མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་དང་ས་རུད་སོགས་རང་བྱུང་གོད་ཆག་བྱུང་སྟེ་མི་གྲངས་སྟོང་ཕྲག་མང་པོའི་འཚོ་བར་དོ་ཕོག་དང་ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཐེབས་འདུག

Rescue workers evacuate residents in a rubber dinghy after flood waters inundate villages in Hengzhou, Guangxi. Photograph: cnsphoto/Reuters

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ཁུལ་གྱི་གྲོང་གསེབ་ཏུ་ས་རུད་བྱུང་སྟེ། མི་གྲངས་ ༣༣ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༡༧ ཙམ་མྱུར་སྐྱོབ་བྱེད་ཐུབ་ཡོད་ཅིང་། ད་ལྟའི་ཆར་ས་གནས་ཀྱི་འབྲེལ་ཡོད་ཚོས་ས་རུད་ཀྱི་གོད་ཆག་བྱུང་དེའི་ཁྲོད་བོར་བརླག་ཏུ་ཕྱིན་པའི་མི་རྣམས་འཚོལ་ཞིབ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁུལ་དེའི་ཡུལ་མི་རྣམས་ཉེན་གཡོལ་སླད་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་སྐོར་རྗོད་ཀྱིན་འདུག

གཞན་ཡང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༦ སྟེ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ལྷོ་ཁུལ་གྱི་ཀུང་ཞི་ (Guangxi) ས་ཁུལ་དུ་ཆར་པ་ཤུགས་ཆེན་བསྟུད་མར་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུགས་པ་དང་། རླུང་འཚུབ་འཕྱུར་ཏེ་ཉུང་མཐར་མི་གྲངས་ ༤ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༨ གར་སོང་ཆ་མེད་གྱུར་བ། དེ་བཞིན་ཉུང་མཐར་མི་གྲངས་ཁྲི་ ༥ ས་གནས་གཞན་དུ་གནས་སྤོ་བྱ་དགོས་བྱུང་འདུག ད་དུང་རྒྱ་ནག་ལྷོ་རྒྱུད་ནན་ཉིན་ (Nanning) གྲོང་ཁྱེར་དུ་ཆར་པ་བསྟུད་མར་བབས་རྐྱེན་ཆུ་ལོག་བྱུང་ཞིང་། ཁུལ་དེའི་ཆུ་རགས་གསུམ་དུ་ཆུས་ཁེངས་ཏེ་ལུད་པར་བརྟེན། ཡུལ་མི་ ༥༥,༠༠༠ ཙམ་གྱི་འཚོ་བར་དོ་ཕོག་ཤུགས་ཆེན་ཐེབས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ནན་ཉིན་གྲོང་ཁྱེར་གྱི་དཔོན་རིགས་ཚོས། ཁུལ་དེར་ཆར་པ་བསྟུད་མར་བབས་པའི་རྐྱེན་གྱིས་ཆ་རགས་གཏོར་སྐྱོན་ཐེབས་ཏེ་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་བ་མ་ཟད། ཆུ་ལོག་ཚོད་འཛིན་གྱི་ཛ་དྲག་མྱུར་སྐྱོབ་ཀྱི་ཚད་རིམ་མཐོ་ཤོས་སུ་སླེབས་ཡོད་སྐོར་བརྗོད་འདུག

ད་དུང་ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་གུང་ཏུང་ཞིང་ཆེན་གྱི་ལྷོ་ཁུལ་དུ་ཡོད་པའི་རེན་ཧཱ་གྲོང་གསེབ་ (Renhe village) ཏུ་ཆར་པ་ཤུགས་ཆེན་བབས་རྐྱེན་ཁུལ་དེར་ཆུ་ལོག་རྒྱུགས་ནས་མི་གྲངས་ ༡༧ རྐྱེན་འདས་དང་། མི་གྲངས་བརྒྱ་ཕྲག་མང་པོར་རྨས་སྐྱོན་ཕོག་པ་མ་ཟད། མི་གྲངས་སྟོང་ཕྲག་མང་པོ་ཉེན་གཡོལ་ཆེད་ས་གནས་གཞན་དུ་གནས་སྤོ་བྱས་འདུག དེ་བཞིན། རྒྱ་ནག་དབུས་ཁུལ་གྱི་ཧུ་བྷའེ་ (Hubei) ཞིང་ཆེན་དུ་རླུང་འཚུབ་དྲག་པོ་འཕྱུར་ཏེ་ཉུང་མཐར་མི་གྲངས་ ༡༡ རྐྱེན་འདས་དང་མི་གྲངས་ ༣༣༡ ཙམ་ལ་རྨས་སྐྱོན་ཕོག་པ་མ་ཟད། ཁང་ཁྱིམ་ ༤༨༠༠ གཏོར་བཤིག་བཏང་བ་དང་ཁང་པ་ ༢༢ བརྡིབ་སྐྱོན་ཤོར་འདུག

དེ་འབྲེལ་རྒྱ་ནག་གཞུང་གི་གནམ་གཤིས་དཔྱད་རིག་པས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་གི་གུང་ཏུང་དང་། ཀེའུ་ཀྲུའུ་ (Guizhou) ཞིང་ཆེན། ཧུ་ནན་ (Hunan) ཁུལ་དུ་ཆར་པ་ཤུགས་ཆེན་འབབ་རྒྱུའི་ཚོད་དཔག་བྱེད་ཀྱིན་འདུག་ལ། རྒྱ་ནག་གི་ས་ཁུལ་གསུམ་དེའི་ནང་ཡུལ་མི་གྲངས་ས་ཡ་ ༡༥༠ ལྷག་འཚོ་སྡོད་བྱེད་ཀྱིན་ཡོད་ཅིང་། དེ་ནི་ཨུ་རུ་སུའི་མི་འབོར་ལས་མང་བ་ཆགས་ཀྱི་ཡོད་འདུག གཞན་ཡང་། གནམ་གཤིས་བརྟག་དཔྱད་རིག་པ་བ་ཁག་ཅིག་གིས། གོ་ལའི་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་ཕྱིན་པར་བརྟེན། རྒྱ་ནག་གི་མི་མང་དང་དཔལ་འབྱོར་ལ་ཉེན་ཁ་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་མང་པོའི་ཞིང་ལས་ལ་ཉེན་ཁ་བཟོ་ཡི་ཡོད་པ་རེད། ཅེས་བརྗོད་འདུག

Torrents of muddy water swiftly engulfed homes in Nanning city in southern China

ད་ལྟའི་རྒྱ་ནག་རྒྱལ་ཡོངས་སུ་རང་བྱུང་གོད་ཆག་གི་རྐྱེན་གྱིས་ཡུལ་མིའི་འཚོ་བར་བརྡབ་གསིག་དང་གནོད་འཚེ་ཕོག་གི་ཡོད་ཅིང་། དམིགས་བསལ་གྱིས་དབྱར་ཁའི་དུས་སུ་ས་ཁུལ་ཁག་ཅིག་ལ་ཆར་པ་བསྟུད་མར་བབས་ཏེ་ཆརཤུགས་ཆེ་དྲགས་ནས་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་བྱང་ཕྱོགས་དང་དབུས་ཞིང་ཆེན་ཧེ་ནན་དང་ཧྲན་ཏུང་། ཧྲན་ཤི་སོགས་སུ་ཚ་དྲོད་ཆེ་དྲགས་པའི་དཀའ་ངལ་ཡང་འཕྲད་ཀྱིན་ཡོད་པ་རེད། དེ་འབྲེལ་ཚན་རིག་པ་རྣམས་ཀྱིས། འཛམ་གླིང་ཁྱོན་ཡོངས་སུ་བཟོ་གྲྭ་ཇེ་མང་དུ་ཕྱིན་ཏེ་འཕྲུལ་རིག་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པའི་རྐྱེན་གྱིས། ཁོར་ཡུག་དང་མཁའ་རླུང་སོགས་ལ་འབག་བཙོག་ཤོར་ཏེ། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འཛམ་གླིང་གི་ཚ་དྲོད་མུ་མཐུད་དུ་འཕར་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གི་དབུས་དང་ལྷོ་ཕྱོགས་ཁུལ་དུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཉུང་མཐར་མི་གྲངས་ ༢༢ རྐྱེན་ལམ་དུ་ཤོར་བ་དང་། ས་ཁུལ་ཁག་ཅིག་ཏུ་ཆར་པའི་འབབ་ཚད་མཐོ་ཤོས་བྱུང་ཡོད་པ་སོགས་བསྒྲགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese