མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་སྟེ་མྱུར་སྐྱོབ་ཀྱི་ཚད་རིམ་ཨང་གསུམ་པ་ཅན་གྱི་ཐོག་ནས་ཛ་དྲག་གི་མྱུར་སྐྱོབ་བྱ་དགོས་ལུགས་ཀྱི་བཀའ་ཁྱབ་བསྒྲགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་གྲངས་བཞི་ལས་རྨས་སྐྱོན་ཕོག་མེད་ལུགས་བསྒྲགས་ནས་དངོས་ཡོད་ཀྱི་གནས་ཚུལ་སྦས་སྐུང་བྱས།

A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ དང་ ༨ བཅས་ཀྱི་ཞོགས་པར་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གོ་ཤིན་(Gaoxian county) རྫོང་ཁོངས་སུ་ཚད་རིམ་ ༥།༠༠ ཅན་གྱི་ས་འགུལ་རྒྱུགས་ནས། ད་བར་ཉུང་མཐར་མི་གྲངས་ ༤ ལ་རྨས་སྐྱོན་ལ་ཕོག་ཡོད་ལུགས་མ་གཏོགས། ཕྱོགས་ཡོངས་ནས་གནས་ཚུལ་སྦས་སྐུང་བྱས་པའི་དབང་གིས་གསལ་ཁ་གང་ཡང་མེད་པའི་ཁར། རྒྱ་ནག་གིས་དབྱེ་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་ཟེར་བའི་ནང་གི་བོད་མི་འདུ་སྡོད་ས་གནས་ཁག་ཏུ་ས་ཡོམ་བྱུང་ཡོད་མེད་གསལ་ཁ་གང་ཡང་མི་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ལྟར་ན། ཟླ་འདིའི་ཚེས་ ༧ གྱི་ཞོགས་པར་ཟི་ཁྲོན་ཞིང་ཆེན་གོ་ཤིན་རྫོང་ཁོངས་སུ་ས་འགུལ་རྒྱུགས་ནས་མི་གྲངས་ ༢ ལ་རྨས་སྐྱོན་ཆུང་ཚགས་རེ་བྱུང་ཡོད་པའི་ཁྲོད། མི་གཅིག་ས་གནས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཡོད་ལུགས་དང་། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༠༨ ཀྱི་སྟེང་སླར་ཡང་ས་འགུལ་རྒྱུགས་ནས་མི་གྲངས་གཉིས་ལས་རྨས་སྐྱོན་རིགས་ཕོག་མེད་ལུགས་བསྒྲགས་འདུག་ལ། ཡུལ་དངོས་སུ་ས་འགུལ་བྱུང་རྗེས། ཟི་ཁྲོན་ས་འགུལ་མྱུར་སྐྱོབ་ཚན་པས་ཡུལ་དངོས་ནས་མྱུར་སྐྱོབ་དང་རོགས་འདེགས་བྱས་ཡོད་ལུགས་བསྒྲགས་པའི་མུར། ཡུལ་དངོས་ཀྱི་གནས་བབ་རྟོག་ཞིབ་དང་སྔོན་འགོག་རིགས་ལ་གཞོལ་དགོས་ལུགས་ཀྱི་སྐད་ཆ་སོགས་བཤད་ཡོད་ལུགས་བསྒྲགས་འདུག་ལ། རྒྱ་ནག་དབུས་ས་འགུལ་མྱུར་སྐྱོན་ཚན་པས། ཁུལ་དེར་མྱུར་སྐྱོབ་ཀྱི་ཚད་རིམ་ཨང་གསུམ་པ་(Level-III ) ཅན་གྱི་ཐོག་ནས་ཛ་དྲག་གི་མྱུར་སྐྱོབ་ཀྱི་ལས་དོན་གཉེར་དགོས་པའི་བཀའ་ཁྱབ་བསྒྲགས་འདུག

ཨ་རབ་གསར་ཁང་(Voice of Emirates) ལྟར་ན། ས་ཡོམ་དེ་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༦། ༡༢ ལ་བྱུང་ཞིང་། བྱང་གི་འཕྲེད་ཐིག་ ༢༨།༥༢ དང་ཤར་གྱི་གཞུང་ཐིག་ ༡༠༤།༦༨ ཐོག་ཏུ་བྱུང་ཡོད། ས་ཡོམ་གྱིགཏིང་ཚད་ལ་སྨི་ ༨ ཙམ་ཡོད་སྟབས། ས་ཡོམ་གྱི་ཤུགས་རྐྱེན་ཉེ་འཁོར་ས་ཁུལ་ཁག་ཏུ་གསལ་པོར་ཚོར་ཐུབ་ཡོད་པ་མ་ཟད། ས་ཡོམ་གྱི་རྗེས་སུ་སྐར་མ་བཅུའི་ནང་ཚུད་དུ་རིམ་པ་ ༣།༠ ནས་ ༤།༠ བར་གྱི་ས་ཡོམ་མང་པོ་བྱུང་སྟེ། ཉེ་འཁོར་གྱི་མི་མང་རྣམས་ཁྱིམ་ནས་ཕྱིར་ཐོན་དགོས་པའི་གནད་དོན་སོགས་བྱུང་འདུག་ལ། ཁུལ་དེར་ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་ནས་བརྒྱད་བར་ཉུང་མཐར་ས་འགུལ་ཐེངས་བརྒྱད་བྱུང་ཡོད་པ་མ་ཟད། ཟི་ཁྲིན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་འདུ་ཁུལ་དུའང་ས་ཡོམ་གྱི་འགུལ་ཤུགས་བསླེབས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ལྟར་ན། སི་ཁྲོན་ཞིང་ཆེན་ནི་ས་ཁམས་ཀྱི་གནས་ཡུལ་རྙོག་འཛིང་ཆེ་བ་དང་རི་བོ་མང་བའི་ས་ཁུལ་ཞིག་ཡིན་པས། ས་ཡོམ་ཡོང་ཉེན་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ཟླ་བ་ ༥ ཚེས་ ༡༢ ཉིན་ཡུལ་དེར་ཤུགས་ཚད་ ༧།༩ ས་ཡོམ་བྱུང་ནས། མི་རྒྱུ་གཉིས་ལ་གྱོང་གུན་ཆེན་པོ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ས་ཁུལ་དེར་ལྟ་ཞིབ་དང་མ་དངུལ་སྤུངས་འཇོག་བྱེད་ཀྱིན་ཡོད་པ་མ་ཟད།  གལ་ཏེ་ཁུལ་དེར་ས་ཡོམ་བྱུང་ཚེ་ལྷོ་རྒྱུད་དུ་ཆུ་ལོག་དང་ཆར་ཞོད་སོགས་རང་བྱུང་ཁོར་ཡུག་གི་གོད་ཆག་ཤུགས་ཆེན་འབྱུང་ཉེན་ཡོད་པ་རེད།  དེ་བཞིན་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་ཁུལ་གྱི་བོད་མི་འདུ་སྡོད་ཀྱི་ས་གནས་ཁག་ཏུ་ས་འགུལ་བྱུང་ཡོད་མེད་ཐད་གསལ་ཁ་གང་ཡང་མེད་པའི་ཁར། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་མི་རྣམས་ཀྱིས་བོད་ནང་དང་རྒྱ་ནག་ཏུ་རང་བྱུང་གོད་ཆག་དང་འབྲེལ་བའི་གནས་ཚུལ་གྱི་པར་བརྙན་སོགས་དྲ་ལམ་དུ་བསྐུར་བ་དང་ཁྱབ་སྤེལ་བྱས་པར་དམ་དྲག་ཆེན་པོ་བྱེད་མུས་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ནང་ད་ལྟ་ས་ཡོམ་འབྱུང་སའི་ཡུལ་དངོས་གོ་ཤིན་(Gaoxian county) རྫོང་ཁོངས་ཀྱི་མི་འབོར་ཞིབ་བཤེར་ཁྲོད། ཁུལ་དེར་གནས་སྡོད་བྱེད་མཁན་བོད་རིགས་སྐྱེས་པ་བཅུ་དང་བུད་མེད་དགུ་བཅས་ཁྱོན་བོད་རིགས་ཉི་ཤུ་ལས་མེད་ལུགས་གསལ་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་ནག་ལྷོ་ཁུལ་གྱི་ཀུང་ཞི་ (Guangxi) ས་ཁུལ་དུ་ཆར་པ་ཤུགས་ཆེན་བསྟུད་མར་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུགས་པ་དང་། རླུང་འཚུབ་འཕྱུར་ཏེ་ཉུང་མཐར་མི་གྲངས་ ༤ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༨ གར་སོང་ཆ་མེད་གྱུར་བ། དེ་བཞིན་ཉུང་མཐར་མི་གྲངས་ཁྲི་ ༥ ས་གནས་གཞན་དུ་གནས་སྤོ་བྱ་དགོས་བྱུང་འདུག དེ་བཞིན་རྒྱ་ནག་ལྷོ་རྒྱུད་ནན་ཉིན་ (Nanning) གྲོང་ཁྱེར་དུ་ཆར་པ་བསྟུད་མར་བབས་རྐྱེན་ཆུ་ལོག་བྱུང་ཞིང་། ཁུལ་དེའི་ཆུ་རགས་གསུམ་དུ་ཆུས་ཁེངས་ཏེ་ལུད་པར་བརྟེན། ཡུལ་མི་ ༥༥,༠༠༠ ཙམ་གྱི་འཚོ་བར་དོ་ཕོག་ཤུགས་ཆེན་ཐེབས་ཡོད་འདུག་ལ། ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ཁུལ་གྱི་གྲོང་གསེབ་ཏུ་ས་རུད་བྱུང་སྟེ། མི་གྲངས་ ༣༣ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༡༧ ཙམ་མྱུར་སྐྱོབ་བྱེད་ཐུབ་ཡིན་ལུགས་སོགས་བསྒྲགས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese