མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཝོལ་ཀར་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་དབང་ཚུད་པའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སེམས་འཚབ་དང་སྦྲགས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་།

UN High Commissioner for Human Rights Volker Turk  Photo : Tawazon

ཁ་སང་ཕྱི་ཚེས་ ༧ ཉིན་ནས་ཟླ་བ་གཅིག་རིང་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(United Nations Human Rights Council) ཐེངས་༦༣ པ་འཚོག་མགོ་བཙུགས་ཡོད་པ་ལྟར། ཁ་སང་ལྷན་ཚོགས་དབུ་འབྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཝོལ་ཀར་ (Volker Türk) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་ཐོབ་ལ་དམ་དྲག་དང་གཉའ་གནོན་བྱེད་ཀྱིན་ཡོད་པ་མ་ཟད། ལྷག་པར་བོད་མི་རྣམས་ལ་ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་ཀྱིན་མེད་པའི་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག 

ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་མང་གི་ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་དེར་བློ་འཚབ་ཆེན་པོ་ཡོད། སྲིད་ཇུས་འདི་དག་མགྱོགས་མྱུར་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག  

དེ་བཞིན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས། དེང་སྐབས་འཛམ་གླིང་ནང་དམག་འཁྲུག་དང་། ཆབ་སྲིད། འཕྲུལ་རིག་སོགས་ཀྱི་ལམ་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་གིན་ཡོད་པའི་གནས་བབ་ཐེར་འདོན་གནང་བ་དང་སྦྲགས། ཨ་རི་དང་ཨི་རན་གྱི་དམག་འཁྲུག ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནས་སྟངས།  ཚོགས་མི་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གོང་མཐོར་གཏོང་དགོས་པའི་གནས་སྟངས་སོགས་ཀྱི་ཐད་ལ་གླེང་སློང་གནང་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། རྒྱལ་སྤྱིའི་མཉམ་ལས། བུད་མེད་དང་བྱིས་པ་སོགས་ཀྱི་ཁེ་ཕན་སྲུང་སྐྱོབ་དགོས་པའི་རེ་སྐུལ་ཞུས་སོང་། 

གནད་དོན་དེ་དང་འབྲེལ་ནས། ཇི་ནི་ཝར་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱིས། རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གསལ་བཤད་བྱས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག རྒྱལ་སྤྱིའི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་བསྐྱར་ནན་བྱེད་ཀྱི་ཡོད། འདི་ག་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། ཕྱི་འབྲེལ་ལས་དོན། རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་བཅས་ལ་མུ་མཐུད་ནས་འབྲེལ་བ་བྱས་ཏེ། བོད་ནང་གི་གནས་བབ་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ནང་ཚུད་པ་བྱ་རྒྱུ་ཡིན་སྐོར་སྤེལ་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས ༡༥ ནས་ཕྱི་ཟླ་ ༧ ཚེས་ ༨ བར་སུད་སི་གྲོང་ཁྱེར་ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ འཚོགས་པ་དང་བསྟུན། ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ (Volker Türk) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ལ་གོ་ལ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་གཏམ་བཤད་གནང་སྐབས། དེང་སྐབས་འཛམ་གླིང་ཁྲོད་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་དང་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཉེན་བརྡ་བཏང་ཡོད་པ་མ་ཟད། ངོ་ཚ་ཁྲལ་མེད་ཀྱི་བྱ་སྤྱོད་དེ་དག་གིས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཤུགས་ཆེན་བཟོ་མུས་ཡིན་སྐོར་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་ཡོད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

 Room XX of the UN Human Rights Council
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ སྟེང་བོད་དོན་གླེང་སློང་གནང་།

༢༠༢༣/༠༣/༢༤
Mobile App

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

༢༠༢༣/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese