མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་རྒྱལ་ཁབ་ ༡༣ ནས་ཚོགས་བཅར་བ་ ༩༨ ཀྱིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པར་མཉམ་ཞུགས་ཀྱིས་བོད་དོན་དང་། བོད་དོན་ཞུ་གཏུག་གི་ལས་འགུལ། བོད་ནང་གི་གནས་སྟངས་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐད་ལ་གོ་བསྡུར་གནང་གི་ཡོད་འདུག

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཟླ་ ༧ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་གྱི་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇར་མན་གྲོས་ཚོགས་ལས་ཁུངས་ཀྱི་འཐུས་མི་དང་འཇར་མན་དང་པོ་ལེན་ཌིའི་འབྲེལ་ལམ་གྱི་ཆེད་མཁས་པ་སྐུ་ཞབས་རྗོ་ན་སི་ (Mr. Jonas Kolecki) ལགས། སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་ཟུང་དྲུང་འབྲུག་བསྟན་སྐྱིད་ལགས། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་། ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས། རྩོམ་པ་པོ་དང་གསར་འགོད་པ། བོད་དོན་སྐོར་ཆེད་མཁས་པ་ལྕམ་སྐུ་ཀེ་ཊེ་སོན་ཌར་སི་ (Kate Saunders) ལགས་སོགས་གསུང་བཤད་པ་ཁག་ཅིག ཕྱིའི་རྒྱལ་ཁབ་ ༡༣ ནས་ཚོགས་བཅར་བ་ ༩༨ ཀྱིས་མཉམ་ཞུགས་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། དེ་རིང་ནས་ཉིན་མ་གསུམ་གྱི་རིང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་འཚོག་མུས་ཡིན་པ་རེད། ཁ་སང་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་ཨ་རིའི་ནེའུ་ཡོག་ཏུ་རང་བཙན་བློ་དགའ་ལགས་ཀྱིས་བོད་སྤྱི་པའི་དོན་དུ་རང་ལུས་མེར་བསྲེགས་ཏེ། ཡུལ་དེའི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་དུ་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་པ་རེད། ད་ལྟ་ངས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་གཏམ་བཤད་དངོས་སུ་མ་བྱས་སྔོན་ནས་བློ་དགའ་ལགས་ཀྱིས་བློས་གཏོང་གནང་བ་དེ་ལ་དྲན་གསོ་ཞིག་ཞུས་པ་དང་། ད་ལྟ་ཚོགས་འདུ་མགོ་འཛུགས་པ་དང་མྱ་ངན་གུས་འདུད་ཅིག་ཞུས་པ་རེད། དེ་དང་དེ་བཞིན་ད་ལྟ་འཛམ་གླིང་འདིའི་ནང་དམག་འཁྲུག་མང་པོ་ཞིག་ཡོང་གི་ཡོད་ལ། བྱུང་བའི་གོད་ཆག་ཀྱང་མང་པོ་ཞིག་ཡོང་གི་ཡོད་ཅིང་། ཁག་ཅིག་གིས་བྱུང་བའི་གོད་ཆག་ཡོང་བསྡད་པ་དེ་དག་མིས་བཟོས་པའི་རྐྱེན་གྱིས་གོད་ཆག་ཡོང་གི་ཡོད་པའི་འགྲེལ་བཤད་སྐྱོན་མཁན་ཡོད་པ་རེད། དེར་བརྟེན་འཛམ་གླིང་འདིའི་ནང་འགྲོ་བ་མི་རྣམས་ཀྱིས་སྡུག་བསྔལ་མྱོང་སྡོད་ཀྱི་ཡོད་པས། དེ་དག་ཚང་མ་སྙིང་དབུས་སུ་བཞག་སྟེ་བསམ་བློ་བཏང་ནས་ལས་ཀ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་གསུང་བཤད་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།

ཚོགས་ཆེན་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། དེ་རིང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་འཚོགས་མགོ་ཚུགས་པ་རེད། བཀའ་ཤག་སྐབས་རིམ་པ་བྱས་ནས་བཀའ་ཤག་སྐབས་སོ་སོའི་དགོངས་པ་བཞེས་ཕྱོགས་ཀྱི་ཐོག་ནས་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོར་མར་བསྙོབ་རྒྱུ་དང་། གཞོན་སྐྱེས་དང་མཉམ་དུ་མཐུན་འབྲེལ་བྱ་རྒྱུ། དེ་བཞིན་དམིགས་ཡུལ་གཙོ་བོ་དེ་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་གསུངས་པ་གཞིར་བཟུང་། ང་ཚོའི་མ་འོངས་མགོ་ཁྲིད་གསོ་སྐྱོང་བྱ་དགོས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་དང་ལས་བྱེད་ནང་གཟིགས་པ་ཡིན་ན། བོད་ནས་ཡོང་མཁན་དེ་ཚོ་ཕལ་ཆེར་རྫོགས་འགྲོ་ཡི་ཡོད་པ་རེད། བཙན་བྱོལ་དུ་སྐྱེས་པའི་མི་རབས་དང་པོ་དང་གཉིས་པ་དེ་ཚོས་འགན་ཁུར་ནས་འགྲོ་ཡི་ཡོད་པ་རེད། ང་ཚོའི་མི་རབས་ཀྱང་རྫོགས་འགྲོ་ཡི་ཡོད་པ་རེད། ང་རང་ཡིན་ནའང་ལོ་ ༦༠ ལ་བསླེབས་ཡོད་ལ། ང་ཚོའང་ཉིན་མ་གཅིག་ཤི་འགྲོ་ཡི་རེད། དེར་བརྟེན་མ་འོངས་པར་བོད་པའི་འཐབ་རྩོད་གནས་ཐུབ་མིན་དེ་ཁྱེད་ཚོར་རག་ལས་ཀྱི་ཡོད་པ་རེད། དེ་མིན་གཞན་པ་སུ་གཅིག་ལའང་མཛུབ་མོ་འཛུགས་ས་མེད་པ་རེད། ང་ཚོའི་མི་རབས་ལ་བོད་ནས་ཡོང་མཁན་གྱི་མི་རབས་ཀྱིས་བསླབ་བྱ་བསྐྱོན་ཏེ། བོད་ནང་གི་སྐོར་ལ་འགྲེལ་བརྗོད་དང་སོ་སོའི་ལས་འགན་ངོ་སྤྲོད་བྱས་པ་ལ་བརྟེན་ནས། རྒྱབ་ལྗོངས་ག་རེ་ཡིན་མིན་ལ་མ་ལྟོས་པར་ད་ལྟ་ང་ཚོ་འགན་འཁྱེར་མཁན་ཞིག་ཆགས་བསྡད་འདུག ད་ལྟ་བར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ལས་བསྐྱོན་པ་དེ་དག་མུ་མཐུད་དུ་གནས་དགོས་ཀྱི་ཡོད་ན། རྣམ་པ་ཚོས་འགན་བཞེས་རྒྱུ་མགོ་འཛུགས་དགོས་ཀྱི་རེད། དེ་མིན་རྣམ་པ་ཚོས་འགན་མ་བཞེས་ན་ང་ཚོས་གཞན་པ་ཞིག་ལ་རྩིས་སྤྲད་ས་གང་ཡང་མེད་པ་རེད། བཀའ་ཤག་སྐབས་རིམ་པས་གཞོན་སྐྱེས་ཚོར་བསྙོབ་རྒྱུའི་ཐབས་ཤེས་གནང་བ་རེད་ལ། བཀའ་ཤག་སྐབས་བཅུ་དྲུག་གི་སྔོན་ལ་ལྔ་དང་ལྔ་བཅུའི་ཚོགས་ཆེན་འཚོགས་ཡོད་པ་མ་ཟད། དེ་དག་གིས་སྤྱི་ཚོགས་ཁྲོད་ཕན་ཐོགས་ཆེན་པོ་བྱུང་བ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་པ་ཚོས་རེ་བ་བཟང་ས་ནས་བརྒྱག་དགོས་རེད། བོད་རྒྱའི་དཀའ་རྙོག་གསལལཐུབ་པར་རེ་བ་བཟང་ས་ནས་བརྒྱག་དགོས་ཀྱི་རེད། ཡིན་ནའང་བཙན་བྱོལ་དུ་བསླེབས་ནས་ལོ་ ༦༧ ཕྱིན་པ་རེད། བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ནས་ལོ་ ༧༦ འགྲོ་ཡི་ཡོད་པ་རེད། ད་ལྟ་བར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་པ་ལ་བརྟེན་ནས་བོད་པའི་གནས་ཚུལ་གསོན་པོར་ལྷག་ཐུབ་པ་རེད། འཛམ་གླིང་འདིའི་ནང་བཙན་བྱོལ་བ་དཔེ་མང་པོ་ཡོད་རེད། བཙན་བྱོལ་བ་དང་སྐྱབས་བཅོལ་བ་མང་པོ་ཡོད་པའི་ཁྲོད་དམངས་གཙོའི་ཆ་ལག་ཡོངས་སུ་ཚང་བ་ང་ཚོ་གཅིག་པོ་རེད། དེར་བརྟེན་ང་ཚོས་འཛམ་གླིང་ནང་སྐོར་སྐྱོད་བྱེད་པའི་སྐབས་སུ། ང་ཚོ་ལའང་གུས་བརྩི་ཏོག་ཙམ་ཡོང་བ་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་བྱ་དགོས་པ་དེ་དག་ང་ཚོས་བསམ་བློ་བཏང་ནས་འགྲོ་ཡི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་ད་ལྟ་ཞལ་བཞུགས་པའི་སྐབས་སུ་ང་ཚོས་རྒྱལ་ཁབ་གཞན་པ་དང་མཉམ་དུ་འབྲེལ་བ་གང་འདྲ་གཞག་དགོས་ཀྱི་ཡོད་མེད་དེ་དག་སྒྲོམ་གཞི་དང་ལྡན་པའི་ཐོག་ནས་གཞག་དགོས་ཀྱི་ཡོད་པ་རེད། ད་ལྟ་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་དུས་ང་ཚོར་ཆེ་མཐོང་རག་གི་ཡོད་པ་འདི། ད་ལྟ་ང་ཚོས་བདག་པོ་ཡག་པོ་བརྒྱག་ཐུབ་ན་དེ་ཚོ་འགྲོ་སྟངས་ཤིག་ཆགས་ཀྱི་རེད། མ་འོངས་པར་ལོ་ ༢༠ དང་ ༣༠ རྗེས་སུ་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐུབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚད་དང་ལྡན་པ་ཞིག་ཆགས་ཐུབ་ཀྱི་རེད། དེ་མིན་བཙན་བྱོལ་དུ་བོད་མི་འབུམ་གཅིག་དང་ཁྲི་གསུམ་མ་གཏོགས་མེད་ཀྱང་། ང་ཚོ་ནང་ཁུལ་རྩོད་པ་རྒྱག་ན་ཕན་ཐོགས་རྒྱུ་མེད་པ་རེད། ཅེས་དང་། ད་ལན་གྱི་ཚོགས་ཆེན་འདི་དང་བསྟུན་རྒྱལ་ཁབ་བཅུ་གསུམ་ལྷག་ནས་ཆེད་ཕེབས་གནང་བའི་གཞོན་སྐྱེས་རྣམས་ཀྱིས་དུས་ཚོད་སྟོང་སད་དུ་མི་གཏོང་བར། བོད་ནང་གི་ཛ་དྲག་གི་གནས་སྟངས་མང་དག་ཅིག་ལ་རྒྱུས་ལོན་གྱིས།  སྤྱི་ཚོགས་སུ་ཞབས་འདེགས་བསྒྲུབ་རྒྱུའི་དམིགས་ཡུལ་བཅངས་དགོས་པའི་མུར། བོད་ཀྱི་འབྱུང་འགྱུར་གྱི་འཐབ་རྩོད་དེ་མི་ལོ་བཅུ་ཕྲག་འགར་གནས་སླད་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་འགན་འཁུར་དགོས་སྐོར་སོགས་གསུངས་སོང་།

འཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་འཇར་མན་དང་པོ་ལན་ཌིའི་འབྲེལ་ལམ་ཐད་ཀྱི་ཆེད་མཁས་པ་སྐུ་ཞབས་རྗོ་ན་སི་ (Mr. Jonas Kolecki) ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།

སྐུ་མགྲོན་གཙོ་བོ་འཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་འཇར་མན་དང་པོ་ལན་ཌིའི་འབྲེལ་ལམ་ཐད་མཁས་པ་རྗོ་ན་སི་ (Mr. Jonas Kolecki) ལགས་ཀྱིས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་སྟེང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་སྐལ་བ་བཟང་པོ་ཡིན་སེམས་ཀྱི་འདུག ང་རང་ཁ་སང་དྷ་སར་འབྱོར་རྗེས་ཁྱེད་རྣམ་པས་སྣེ་ལེན་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་ལན་ང་རང་ཡུ་རོབ་མཐུན་ཚོགས་ནས་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་བྱས་པ་ཐོག་མ་ཡིན། ཞེས་དང་། བོད་པའི་གཞོན་སྐྱེས་རྣམས་ལ་སོ་སོའི་གནས་ཡུལ་རྒྱལ་ཁབ་གང་དུ་ཡོད་རུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་གསོན་པོར་གནས་པར་དམིགས་བསལ་གྱི་འོས་འགན་ཆེན་པོ་ཡོད་སྟབས། བོད་ཕྲུག་རྣམས་ཀྱིས་མུ་མཐུད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་མིའི་གཞོན་སྐྱེས་རྣམས་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་ཚོགས་སྡེ་ཁག་དང་སྤྱི་ཚོགས། དེ་བཞིན་ཆབ་སྲིད་ནང་མཉམ་ཞུགས་བྱས་ཏེ་བོད་དོན་དྲིལ་བསྒྲགས་དང་། ཞི་བའི་ལས་འགུལ་སྤེལ་བ་བརྒྱུད་བོད་དོན་རྒྱབ་སྐྱོར་བ་འཚོལ་ཞིབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

འདི་གའི་གསར་འགོད་པས་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་ཚོགས་ཆེན་དེའི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་འཚོགས་ཟིན་ནས་གཞོན་སྐྱེས་ ༣༠༠ ལྷག་ལ་གོ་སྐབས་ཕུལ་ཟིན་པ་རེད། ཚོགས་ཆེན་དེའི་དམིགས་ཡུལ་ནི་ཚོགས་ཆེན་ནང་ཚོགས་བཅར་ཞུས་པའི་གཞོན་སྐྱེས་རྣམས་ཀྱི་སོ་སོའི་ཤེས་བྱ་དང་། ལས་རྩལ། བློ་སྟོབས་གོང་འཕེལ་གཏང་རྒྱུར་དམིགས་པ་གཅིག་དང་། གཉིས་པ་དེ་ལ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་བསླེབས་ཡོད་པ་དེ་དག་ལ་སོ་སོའི་ཉམས་མྱོང་དང་ཤེས་ཡོན་གང་ཡོད་པ་རྣམས་གཞོན་སྐྱེས་ཕན་ཚུན་བརྗེ་ལེན་བྱ་རྒྱུའི་སྡིངས་ཆ་དང་གོ་སྐབས་བསྐྲུན་རྒྱུ། གསུམ་པ་དེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱལ་སྤྱིའི་གནས་བབ་ཐོག་ལ་བོད་དོན་གྱི་གནས་སྟངས་གང་འདྲ་ཡོད་པ། དེ་བཞིན་གནས་སྟངས་དེ་འདྲའི་འོག་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཇི་འདྲ་སྤེལ་དགོས་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཡོད་པ་དེ་གང་འདྲ་ཐེར་འདོན་བྱ་དགོས་ཀྱི་ཡོད་པ་བཅས་ལ་དམིགས་ཏེ་ཚོགས་ཆེན་འདི་འཚོགས་དང་འཚོག་མུས་ཡིན་པ་རེད། ཚོགས་འདུ་འདི་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཀྱི་འདུག དེ་སྔ་ཚོགས་ཐེངས་གསུམ་འཚོགས་པ་དེས་ནུས་པ་ཆེན་པོ་ཐོན་པ་ཞིག་མཐོང་གི་འདུག བོད་དོན་འཐབ་རྩོད་མུ་མཐུད་གནས་པར་མི་རབས་རྒན་པས་མི་རབས་གཞོན་པར་རྩིས་སྤྲོད་བྱ་དགོས་ཀྱི་ཡོད་པར་བརྟེན། ང་ཚོས་ད་ལྟ་ནས་མི་རབས་གཞོན་པ་གསོ་སྐྱོང་བྱ་དགོས་ཀྱི་ཡོད་པས་ཚོགས་ཆེན་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་བྱུང་།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།

དེ་རིང་ཞོགས་པར་ཆུ་ཚོད་ ༡༡ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་རྣམ་གཉིས་ཀྱིས་བོད་ཀྱི་གནད་དོན་མུ་མཐུད་གསོན་པོར་གནས་ཐབས་དང་། གཞོན་སྐྱེས། རང་གི་ངོ་བོ། རང་དབང་འཐབ་རྩོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། ཆུ་ཚོད་ ༡༢ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རིག་གཞུང་འབྲེལ་འདྲིས། མཐུན་ཕྱོགས་སྐྱེད་སྲིང་། གོ་ལ་ཁྱོན་དུ་བོད་དོན་རྒྱབ་སྐྱོར་སྤེལ་ཐབས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་རྩོམ་པ་པོ་དང་གསར་འགོད་པ། བོད་དོན་སྐོར་ཆེད་མཁས་པ་ལྕམ་སྐུ་ཀེ་རེ་སོན་ཌར་སི་ (Kate Saunders) ལགས་ཀྱིས་འཐབ་ཇུས་ཀྱི་འབྲེལ་ལམ་དང་། གནས་ཚུལ་ལོག་བཤད་ལ་གདོང་ལེན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese