མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བའི་ནང་༧གོང་ས་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བྱམས་བརྩེའི་ལོ་མཇུག་སྒྲིལ་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༧།༦

ཕྱི་ཚེས་ ༦ ཉིན་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། དབུས་བོད་མིའི་སྒྲིག་འཛུགས་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༧མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་སྲུང་གཙི་ཞུས་ཡོད་ཅིང་། འཁྲུངས་སྐར་སྲུང་གཙིའི་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག ལ་དྭགས་ནང་པ་ཚོགས་པའི་དབུ་སྐྱོང་དང་ལ་དྭགས་དགོན་སྤྱི་ཚོགས་པའི་ཚོགས་གཙོ་སོགས་ས་གནས་ཡུལ་མི་དང་བོད་མི། དེ་བཞིན་དད་ལྡན་དོན་གཉེར་ཅན་སྟོང་ཕྲག་མང་པོ་ཞིག་ཆེད་ཕེབས་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་དངོས་གནས་དྲང་ནས་དམ་ཚིག་དང་དད་པ་གཡོལ་བ་མེད་པའི་མི་རིགས་ཁག་མང་པོ་ཞིག་ས་གནས་འདིར་འདུས་ནས། ངོས་རང་ཚེ་རིང་པོ་ཡོང་བའི་སྨོན་ལམ་རྒྱག་པ་སོགས་བྱས་པ་རེད། ངོས་རང་ལའང་ཆ་བཞག་ན། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་ཐུགས་སྨོན་ཇི་ལྟར་གནང་བ་ནང་བཞིན། འཛམ་གླིང་འདིར་ཆོས་དད་མེད་ན་དགེ་མཚན་ག་རེ་འདུག ངོས་རང་སྔ་མོ་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཐུག་པའི་སྐབས། ཆོས་ཟེར་བ་དེ་དུག་རེད་ཅེས་བཤད་མྱོང་། གང་ལྟར་དངོས་ཡོད་གནས་ཚུལ་ལ་ཆོས་ནི་ལྷ་གསོལ་བའི་སྐད་ཆ་གཅིག་པུ་མ་རེད། སེམས་རྒྱུད་ལ་བརྟག་དཔྱད་ཀྱིས་འདུལ་ཐབས་བྱེད་པ་ནི་བློ་ཆོས་སུ་འགྲོ་བའི་ཆེད་དང་། ཆོས་ལ་དད་པ་བྱེད་པའི་དགོས་དོན་སྙིང་པོ་ནི་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་རྒྱུ་དེ་རེད། ངོས་རང་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་འཛམ་བུ་གླིང་ལ་དངོས་གནས་དྲང་གནས་ཞི་བདེ་ཡོང་བ་དང་། རྒྱ་ནག་ལ་ཆ་བཞག་ན་ནང་པའི་ཆོས་ཤུགས་ཆེན་པོ་ཡོད་པ་དེ་དར་རྒྱས་ཡག་པོ་ཞིག་འགྲོ་ཐུབ་རྒྱུ་ཞིག་དང་། ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་ཚང་མ་མཚོན་ནའང་ཆོས་ལ་དད་པ་ཞེ་དྲགས་ཤུགས་ཆེན་པོ་རེད། བྱས་ཙང་ང་ཚོ་ཚང་མས་སོ་སོའི་ཕ་མེས་ནས་མར་བྱུང་བའི་རིག་གཞུང་དང་སེམས་རྒྱུད་ཞི་ཞིང་དུལ་བ། གཞན་ལ་ཕན་པ་བསྒྲུབ་རྒྱུ་དེ་རེད། ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་སྔ་མོ་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་ཏུང་པེ་ཁུལ་སོགས་སུ་སླེབས་སྐབས་ཆོས་ལ་དད་པའི་ཤུགས་གང་ས་གང་དུ་འདུག དེ་བཞིན་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་ཚང་མ་ཆོས་ལ་ཧ་ཅང་དད་པ་ཤུགས་ཆེན་པོ་རེད། དེར་བརྟེན། ང་ཚོ་ཚང་མ་སོ་སོའི་ཕ་མེས་ནས་རིག་གཞུང་དང་ཁྱད་མེད་ཀྱི་སེམས་རྒྱུད་ཞི་ཞིང་དུལ་བ་དང་། གཞན་ལ་ཕན་པ་སྒྲུབ་པའི་གོམས་གཤིས་ཡོད། ངོས་རང་ལ་ཆ་བཞག་ན་སྔ་མོ་རྒྱ་ནག་ལ་ཕྱིན་པ་ཡིན་ལ་ཏུང་པེ་ཁུལ་དུ་མང་པོ་བསླེབས་སོང་། ཆོས་ལ་དད་པའི་ཤུགས་དེ་གང་ས་གང་དུ་འདུག ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་རྒྱ་གར་བྱང་རྒྱུད་དུ་རུབ་རུབ་བྱས་ཏེ་བསྡད་ཡོད། རྒྱ་གར་ཡུལ་མི་ཙམ་དུ་མ་ཟད་ང་ཚོར་དགའ་མོས་བྱེད་མཁན་གྱི་མི་མང་པོ་དེ་རིང་འདིར་འཛོམས་ཡོད་རེད། ཚང་མས་བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཞེས་སོགས་ཕན་པའི་བསམ་པ་ཞི་ཞིང་དུལ་བའི་བློ་དེ་ལྟ་བུས་འཛམ་གླིང་ལ་ཞི་བདེ་ཡོང་བའི་སྨོན་ལམ་བརྒྱབ་པ་བཞིན། ངོས་རང་གིས་དངོས་གནས་དྲང་གནས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་དང་། དེ་ཟིན་པའི་ཐོག་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་ཡོང་ཐུབ་པར་ཞོགས་པ་ཡར་ལངས་པ་དང་སྨོན་ལམ་རྒྱག་བཞིན་ཡོད། ཅེས་དང་། ངོས་རང་གིས་སྨོན་ལམ་རྟག་པར་རྒྱག་གི་ཡོད་ལ། སྨོན་ལམ་དེ་ཡང་གང་འཚམ་འགྲུབ་པ་ལྟ་བུར་མཐོང་གི་འདུག དེང་སང་རྒྱ་ནག་ལ་མཚོན་ནའང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འདུག དེ་བཞིན་འཛམ་གླིང་གི་ས་ཁུལ་མང་པོར་སངས་རྒྱས་པའི་ཆོས་ཀྱི་ནང་བྱམས་བརྩེ་ཞེས་གསུངས་པ་ལ་དོ་སྣང་དང་། ཆོས་མེད་མཁན་གྱི་ལུང་པ་དང་། ཁ་ཆེའི་ལུང་པ། ཧིན་དྷུའི་དང་པོ་འཛིན་མཁན་གྱི་ལུང་པ་སོགས་ཀྱིས་མཚོན་པའི་གང་ས་གང་དུ་ཕན་སེམས་ཀྱི་བློ་ལ་ཚང་མས་དགའ་མོས་བྱེད་བཞིན་འདུག ངོས་རང་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་གི་ཡོད། སྨོན་ལམ་རྒྱག་གི་ཡོད། དངོས་ཡོད་ཀྱི་གནས་ཚུལ་ལ་ངོས་རང་ས་ཆ་གང་ས་གང་དུ་བསླེབས་ཡོང་དུས། ཕན་པའི་བསམ་པ་དེ་རྒྱ་ཆེར་སྤེལ་ཐུབ་ན་བསམས་ནས་སྨོན་ལམ་དེ་རྒྱག་གི་ཡོད།  ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། དེ་རིང་སྐབས་སུ་བབ་པ་ངོས་རང་ལོ་ ༩༡ སླེབས་པ་རེད། ངོས་རང་གི་མི་ཚེ་ལ་ཕྱིར་བལྟས་སློག་སྐབས་དངོས་གནས་ངོས་རང་གིས་གཞན་ཕན་གྱི་བློ་དེ་རྩ་ཆེན་པོ་བྱས་ཏེ་ཞོགས་པ་གཉིད་སད་པ་དང་། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་སྨོན་རྒྱག་བཞིན་ཡོད་ལ། ད་ལྟའི་བར་དུ་ངོས་རང་ས་ཆ་གང་དུ་སླེབས་པ་ཡིན་ནའང་དགའ་མོས་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་བསམ་པ་བཟང་པོ་བྱས་པ་དེ་ཆགས་ཀྱི་འདུག ངོས་རང་གི་རྨི་ལམ་ལ་བལྟས་པ་ཡིན་ན་ངོས་རང་ཕལ་ཆེར་ལོ་ ༡༣༠ ཙམ་སྡོད་པའི་མཚན་མ་ཞིག་འདུག ངོས་རང་དང་ཐད་ཀར་འབྲེལ་བ་ཡོད་པ་རྒྱ་ནག་ཏུ་སངས་རྒྱས་པའི་ཆོས་ཡག་པོ་དར་ཐུབ་པ་དང་། དེ་དང་དེས་མཚོན་པའི་ཡུལ་གྲུ་མང་པོར་ཕན་པའི་བསམ་པའི་ཀུན་སློང་བཟང་པོའི་མི་ཚེ་བསྐྱལ་རྒྱུའི་མིག་ལྟོས་བཟང་པོ་ཞིག་ཡོང་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་གསུངས།

སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཁག་ཅིག བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༦

དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ། ཁོང་གི་ཞི་བདེ་དང་འཆམ་མཐུན་གྱི་བཀའ་སློབ་ནི་འཛམ་གླིང་ཡོངས་ཀྱི་མི་མང་གི་ལམ་སྟོན་ཞིག་ཡིན་ལ། ཁོང་གི་བླང་དོར་དང་སེམས་ཀྱི་སྟོབས་ཤུགས། འཛམ་གླིང་ལ་ཕན་པའི་དམ་བཅའ་བཅས་ལ་བསྔགས་བརྗོད་ཞུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་རིང་ཞིང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། ཅེས་གསུངས་འདུག་ལ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། དད་གུས་དང་དགའ་སྤྲོ་ཚད་མེད་ཀྱི་ངང་ནས་འཛམ་གླིང་ཡོངས་ཀྱི་དད་ལྡན་པ་དང་བཀྲ་ཤིས་བདེ་ལེགས་ཞུ་མཁན་ས་ཡ་མང་པོ་དང་མཉམ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པར་འཚམས་འདྲི་ཞུ། ༧གོང་ས་མཆོག་སྐུ་ཚེ་རིང་ཞིང་བདེ་ཐང་ཡོང་བ་དང་།  ཐུགས་དགོངས་དང་བྱམས་བརྩེའི་ལམ་སྟོན་དེ་ལོ་ངོ་མང་པོར་དར་ཞིང་རྒྱས་ཏེ་སེམས་ཅན་ཐམས་ཅད་ལ་ཞི་བདེ་དང་། འཆམ་མཐུན། ཆོས་ཀྱི་འོད་སྣང་འབྱུང་བར་ཤོག ཅེས་གསུངས་འདུག

དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་པེ་ལོ་སི་(Nancy Pelosi) མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུའི་གོ་སྐབས་འདི་བདག་གི་སེམས་ནས་དགའ་སྤྲོ་ཆེན་པོས་བླངས་པ་ཡིན་ལ། མི་རབས་མང་པོར་སྐུལ་མ་གནང་མཁན་གྱི་དབུ་ཁྲིད་ལ་བཀའ་དྲིན་ཆེ། ཞེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་མང་གིས་ཆོས་ལུགས་དང་། སྐད་ཡིག རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་མུ་མཐུད་དུ་གནང་བཞིན་པར། ང་ཚོ་མི་མང་པོ་ཞིག་སྤོབས་པ་དང་བཅས་་མཉམ་དུ་ལངས་ཡོད། ཅེས་གསུངས་འདུག་ལ། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་ཡི་སྤྱི་ཁྱབ་བློན་ཆེན་རེ་ཁ་གྷུ་ཊ་(Rekha Gupta) མཆོག་དང་།  འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རེམ་སི་རྟ་དམག་མཆོག ཀོང་གྷེ་རི་སི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཤ་ཤི་ཐ་རོར་ ( Shashi Tharoor) མཆོག རྒྱ་གར་དབུས་གཞུང་གི་གྲོས་ཚོགས་དང་གྲངས་ཉུང་མི་རིགས་ཀྱི་བདེ་དོན་བློན་ཆེན་སྐུ་ཞབས་ཀེ་རིན་རི་ཇི་ཇུ་(Shri. Kiren Rijiju)མཆོག རྒྱ་གར་དབུས་གཞུང་གིས་ལམ་དང་འགྲིམ་འགྲུལ་བློན་ཆེན་ནི་ཐན་གྷ་ཌི་གྷ་རི་ (Nitin Gadkari) མཆོག ཨ་སམ་གྱི་སྤྱི་ཁྱབ་བློན་ཆེན་ཧི་མན་ཊི་(Himanta  Biswasarma) མཆོག་སོགས་གཙོས། འཛམ་གླིང་ས་ཕྱོགས་གང་སར་གྱི་ཆབ་སྲིད་མི་སྣ་དང་། མགོ་ཁྲིད་སོགས་ཀྱིས་༧མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese