མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཁྲིམས་གསར་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་གཏན་འབེབས་བྱས་པའི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ཡིག་ཆེ་ཤོས་ཤིག་ཡིན་ཞིང་། ཁྲིམས་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རིགས་རྩ་མེད་གཏོང་ཉེན་ཡོད་སྟབས་འཛམ་གླིང་ཡོངས་ནས་ཁྲིམས་དེ་ལ་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་པ་དང་བསྟུན། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་འཐུས་མི། གཞུང་འབྲེལ་མི་སྣ། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་ནས་ཁྲིམས་གསར་དེར་ངོས་ལེན་མེད་པའི་སྐྱོན་བརྗོད་ཀྱི་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་ཡིན་པ་ལྟར། དེ་རིང་འཇར་མན་གྲོས་ཚོགས་དང་གཞུང་གི་དྲུང་ཆེ་མའེ་ཁལ་ (Michael Brand) ལགས་དང་། དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས། དེ་བཞིན་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བསྒྲགས་གཏམ་སོགས་སྤེལ་འདུག

འཇར་མན་གྲོས་ཚོགས་དང་གཞུང་གི་དྲུང་ཆེ་མའེ་ཁལ་ལགས་ཀྱིས་བརྙན་ལམ་ནས་རྒྱ་ནག་གི་ཁྲིམས་ཡིག་དེར་སྐྱོན་བརྗོད་བྱས་པའི་ནང་། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་མི་མང་གིས་རྒྱ་ནག་གི་ཁྲིམས་གསར་དེར་ངོ་རྒོལ་བྱེད་པར་མཉམ་ལས་བྱ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་། མི་རིགས་དབྱེ་འབྱེད་བྱེད་པའི་ཁྲིམས་གསར་དེ་ཕྱིར་འཐེན་བྱ་དགོས་པ་མ་ཟད། རྒྱ་ནག་གི་ཁྲིམས་གསར་དེས་མི་རིགས་དབྱེ་འབྱེད་ཀྱི་ཚད་རིམ་གསར་པ་དང་དྲག་གནོན་ཇེ་ཆེར་བཏང་བ་མངོན་གསལ་ཆགས་ཡོད་ཅིང་། ལྷག་པར་དུ་ཁྲིམས་ཡིག་དེས་རྒྱ་ནག་གི་མི་སེར་ཁོ་ན་མ་ཡིན་པར་ས་ཁུལ་གཞན་དང་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་གནད་དོན་སོགས་ཐེར་འདོན་གནང་འདུག

ཡང་འཇར་མན་གྲོས་ཚོགས་དང་གཞུང་གི་དྲུང་ཆེ་མའེ་ཁལ་ལགས་ཀྱིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་གཏན་འབེབས་བྱས་པའི་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ཡིག་ཚབས་ཆེ་ཤོས་ཤིག་ཡིན་པ་དང་། ཁྲིམས་གསར་དེ་ནི་རྒྱ་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མི་མང་ས་ཡ་མང་པོ་དང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་མི་མང་པོ་རྩ་མེད་གཏང་རྒྱུར་དམིགས་ཡོད། དམིགས་བསལ་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་རིག་གཞུང་དང་། ཤར་ཊུ་ཀི་སི་ཐན་སོགས་ལོ་རྒྱུས་ལྡན་པའི་མི་རིགས་དང་གྲངས་ཉུང་མི་རིགས་རྩ་མེད་གཏོང་བའི་དྲག་གནོན་གྱི་ཐབས་ཇུས་དེ་ལ་འཛམ་གླིང་ཁྱོན་ཡོངས་ནས་ཁུ་སིམ་མེར་སྡོད་མི་རུང་བས། གལ་སྲིད་རྒྱ་ནག་གིས་སྲིད་ཇུས་དེ་ལག་བསྟར་བྱེད་ཐུབ་ཚེ། མི་རིགས་དབྱེ་འབྱེད་ཀྱི་བསམ་བློ་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་མིག་དཔེ་ལྟ་ཡུལ་ཞིག་ཏུ་འགྱུར་སྲིད་པ་རེད་ལ། དེ་ལ་བརྟེན་ནས་མི་གྲངས་ས་ཡ་མང་པོ་དང་། མི་རིགས་དེ་དག་གི་རིག་གཞུང་རྩ་མེད་དུ་འགྲོ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ (Tokyo) ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལྟ་ཞིབ་གནང་མཁན་གྱི་་གྲོས་ཚོགས་ཀྱི་ཚོགས་པ་བཞི་དང་། བོད་དང་ཤར་ཊུར་ཀི་སི་ཐན། ལྷོ་སོག་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་ཚོགས་པ་གསུམ་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་ལ་སེམས་འཚབ་ཤུགས་ཆེན་བསྟན་པ་དང་འབྲེལ། ཉི་ཧོང་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཁྲིམས་གསར་དེ་ལ་ངོས་ལེན་བྱེད་ཐུབ་ཀྱི་མེད། ཁྲིམས་གསར་གྱི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མིན་པར་རྒྱལ་སྤྱིའི་གནད་དོན་ཞིག་རེད། ཅེས་དང་། ཉི་ཧོང་གཞུང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ལྟ་ཞིབ་རྒྱ་ཆེ་རུ་གཏོང་བ་དང་། ཉི་ཧོང་ནང་ས་མཚམས་བརྒལ་བའི་བྱ་སྤྱོད་ལ་གདོང་ལེན་གྱི་ཐབས་ཇུས་ལ་ཤུགས་སྣོན་གྱིས་གང་མགྱོགས་ལམ་ལུགས་གསར་འཛུགས་དགོས་པའི་འབོད་སྐུལ་ཞུས་འདུག

ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེས་བོད་མི་རིགས་ཀྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་རྩ་མེད་བཟོ་ཐབས་ཀྱི་ལམ་ལུགས་ཤིག་ཡིན་པའི་ཉེན་བརྡ་བཏང་བ་དང་སྦྲགས། ཁྲིམས་གསར་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག སྐབས་དེར་གྲོས་ཚོགས་སུ་གྲོས་ཆོད་དེ་ལ་ཡུ་རོབ་གྲོས་ཚོགས་འཐུས་མི་ ༧༡ ཀྱིས་བར་གནས་དང་། འཐུས་མི་ ༥༢ ཀྱིས་དགག་བྱ་དང་། འཐུས་མི་ ༤༣༩ ཡིས་རྒྱབ་སྐྱོར་འོག་གྲོས་ཆོད་དེ་གཏན་འབེབས་གནང་འདུག

ཡུ་རོབ་གྲོས་ཚོགས་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་པར་བརྟེན། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་ངོས་འཛིན་གནང་དགོས་པ་ལས་གཞུང་གི་བཙན་ཤེད་ལས་གྲོལ་དགོས། གྲོས་ཆོད་དེའི་ནང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ (དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་དང་། མཆོག་སྤྲུལ་རྡོ་རྗེ་བསྟན་རིན་པོ་ཆེ་དང་། དཔལ་ལྡན་ཡེ་ཤེས་གཙོས་པའི་ཆབ་སྲིད་བཙོན་པ་བཀག་ཉར་བྱས་པ་དེ་རྒྱལ་སྤྱིའི་ཐོག་བློ་འཚབ་ཀྱི་གནད་དོན་ཞིག་ཏུ་འགྱུར་ཡོད་ལ། ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཡུ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་རྣམས་ལ་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། གྲོས་ཆོད་དེའི་ནང་ཡུ་རོབ་མནའ་འབྲེལ་གྱི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བཀག་སྡོམ་གྱི་ལམ་ལུགས་ལག་བསྟར་བྱེད་དགོས་པའི་དགོས་འདུན་བཏོན་ནས་དྲག་གནོན་གྱི་སྲིད་ཇུས་དེ་དག་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་རྣམས་ལ་ངོ་རྒོལ་བྱེད་དགོས་པའི་དགོས་འདུན་ཡང་བཏོན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese