མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྲིད་ཐག་གཅོད་ཀྱི་བདག་དབང་བོད་མིར་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱིན་པའི་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་དགོངས་པ་རྫོགས་མཚམས་སུ་རྒྱ་ནག་གི་འདོད་མོས་ལྟར་ཡང་སྲིད་ཞིག་འཚོལ་རྒྱུ་དེ་རེད་ཅེས་བཙན་བྱོལ་བོད་གཞུང་གིས་ལན་འདེབས་གནང་ཡོད། 

༢༠༠༧ ལོའི་ཟླ་བ་ ༧ པའི་ནང་རྒྱ་ནག་གཞུང་གིས་བཀོད་པ་ཨང་ལྔ་པ་ཅེས་པའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཏེ། བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་བྱ་བར་རྒྱ་ནག་གུང་ཁྲན་ཏང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་ཚུལ་དང།  བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་རྒྱ་གཞུང་ལ་ཡོད་ཅེས་པའི་འཁྱོག་བཤད་དང་བསྒྲགས་གཏམ་གང་སར་སྤེལ་བ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་ཇེ་མང་དུ་འགྲོ་གིན་ཡོད་སྟབས། བདུན་ཕྲག་འདིའི་ནང་བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ལ་ལན་འདེབས་གནང་ཡོད། ཐེངས་འདིའི་བཙན་བྱོལ་བོད་གཞུང་གི་ལན་འདེབས་ནང་དུ། ང་ཚོས་རྒྱ་གཞུང་གི་བྱེད་ཐབས་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པའི་ཆོས་དད་རང་མོས་ཀྱི་རྩ་བའི་ཐོབ་ཐང་བོད་མིའི་ལག་ནས་འཕྲོག་པ་ཞིག་དང་། རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཡང་འཕྲོག་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བོད་མི་རིགས་ནི་སྐྱེ་བ་ཕྱི་མ་ཁས་ལེན་མཁན་ཞིག་དང་འགྲོ་བ་ཡོངས་ལ་བརྩེ་བའི་མི་རིགས་ཤིག་ཡིན་སྟབས། ཁྱད་དུ་འཕགས་པའི་བླ་མ་དགེ་བཤེས་སོགས་ཀྱིས་སྐྱེ་བ་སྔ་ཕྱིའི་ལམ་སྤྱད་དེ་སེམས་ཅན་གྱི་དོན་དུ་ཡང་སྲིད་ཕེབས་ཀྱི་ཡོད། ཅེས་དང་། དེང་སྐབས་རྒྱ་ནག་གཞུང་གིས། མི་བདེན་རྫུན་སྒྲིག་གིས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་གསེར་བུམ་དཀྲུག་ནས་གདམ་སྲོལ་ཡོད་ཅེས་ཤོད་ཀྱིན་ཡོད་ལ། ༡༧༩༢ ལོར་གོར་བོད་དམག་ཁྲུག་གི་རྗེས་སུ་རྒྱ་ནག་མན་ཇུའི་གོང་མ་ཆན་ལུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གསེར་བུམ་དཀྲུག་ནས་ངོས་འཛིན་དགོས་པའི་སྲོལ་གཏོད་རྩིས་བྱས་མོད། འོན་ཀྱང་། ༡༨༠༥ ལོར་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ངོས་འཛིན་ཞུ་སྐབས་འོས་སྤྲུལ་བུ་གཉིས་ཡོད་ཀྱང་གསེར་བུམ་མ་དཀྲུག་པར་བོད་ཀྱི་དབུ་ཁྲིད་ཚོས་ངོས་འཛིན་གནང་བ་རེད།

དེ་ཙམ་མ་ཟད་སྐབས་དེའི་རྒྱ་ནག་གི་མན་ཇུའི་དམག་སྤྱི་ཕུ་ཁན་ཨན་གྱིས་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པར། གསེར་བུམ་དཀྲུག་དགོས་སོགས་སྒྲིག་སྲོལ་དོན་ཚན་ཉེར་དགུ་ཡོད་པ་དེ་དག་བསམ་འཆར་ཙམ་ལས་མཐའ་མའི་ཐག་གཅོད་བོད་མི་རང་ནས་བྱེད་དགོས་ཞེས་ཞུས་ཡོད་པ་རེད། རྒྱལ་མཆོག་སྐུ་ཕྲེང་དགུ་པ་དགུང་ལོ་བཅུ་པར་དགོངས་པ་རྫོགས་རྗེས་ཡང་སྲིད་ངོས་འཛིན་ཞུ་སྐབས་རྒྱ་མིའི་ཨམ་བན་གྱིས་གསེར་བུམ་དཀྲུག་དགོས་པའི་འདུན་པ་བསྟན་ཡང༌། བོད་གཞུང་གི་བཀའ་ཤག་དང༌། རྒྱལ་ཚབ། དེ་བཞིན་སེ་འབྲས་དགའ་གསུམ་གྱི་འཐུས་མིས་ལི་ཐང་དུ་འཁྲུངས་པའི་མཆོག་སྤྲུལ་དེ་བོད་ཀྱི་སྲོལ་རྒྱུན་ལྟར་ངོས་འཛིན་གནང་བ་ལས་གསེར་བུམ་དཀྲུག་མེད། རྒྱལ་མཆོག་སྐུ་ཕྲེང་བཅུ་པ་དགུང་ལོ་ ༢༧ ལ་དགོངས་པ་རྫོགས་རྗེས་ཁོང་གི་ཡང་སྲིད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བདུན་པས་ངོས་འཛིན་གནང་བ་དང་མཚན་ལ་མཁས་གྲུབ་རྒྱ་མཚོ་ཞེས་གསོལ་ཡོད་པ་རེད། དེར་བརྟེན། ལོ་རྒྱུས་ནང་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་བོད་མི་ཚོས་རང་དབང་ངང་བྱས་པ་ལས་སུ་ཞིག་གི་ཐེ་ཇུས་དང་དབང་ཤུགས་འོག་གནང་བ་བྱུང་མེད་སྟབས།  བཙན་བྱོལ་བོད་གཞུང་གི་ངོས་ནས་ ༢༠༠༧ ལོའི་ཟླ་ ༧ པའི་ནང་རྒྱལ་ཁབ་ཀྱི་ཆོས་ལུགས་ཅུས་བཀོད་པ་ཨང་ལྔ་པ་ཞེས་པའི་ཡིག་ཆའི་ནང་འཁོད་པའི་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་དགོས་ཞེས་བཀོད་ཡོད་པ་དེ། བོད་མིའི་གཞི་རྩའི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་མངོན་སུམ་འཛེམས་མེད་ཀྱི་ཐེ་ཇུས་བྱས་པ་ཞིག་དང་།  ཡིག་ཆ་དེ་ནི་བོད་མིའི་ཆོས་ཕྱོགས་ཀྱི་བྱ་བར་རྒྱ་ནག་གཞུང་གིས་ངོ་ཚ་ཁྲེལ་མེད་ངང་ཆབ་སྲིད་ཀྱི་ལག་པ་བརྐྱངས་པ་ཞིག་རེད། དེར་བཙན་བྱོལ་བོད་གཞུང་གི་ཆོས་དོན་ལས་ཁུངས་ཀྱིས་དབུས་བོད་ཀྱི་ཆོས་ལུགས་ཆེན་པོ་བཞིའི་དབུ་ཁྲིད་དང༌། བོན་ཆོས་ཀྱི་དབུ་ཁྲིད། དེ་བཞིན་གྲྭ་བཙུན་རྣམས་དང༌། ནང་ཆོས་ལ་དད་མོས་བྱེད་མཁན་ཡོངས་ནས་མཐའ་ཅིག་ཏུ་ཁས་ལེན་མེད་ཅེས་དང་། ཡང་སྲིད་ངོས་འཛིན་གྱི་བཀོད་ཁྱབ་དེ་རྫུན་གཏམ་ཁོ་ན་ཞིག་ཡིན་སྟབས། བོད་མི་རིགས་དང་རྒྱལ་སྤྱིའི་མི་མང་སུ་ཞིག་ལ་མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད། 

བོད་གཞུང་གིས་ལན་འདེབས་ནང་མུ་མཐུད་བཀོད་དོན། བཀོད་པ་དེའི་དམིགས་ཡུལ་གཙོ་བོ་ནི་བླ་སྤྲུལ་གྱི་ཡང་སྲིད་བྱེད་སྟངས་ལ་ཐེ་ཇུས་བྱས་ཏེ། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དགོངས་པ་རྫོགས་མཚམས་སུ་ཁོ་པ་ཚོའི་འདོད་མོས་ཀྱི་ཡང་སྲིད་འཚོལ་རྒྱུ་དེ་རེད། ཡིན་ན་ཡང་ྋགོང་ས་མཆོག་གིས། ཡང་སྲིད་ཕེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྐུ་གོང་མ་དེས་ལས་ཀ་འགོ་འཛུགས་གནང་བའི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་པའི་ཞབས་འདེགས་ཞུ་རྒྱུ་དེའི་མུ་མཐུད་པའི་དོན་དུ་ཡིན་ཞེས་གསུངས་ཡོད་པར་མ་ཟད། ཁོང་གིས། གལ་ཏེ་ང་བཙན་བྱོལ་ལ་སྡོད་རིང་ཤི་ན། ཡང་སྲིད་ཡོང་ས་དེ་རྒྱ་མིའི་ལག་པར་ཡོང་རྒྱུ་མིན་པར། འདི་ཕྱོགས་རང་དབང་ལུང་པའི་ནང་ཡོང་གི་རེད་ཅེས་ཚིག་ཐག་ཆོད་པོས་བཀའ་ནན་ཏན་གནང་ཡོད། དེར་བརྟེན། གལ་སྲིད་རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱས་ན། ཡང་སྲིད་རྫུན་མ་ཡོང་རྒྱུ་ངེས་པ་མ་ཟད། བོད་མིའི་སེམས་ནང་རྒྱ་ནག་གཞུང་ལ་མི་དགའ་བ་དེ་ལས་མང་བ་ཡོང་རྒྱུ་དོན་མི་ཟ། རྒྱ་ནག་གཞུང་གི་འཆར་གཞི་ནི། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་ཁོ་པ་ཚོའི་དམིགས་ཡུལ་སྒྲུབ་ཐབས་བྱ་རྒྱུ་ལས། བོད་མིའི་ཆོས་ཕྱོགས་ཀྱི་བྱ་བ་དང་བདེ་སྡུག་ཐོག་རྒྱ་ནག་གཞུང་གིས་སེམས་འཚབ་བྱེད་ཀྱི་མེད། བོད་ཀྱི་བླ་སྤྲུལ་རྣམས་ལ་གོ་མཚོན་སོགས་གང་ཡང་མེད། ཁོང་ཚོར་ཡོད་པ་ནི། བཟང་ཕྱོགས་ཀྱི་ནུས་པ་དང་སྤྱི་ཚོགས་ཀྱི་འགན་བཞེས་པའི་ཐོག ཁོང་ཚོ་ནི་བོད་མི་ཚོའི་ཆོས་དང་འཇིག་རྟེན་གཉིས་ཀའི་ལམ་སྟོན་བསླབ་བྱ་ཞུ་ས་ཞིག་ཡིན། དེ་ནི་རྒྱ་ནག་གུང་ཁྲན་གྱི་དབང་ཆར་ཐད་ཀར་གདོང་ཐུག་ཏུ་འགྲོ་ཡི་ཡོད་སྟབས། རྒྱ་ནག་གཞུང་ལ་རྩ་བ་ནས་མི་དགོས་པ་ཞིག་རེད། རྒྱུ་མཚན་དེ་དག་ལ་བརྟེན། རྒྱ་ནག་གཞུང་གིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་སྒོ་ཀུན་ནས་ངོ་ཚ་ཁྲེལ་མེད་ཀྱིས་སྟངས་འཛིན་གྱི་བྱེད་ཐབས་བྱེད་བཞིན་པ་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 12

  1. འབྲོག་ཁྱི། says:
    ལོ་ 16 སྔོན།

    མདའ་ཚན་ཚེ་རིང་ལགས།
    ངད་བོད་པ་ཚང་ལ་དགོས་རྒྱུ་ནི་བོད་རྒྱ་གཉིས་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་འཐོབ་རྒྱུ་དེ་རེད། དེ་ཡོང་བ་ལ་ཐབས་ལམ་འདྲ་མིན་གྱི་སྲིད་གྱུས་དང་ནུས་པ་འདོན་ཐུབ་པའི་གང་ཟག་ཁྱད་པ་བ་དེ་འདྲ་ངོ་སྤྲོད་དང་ལམ་བསྟོན་གནང་ཡ་ཡོད་ན་འུ་ཚོོ་ལ་ནད་ཐོག་གི་སྨིན་བཞིན་དུ་ཧ་ཅང་མཁོ་ཆེ་བས་ངོ་སྤྲོད་དང་ལམ་བསྟོན་མགྱོགས་ཙམ་གནང་རོག་གནང་། གལ་སྟེ་རང་ཉིད་ལ་ཐོན་མོང་མ་ཡིན་པའི་ནུས་པ་གང་ཡང་འདོན་རྒྱུ་མེད་ན་གཞུང་གི་བྱ་བཞག་ལ་སྐྱོན་བརྗོད་མ་བྱས་ན་མི་ལེགས་སམ།

    Reply
  2. མདའ་ཚན་ཚེ་རིང་། says:
    ལོ་ 16 སྔོན།

    འབྲོག་ཁྱི་ལགས། ཁྱེད་ཀྱིས་ངོས་འཛིན་གང་ལ་བྱེད་ཀྱི་ཡོད་མེད་མི་ཤེས། འོན་ཀྱང་།མཆན་གྱི་དོན་དག་གང་ཡིན་ངོས་འཛིན་གསལ་བོ་བྱུང་མཚམས་གཞི་ནས་རང་གི་བསམ་ཚུལ་བཏོན་ན་མི་བཟང་ངམ།

    Reply
  3. འབྲོག་ཁྱི། says:
    ལོ་ 16 སྔོན།

    ངས་ནི་བོད་རྒྱ་གཉིས་ཞི་འགྲིག་མི་ཡོང་བའི་རྒྱུ་རྐྱེན་ཕན་ཚུན་སྐད་བརྡ་མ་འཕྲོད་པར་ངོས་འཛིན་རྩ་བ་ནས་བྱེད་ཀྱིས་མེད།

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཞིང་མཆོག་ཐུགས་དམ་གནད་བསྐུལ།

    སྔོན་བསྟན་པ་སྔ་དར་དུས་སུ། །
    མགོན་ཨོ་རྒྱན་ཆེན་པོས་ཞལ་ནས། །
    བོད་རྒྱལ་བློན་རྗེ་འབངས་ཡོངས་ལ། །
    དུས་གཏན་དུ་སྐྱོང་ཞེས་གསུངས་པས། །

    དེང་སྙིགས་མ་ལྔ་བདོའི་གཤམ་འདིར། །
    རྒྱ་དམར་པོས་བོད་ཁམས་འཇོམས་ཤིང་། །
    གདོན་དམ་སྲིའི་བསྟན་པ་རྒྱས་པས། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག།

    བོད་བསྟན་སྲིད་ཡོངས་ཀྱི་སྤྱི་དགྲ། །
    ལྷ་ཕྱག་ན་པདྨོའི་སྐུ་དགྲ། །
    དཔལ་ཞྭ་སེར་བསྟན་པའི་སྒོས་དགྲ། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག

    Reply
  5. མདའ་ཚན་ཚེ་རིང་། says:
    ལོ་ 16 སྔོན།

    རྒྱ་ནག་གིས་ག་དུས་ཡིན་ན་ཡང་འཁྱོགས་བཤད་དང་རྗུན་སྒྲིགས་རྐྱང་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་། ང་རང་ཚོའི་གཞུང་གི་ངོས་ནས་དེ་ཚོ་ཤེས་བཞིན་དུ་ད་དུང་རྒྱ་སྐད་རྒྱ་ཡིག་མི་ཤེས་པའི་སྐུ་ཚབ་རྐྱང་བཏང་བསྡད་ན་ཡོང་རྒྱུ་འདི་ལས་ག་རེ་ཡོད། ད་དུང་དེ་ལ་ལན་ཕོག་མི་ཕོག་གི་འགྲེལ་བཤད་ཙམ་བྱས་ནས་འདུག་དགོས་ན། གཞུང་སྒེར་གཉིས་ཆ་དཀའ་ལས་མ་ཡིན་ནམ།

    Reply
  6. ཨ་གངས་ཞེན། says:
    ལོ་ 16 སྔོན།

    ༧གོ ང་ས་མཆོག་གིས་འཛམ་གླིང་འདིར་ཆོས་ཁས་ལེན་མཁན་མི་ལེན་མཁན་དངས་སྙོམ་ཡིན་མཁན་གསུམ་ཡོད་ཞེས་གསུང་བ་ལྟར། རྒྱ་ནག་ནི་ཆོས་ཁས་མི་ལེན་མཁན་དེ་ཡིན་པའི་ཆོས་ལུགས་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་པའི་ཐོབ་ཐང་གཏན་ནས་མེད།

    Reply
  7. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    རྒྱ་དམར་ལ་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་གཏན་ནས་མེད།་གང་ལ་ཟེར་ན་རྒྱ་དམར་གུང་ཁྲན་རིང་ལུགས་ནི་ཆོས་དུག་ལ་ངོས་འཛིན་བྱེད་མཁན་ཞིག་རེད།་དེ་འདྲ་ཡིན་དུས་ཁོ་ཚོས་བོད་ཀྱི་བླ་སྤྲུལ་ཇི་ལྟར་ངོས་འཛིན་བྱེད་དམ།་

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=kKhiEBWAqkg
    སྤུན་ཟླ་ཚོ། ཚང་མས་འབྲེལ་ཐག་འདི་བརྒྱུད་དེ་གསལ་བོ་ཞིག་གསན་རོགས་ཞུ་ལགས།

    Reply
  9. ཨ་ལ་ལ says:
    ལོ་ 16 སྔོན།

    བོད་གཞུང་དང་རྒྱ་གཞུང་གཉིས་ཀས་རྩོད་པ་བྱེད་པ་ནི་མ་འོངས་པའི་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་སུས་ཐག་གཅོད་བྱེད་མིན་དེ་རེད། རྩོད་པ་དེ་ལས་ཀྱང་ཡ་མཚར་བ་ཞིག་ནི་ཕྱོགས་གཉིས་ཀས་ད་ལྟ་ལས་མ་འོངས་པ་གལ་ཆེན་དང་མཐོང་ཆེན་བྱེད་པ་འདི་རེད། འདི་ནི་དོན་དངོས་སུ་དགོད་བྲོ་བའི་ཆབ་སྲིད་ཀྱི་ཟློས་གར་ཆུང་ཆུང་ཞིག་རེད། གང་ཞེ་ན། དོན་དངོས་སུ་ནུས་པ་ཆ་ཚང་ཡོད་པ། མཚན་སྙན་དོན་དང་ལྡན་པ། གཉིས་ཀས་་རྩོད་པ་མེད་པ། ཀུན་གྱིས་ཁས་ལེན་ཡོད་པ། བོད་མིས་དད་གུས་བྱེད་པ། རྒྱ་མིས་དམིགས་འབེན་འཇོག་ས། མེད་ན་ཡོངས་རྫོགས་ཚར་ས། ཡོད་ན་འབྲས་བུ་སྨིན་ས། ལ་སོགས་པའི་ད་ལྟའི་༧གོང་ས་མཆོག་འདི་ལ་མི་དམིགས་པར་འདིའི་ཡང་སྲིད་ཅིག་ལ་རེ་བ་འདྲ་བརྒྱབས་བསྡད་པ་ནི་གཉིས་ཀའི་ནོར་འཁྲུལ་རེད། གང་ཞེ་ན། མ་འོངས་པའི་བོད་དོན་དེ་ཡང་འགྲུབ་མ་འགྲུབ་ཀྱང་སྐུ་ཐོག་འདི་ལ་རག་ལས་པ་ཞིག་ཡིན་པས་མ་འོངས་པར་རེ་བ་བརྒྱབ་རྒྱུ་མེད་ཅིང་། དེར་བརྟེན་མ་འོངས་པར་ཡང་སྲིད་ཕེབས་མིན་ཀྱང་མི་ཤེས་ལ་སུས་གཅོད་དགོས་པ་དེ་ཀྱང་བཤད་དཀའ། སྐབས་དེ་ལ་སུས་བཅད་པའི་ཡང་སྲིད་དེ་ཉིད་རྒྱ་བོད་གཉིས་ཀས་་ཁས་ལེན་དཀའ་ཞིང་གཉི་གར་ཕན་པ་འང་མེད་པ་ཞིག་ཡོང་སྲིད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེས་ན་ང་ཚོས་ཡོད་ཚད་མ་འོངས་པ་ལ་བསམས་ཤིང་དེ་ལ་རེ་བ་ད་ལྟ་གལ་ཆུང་དུ་རྩི་བའི་བོད་ཀྱི་སྲོད་ངན་དེ་ད་ལྟ་རང་སྤངས་ཏེ།་ད་ལྟ་ང་ཚོར་ཡོད་བཞིན་པའི་༧གོང་ས་མཆོག་འདི་ལ་བདག་པོ་རྒྱག་རྒྱུ་དེ་ང་ཚོའི་རྩོད་དོན་ནམ་ལས་དོན་གཙོ་བོ་ཡིན་པ་ལས་རྒྱ་ཕྱོགས་ལ་ལན་བརྒྱབས་ནས་དོན་དག་རྫོགས་ཐབས་ལ་འབད་བསྡད་པ་དེ་འདྲ་ཞིག་གིས་༧གོང་ས་མཆོག་དང་མི་རིགས་ཀྱི་རེ་བའི་གཙོ་དོན་གང་ནས་འགྲུབ་ཐུབ་བམ།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒྱ་ནག་སྲིད་གཞུང་གིས་དུས་དང་ནམ་པ་ཀུན་དུ་བོད་མི་མང་གི་སྐྱིད་སྡུག་ལ་ཁ་ཡ་བྱེད་མྱོང་མེད། ལྷག་པར་དུ་བོད་མི་དག་ཇི་ལྟར་མེད་པ་བཟོ་རྒྱུའི་ཐབས་ལམ་བྱེད་ཀྱི་ཡོད་པ་དེ་ནི་རྒྱའི་སྲིད་གཞུང་གི་མཐར་ཐུག་གི་མངོན་འདོད་དེ་ཡིན་ཟེར་ན་འགྲིག་གི་ཡོད། རྒྱ་ནག་སྲིད་གཞུང་ལ་བོད་མི་མང་གཏན་ནས་དགོས་དོན་མེད་པར། ཁོང་ཚོའི་སྲིད་གཞུང་ལ་དགོས་པ་དེ་ནི་བོད་ཁམས་ཡོངས་ཀྱི་ས་ཆ་ཡིན།

    Reply
  11. ནད་པ says:
    ལོ་ 16 སྔོན།

    སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ནི་༸ གོང་ས་སྐྱབས་མགོན་ཆེན་པོས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐོག་ནས་ངོས་འཛིན་མཛད་པ་དེ་དོན་དང་མཐུན་པར་ཁོང་གིས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་། སྨན་ཁང་། རྒན་གསོ་ཁང་། ཡ་རབས། བཟང་སྤྱོད་སོགས་ཀྱི་ཐད་ལ་མཛད་རྗེས་རླབས་ཆེན་ཞིག་འཇོག་གནང་ཡོད་པར་བརྟེན་མ་ཉེས་ཁ་གཡོག་གིས་དྲག་སྤྱོད་པ་ཞིག་ཡིན་པའི་ཉེས་ཞྭ་གཡོགས་ཏེ་བཙན་འཇུག་བྱས་ཡོད་པ་རེད།

    དེ་ནི་ང་ཚོ་བོད་རིགས་ཡོངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་པ་ཙམ་མ་ཟད་ལྷག་དོན་བོད་ནང་ཡོད་པའི་མ་འོངས་པའི་སོན་རྩ་ལོ་ཆུང་བྱིས་པ་ཚོའི་མདུན་ལམ་ཐད་གྱོང་གུན་གསོབ་ཏུ་མེད་པ་ཞིག་ཏུ་གྱུར་པ་རེད།

    བཙན་བྱོལ་གཞུང་གིས་ལན་འདེབས་གནང་བ་ལྟར་ཆོས་རྩ་བ་ནས་ཁས་མི་ལེན་པའི་གུང་ཁྲན་ཏང་གི་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་གྱི་ལས་བྱེད་ཚོས་བོད་ཀྱི་སྤྲུལ་སྐུའི་ལམ་ཞུགས་ལ་ཇེ་བྱུས་བྱས་ཏེ་ལག་པ་འཆང་བཞིན་ཡོད་པ་དེས་འཛམ་གླིང་མི་དམངས་དུང་ཕྱུར་དྲུག་ཅུ་ཐམ་པ་ལ་མགོ་བསྐོར་རྩ་བ་ནས་གཏོང་ཐབས་བྲལ་བ་ཞིག་རེད།

    ཕྱི་ལོ་ ༡༩༥༤ ༸ བོད་མིའི་བླ་ན་མེད་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་མཆོག་རྒྱ་ནག་ཏུ་ཕེབས་དུས་གུང་ཁྲན་ཏང་གི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་ཆོས་ཟེར་བ་དེ་ལ་ཁས་ལེན་རྩ་བ་ནས་མེད་པ་མ་ཟད་ལྷག་དོན་༸ གོང་ས་མཆོག་ལའང་རྒྱལ་ཁབ་ཡར་རྒྱས་དང་མི་འབོར་སྤེལ་ཐབས་ཐད་ཆོས་དེ་དུག་རེད་ཅེས་ནན་བཤད་བྱས་ཡོད་པ་རེད།

    དེ་དངོས་འབྲེལ་ཡིན་པར་བརྟེན་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ལ་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཤུགས་ཆེར་སྤེལ་ཏེ་བོད་ཀྱི་ཆོས་དང་འབྲེལ་བའི་དགོན་སྡེ་དྲུག་སྟོང་དང་། བཀའ་འགྱུར། བསྟན་འགྱུར། དཔེ་ཆ། སྐུ་བརྙན་སོགས་གནའ་བོའི་ཆོས་དང་འབྲེལ་བའི་ཅ་དངོས་ཡོངས་རྫོགས་དང་ད་དུང་ཆོས་དང་འབྲེལ་བའི་བླ་མ། གྲྭ་བཙུན། མཁན་པོ། མཁས་དབང་སོགས་ཚང་མ་རྩ་མེད་དུ་བཟོས་ཡོད་པ་རེད།

    ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་རིག་དངོས་སྲུང་སྐྱོབ་དང་། དགོན་སྡེ་ཉམས་གསོ། ཆོས་དད་རང་དབང་། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་བདག་དབང་ཡོད་རབས་བཤད་ཏེ་ལག་ལེན་བྱེད་ཀྱིན་ཡོད་པའི་གསལ་བཤད་བྱེད་པ་དེར་འཛམ་གླིང་གྱི་མི་དམངས་ཡོངས་ཁྲེད་གོད་ཤོར་བའི་བྱེད་སྟངས་ངན་པ་ཞིག་ཕྱིར་བཏོན་བྱས་ཡོད་པ་རེད།

    ༸ གོང་ས་མཆོག་ད་ལྟ་སྐུ་ཁམས་སྔར་ལས་དངང་བ་མ་ཟད་ཁོང་ཉིད་གུང་གྲངས་བརྒྱ་ལྷག་ཙམ་ཞིག་བཞུགས་རྒྱུའི་བཀྲིན་ཞལ་བཞེས་ཟབ་མོ་གནང་ཡོད་སྟབས་ང་ཚོའོ་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཡོངས་བློ་སེམས་བདེ་མོར་འཁོད་ཡོད་ལ་འབྱུང་གྱུར་༸ རྒྱལ་བའི་ཡང་སྲིད་དེ་ཡང་བོད་རིགས་ཡོངས་ཀྱི་དབང་བ་ཞིག་ལས།
    དེ་ནི་ཆོས་ཁས་ལེན་མི་བྱེད་པའི་རྒྱ་ནག་གཞུང་དང་། ཆོས་ཁས་ལེན་གྱི་རྒྱ་གར་གཞུང་། དམངས་གཙོ་གལ་ཆེར་བརྩི་བའི་སྟོབས་ཆེན་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་སུ་ཞིག་ལ་བདག་དབང་དེ་མེད་ལ་དེ་ནི་འཛམ་གླིང་ཁྱོན་ལ་སྔར་ནས་ད་བར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་ཆོས་ལུགས་ཀྱི་ཁོ་ནའི་བདག་དང་དང་ཁྱད་ཆོས་ཅིག་ཡིན།

    Reply
  12. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    yes …

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese