ཐེར་འདོན་བྱ་དགོས། ཞེས་གསལ་འདུག 

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་དེ་གཏན་འབེབས་བྱས་ཡོད་ཅིང་། རྒྱ་ནག་དམར་ཤོག་གཞུང་གི་མགྲིན་པ་ལྟ་བུར་གྱུར་བའི་རྒྱ་ནག་ཤིན་ཧཱ་གསར་ཁང་གིས། བཅའ་ཁྲིམས་དེ་གཏན་འབེབས་བྱེད་སྐབས།  རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༢༧༥༦ དང་། རྒྱབ་སྐྱོར་མི་བྱེད་མཁན་ ༣། བར་གནས་ ༣ བཅས་སོགས་བྱུང་ཡོད་ལུགས་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་ལ། ཁྲིམས་ཡིག་འདི་བརྒྱུད་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་ངོ་བོ་ཤུལ་མེད་དང་། རིག་གཞུང་རྩ་གཏོར། དད་མོས་ལ་ཚོད་འཛིན། དྲག་གནོན་སོགས་སྔར་ལས་ལྷག་གཏང་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

སྐར་མ ༡༡ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༢༤ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese