མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དམར་ཤོག་དབུ་ཁྲིད་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དམར་ཤོག་ཚོགས་པའི་དབུ་ཁྲིད་མཐོ་ཤོས་ Jyoti basu ཇོ་ཊི་བྷ་སུ་ལགས་ནད་གཞིའི་རྐྱེན་གྱིས་སྐུ་གྲོངས་འདུག་ལ། ཁོང་དགུང་ལོ་ ༩༥ ལ་སོན་ཡོད་འདུག ཁོང་གིས་རང་གི་མིག་དང་གཟུགས་པོའི་ནང་ཁྲོལ་སོགས་གཞན་ལ་ཞལ་འདེབས་སུ་ཕུལ་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་ ANI དྲ་ཚིགས་ཐོག་གནས་ཚུལ་བཀོད་དོན་ལྟར་ན།  རྒྱ་གར་ནུབ་བྷེན་གྷལ་གྱི་བློན་ཆེན་ནམ་དམར་ཤོག་ཚོགས་པའི་མགོ་ཁྲིད་བགྲེས་པོ་ཇོ་ཊི་བྷ་སུ་ཁོང་ནད་གཞིའི་རྐྱེན་པས་ཕྱི་ཚེས་ ༡༧ ཉིན་ཀ་ལི་ཀ་ཊའི་ AMRI ཨམ་རེ་སྨན་ཁང་ནང་འདས་གྲོངས་སུ་སོང་ཡོད་ལ། ཁོང་གིས་རང་གི་མིག་གཉིས་དང་གཟུགས་པོའི་ནང་ཁྲོལ་རྣམས་ཀྱང་གཞན་ལ་ཞལ་འདེབས་སུ་ཕུལ་ཡོད་འདུག

ཁོང་གཤེགས་པར་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་རྣམས་ཀྱིས་མྱ་ངན་ཞུས་འདུག་ལ། སྲིད་བློན་མོ་ཧན་སིན་མཆོག་གིས་བགྲེས་སོང་ཁོང་འདས་པ་དེས་དུས་རབས་གཅིག་གི་རྒྱ་གར་གྱི་ཆབ་སྲིད་ལ་སྤྱི་སྡོམ་བརྒྱབས་ཡོད་ཅེས་དང་། འདས་པོ་ཁོང་ནི་གཞུང་རྒྱུད་དྲང་ཞིང་རྣམ་དཔྱོད་ལྡན་པའི་སྲིད་དོན་པ་ཞིག་ཡིན་པས། རྒྱལ་ཁབ་འདིར་ཁྱད་དུ་འཕགས་པའི་མགོ་ཁྲིད་ཅིག་མེད་པར་གྱུར་བ་རེད་ཅེས་གསུངས་ཡོད་འདུག

ཁོང་ནི་ ༡༩༡༤ ལོར་ཡུལ་འདིའི་འཁོས་འབྱོར་ལེགས་པའི་ཁྱིམ་ཚང་ཞིག་ནས་འཁྲུངས་ཡོད་ལ་ཁོང་གི་ཕ་ནི་སྨན་པ་ཞིག་རེད་འདུག ལོ་རབས་ ༣༠ སྐབས་དབྱིན་ཡུལ་དུ་ཕྱིན་ཏེ་ཁྲིམས་ལུགས་ཐོག་སློབ་སྦྱོང་བྱས་ཏེ་ཁྲིམས་རྩོད་པའི་གོ་གནས་ཐོབ་ཡོད་འདུག་ལ་སྐབས་དེར་ཁོས་དབྱིན་ཇིའི་དམར་ཤོག་འཛུགས་རྒྱུར་ཡང་འབྲེལ་བ་གང་ཐུབ་བྱས་འདུག

ཕྱི་ལོ་ ༡༩༤༠ ལོར་དབྱིན་ཡུལ་ནས་ཕྱིར་རང་ཡུལ་དུ་ལོག་མཚམས་ཁྲིམས་རྩོད་པའི་ཕྱག་ལས་མ་གནང་བར་དམར་ཤོག་གི་ཚོགས་པར་ཞུགས་ཏེ་ལས་འགུལ་རིམ་པར་སྤེལ་སྟབས།  ༡༩༦༤ ལོར་དམར་ཤོག་ཚོགས་པ་དེ་དབུ་བརྙེས་ཐུབ་པ་བྱུང་ཡོད་ལ། སྐབས་དེར་ཁོང་ནི་ཚོགས་པ་དེར་ཚོགས་མི་ ༩ ཡོད་པའི་ནང་གི་གཅིག་ཡིན་འདུག

འདས་པའི་མི་ལོ་ ༥༠ ལྷག་གི་རིང་ཁོང་གིས་སྤྱི་ཚོགས་དང་ཆབ་སྲིད་སོགས་ཀྱི་ཐད་ཕན་ནུས་ཆེན་པོ་བསྒྲུབས་ཡོད་པས་རྒྱ་གར་རྒྱལ་ཡོངས་ནས་གདེང་འཇོག་ཆེན་པོ་ཐོབ་ཡོད་འདུག ཕྱི་ལོ་ ༡༩༧༧ ནས་ ༢༠༠༠ ལོའི་བར་ཁོང་གིས་ནུབ་བྷེན་གྷལ་གྱི་སྲིད་སྐྱོང་བློན་ཆེན་གྱི་འགན་འཁུར་འདུག  ཁོང་ནི་རྒྱ་གར་རང་བཙན་བྱུང་རྗེས་ཀྱི་ལོ་རྒྱུས་ཁྲོད་བློན་ཆེན་གྱི་ལས་འཁུར་རྒྱུན་རིང་ཤོས་གནང་བའི་སྲིད་དོན་པ་ཞིག་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 5

  1. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    སེམས་པ་སྐྱོ་བ་ལ།ཁོང་ཚོས་སོ་སོའི་ལུང་པའི་དོན་དུ་ལས་དེ་བྱས་པ་ན་ཡིན་ཅི་མ་རུང་།

    Reply
  2. karma dorje says:
    ལོ་ 17 སྔོན།

    རྒྱ་མི་དང་བོད་མིའི་དམར་པོ་ཚོ།

    དམར་པོ་དངོས་གནས་ཚེ་ལྡན་བྱེད་འདོད་ཡོད་ན།
    དམར་པོ་ཇོཡིཏིབྷསུ་ལྟ་བུ་ཞིག་དགོས་བགྱིད་འདུག
    དེ་མིན་ཏིང་ཤཱཝོཕིང་ ཅཨཱོཨེལེན་དངམཱ་ཝོ་ལྟ་བུ་ནི།
    སྤྱི་ཚོགས་ཀྱི་ཞབས་འདེགས་ལས་ཞབས་འདྲེན་མང་བ་ཞུས་མི་འདུག་གེ །
    ངས་བལྟས་ན་དམར་པོའི་འགོ་འཁྲིད་མང་པོ་ཞིག་ནི།
    དམར་པོའི་ཞབས་འདྲེན་པ།
    ཨེཤིཡ་ཡི་ཞབས་འདྲེན།
    ཨེཤིཡ་སྤྱིའི་ཁྱིམ་མཚེས་དང་།
    བོད་རིགས་ཁྱིམ་འཚེས་དང་།
    རྒྱ་རིགས་ཀྱི་ཞབས་འདྲེན་དུ་
    མཐོང་བགྱིད་འདུག་གོ །

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གནམ་རྒན་མ། གསར་བུ་དེ་ཚོས་རང་རང་གི་སྣང་བ་ཕྲན་པུ་རེ་བརྩད་དེ་རང་ཤ་ལ་གྲི་བསྣུན་རེ་བྱེད་ཀྱིན་པ་དེ་དག་བོད་མི་གཞན་དག་གིས་གོ་ན་ང་དང་འདྲ་བར་སེམས་པ་སྐྱོ་ངེས་ཡིན། དངོས་ནས་དེ་འདྲའི་ཤི་འདོད་ཀྱི་སྙིང་སྟོབས་ཆེན་པོ་དེ་འདྲ་ཡོད་ན། ཤི་ས་ཡོད་ལ། ཤི་བ་དེ་ཡང་གཟི་བརྗིད་ལྡན་པའི་ཤི་ས་ཞིག་ཡོད་པ་དེ་ཤེས་ཡོད་ན་ཅི་མ་རུང་། སྙིང་རེ་རྗེ།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    བོད་ཀྱི་སྟེང་བཀོད་ཡོད་པའི་ཡིད་སྐྱོ་བའི་གནས་ཚུལ་གསར་པ་ཞིག
    ལྡི་ལི་རུ་མི་གསོད་ཀྱི་དོན་རྐྱེན།
    གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་དགོང་མོ་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་སྒོ་ཆེན་གྱི་ཉེ་འགྲམ་དུ་མི་གཅིག་དང་ཁ་གཏད་མི་གཉིས་བཅས་བོད་མི་གསུམ་རྒྱག་རེས་བརྒྱབ་པ་དང། མི་གཅིག་དེས་ཁ་གཏད་མི་གཅིག་རྨས། མི་གཅིག་བསད་ཡོད་འདུག དོན་རྐྱེན་ག་རེ་ཡིན་མིན་ཁ་གསལ་མི་འདུག་ཀྱང། དོན་རྐྱེན་དེ་བྱུང་བའི་རྗེས་མི་གསོད་མཁན་དེ་ཉེན་རྟོག་ཁང་དུ་རང་འགུལ་གྱིས་སོང་ནས་འགོ་འདོགས་ཞུས་ཡོད་པ་དང། མི་བསད་པ་དེ་ཐོག་མ་དབུགས་མ་ཆད་ཙམ་ཞིག་ཡོད་འདུག་པས་སྨན་ཁང་དུ་བསྐྱལ་ཡོད་འདུག་ཀྱང། སྨན་ཁང་དུ་སླེབས་པའི་རྗེས་སུ་གྲོངས་འདུག གཤིན་པོའི་ཕུང་པོར་ཉེན་རྟོག་པས་བདག་པོ་བརྒྱབ་ཡོད་པ་དང། ཕྱི་ཚེས་༡༨ ཉིན་འདས་པོའི་ཕ་ཡུལ་གཅིག་པ་ཁག་ཅིག་ལེན་དུ་སོང་ཡང་ཉེན་རྟོག་པས་ཕྱིར་སྤྲད་མེད་པའི་གནས་ཚུལ་ཐོན་འདུག།།

    Reply
  5. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    ཁོང་ལ་གདུང་སེམས་དང་མྱ་ངན་ཞུ། ཁོང་ནས་བོད་མི་དམར་ཤོག་པ་འབའ་པ་ཕུན་དབང་ལ་ཡང་རོགས་པ་ཞེ་དྲག་གནང་བའི་ལོ་རྒྱུས་ཤིག་གོ་མྱོང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese