མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་ཆར་གདུགས་གསར་བརྗེའི་སྣེ་འཁྲིད་པ་ཇོ་ཧྲ་ཝང་ཡིས་ཕྱི་རྒྱལ་གྱི་ཚོགས་སྡེ་ཁག་དང་ལག་འབྲེལ་བྱས་པའི་ནག་ཉེས་ངོས་ལེན་བྱས་ཡོད་ཟེར།

Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong

ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཧོང་གོང་གི་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཤི་ཇོ་ཧྲ་བོང་ (Joshua Wong) ལགས་ཀྱིས་ཕྱི་རྒྱལ་གྱི་ཚོགས་སྡེ་ཁག་དང་ལག་འབྲེལ་བྱས་པའི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་ཁོང་ལ་ཁྲིམས་ཆད་ཡོངས་བསྒྲགས་བྱས་མེད་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འོག་ནས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་འབབ་སྲིད་ཀྱི་ཡོད་སྐོར་བརྗོད་འདུག

ཁྲིམས་ཁང་དེས་བརྗོད་དོན་ལྟར་ན། ཇོ་ཧྲ་ཝོང་དང་ད་ལྟ་དབྱིན་ཡུལ་དུ་སྐྱབས་བཅོལ་ཡོད་པའི་ན་ཐན་ལོའུ་གཉིས་ཀྱིས་ཨ་རི་དང་འཇར་མན། ཨི་ཊ་ལི་སོགས་སུ་འབྲེལ་བ་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཧོང་ཀོང་གི་གནད་དང་འབྲེལ་ནས་རྒྱ་ནག་དང་ཧོང་ཀོང་གི་འབྲེལ་ཡོད་མི་སྣར་ཁྲིམས་ཆད་གཅོད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཁྲིམས་ཁང་གིས་ཇོ་ཧྲ་ཝང་གི་གྱོད་གཞི་ཡོངས་བསྒྲགས་བྱེད་སྐབས། ཇོ་ཧྲ་ཝང་གི་གྲོགས་པོ་དང་རྒྱབ་སྐྱོར་བ་མང་པོ་ཁྲིམས་ཁང་དུ་ཕྱིན་ནས་ཇོ་ཧྲ་ཝང་ལ་ཤུགས་རྒྱོབས་ཞེས་སྐད་འབོད་བརྒྱབ་ཡོད་ཅིང་། ཇོ་ཧྲ་ཝང་གིས་ཀྱང་འཛུམ་མདངས་དང་བཅས་མགོ་བོ་ལྡེམ་ལྡེམ་གྱིས་ཡ་ལན་སྤྲད་ཡོད་འདུག

ད་ཐེངས་ཇོ་ཧྲ་ཝང་ལ་བསྐྱར་དུ་ནག་ཉེས་ཕོག་པར་ཁོང་གི་རྒྱབ་སྐྱོར་བ་མང་པོས་སེམས་འཚབ་བྱེད་ཡོད་ཅིང་། དེ་སྔའི་དམངས་གཙོ་སྤྱི་ཚོགས་ཡར་ཐོན་ཚོགས་པའི་ཚོགས་མི་དང་ཇོ་ཧྲ་ཝང་གི་གྲོགས་པོ་ཚང་ཀི་ཤིན་(Tsang Kin-shing) ལགས་ཀྱིས། ཇོ་ཧྲ་ཝང་ད་ལྟའི་བར་ཉིན་ ༢༠༠༠ ལྷག་རིང་བཙོན་ཁང་དུ་བཅུག་ཡོད་པས། ཐེངས་འདིར་ཁྲིམས་ཆད་ཡང་མོ་གཅོད་པའི་རེ་བ་ཡོད་ཅེས་བརྗོད་འདུག ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་ཇོ་ཧྲ་ཝོང་གཙོ་བྱས་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ ༤༥ ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ། ཇོ་ཧྲ་ཝང་ལ་ལོ་བཞི་དང་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟའང་བཙོན་ཁང་དུ་ཁྲིམས་ཆད་འཁུར་མུས་ཡིན་པ་རེད།

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་པ་ནས་ད་བར་ཧོང་ཀོང་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བ་ཁྱོན་ ༤༡༥ ལྷག་འཛིན་བཟུང་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གསར་ལག་བསྟར་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༠ ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ལ་སྤྲད་ཡོད་པ་རེད།

དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལགས་ནི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་རྐྱེན་གྱིས་སྒོ་བརྒྱབ་པའི་ཌེ་མོ་སིས་ཊོ་ (Demosisto) ཞེས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོང་ཧོང་ཀོང་གི་སློབ་མའི་ལས་འགུལ་ཁང་ (Scholarism) ཞེས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཀྱང་ཡིན་ལ། ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་གི་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་གཞོན་སྐྱེས་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སྟེང་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད། ཨ་རིར་རྟེན་གཞི་བྱས་པའི་དུས་བབ་དུས་དེབ་ (Times Magazine) ཀྱིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་གཞོན་སྐྱེས་ཤུགས་རྐྱེན་ཆེ་ཤོས་གྲས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། ལོ་དེའི་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་འོས་མིར་ཡང་བདམས་ཡོད། དེ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཧྥོར་ཆུན་དུས་དེབ་ (Fortune Magazine) ཀྱིས་ཁོང་འཛམ་གླིང་གི་རླབས་ཆེན་མགོ་འཁྲིད་(World’s Grestest Leaders) གྲས་སུ་ངོས་འཛིན་བྱས་ཡོད། ཁོང་དམངས་གཙོའི་གཞུང་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ། དེ་བཞིན་ཕྱི་ལོ་ ༢༠༢༠ ལོ་ནས་བསྟུད་མར་བཙོན་ཁང་དུ་བཙོན་འཇུག་ཁྲིམས་ཆད་འཁུར་མུས་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese