མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བརྟན་ལྷིང་ཅི་ཞིག་ལ་བརྟེན་དགོས། ཆིན་ཧྲན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཆིན་ཧྲན། ཚེ་རིང་རྒྱལ་གྱིས་བསྒྱུར།

ཉེ་སྔོན་ཕྱི་ཟླ་ ༡ པོའི་ཚེས་ ༨ ཉིན།  ཧའོ་ཅིན་ཐའོ་གཙོས་པའི་རྒྱ་ནག་དམར་ཤོག་ཆབ་སྲིད་ལྷན་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ” བོད་ཀྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ” ཞེས་པ་གཙིགས་ཆེན་དུ་བཟུང་སྟེ་རྣམ་པ་གསར་བའི་འོག་ཞིབ་འཇུག་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཁག་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཡིག་གསར་ལམ་ཁག་ཏུ་བརྒྱུད་འགོད་བྱས་འདུག  དེ་དག་ཞིབ་ཀློག་བྱས་རྗེས་ང་ལ་བོད་ཀྱི་མི་རིགས་རང་སྐྱོང་སྲིད་ཇུས་ལ་ལེགས་བཅོས་འགྱུར་ལྡོག་གཏོང་བའི་ཚིག་དོན་གསར་བ་རྐང་གཅིག་ཀྱང་མེད་པའི་ཚོར་སྣང་བྱུང་། ཚོགས་འདུ་དེ་ལ་བོད་ཀྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཟེར་རྒྱུ་ལས།  རྣམ་པ་གསར་བའི་སྒོ་ནས་སྔར་ལས་ལྷག་པར་བོད་ལ་གཏོར་བཅོམ་དབང་བསྒྱུར་བྱེད་པའི་ལྐོག་ཇུས་གླེང་གཞི་ཅེས་བརྗོད་ན་འོས།

ཁོ་ཚོས་བརྗོད་ཀྱིན་པའི་དཔལ་འབྱོར་འཕེལ་རྒྱས་ཟེར་བ་དེ་རྫུན་གཏམ་ཤ་སྟག་རེད། དོན་དངོས་ཀྱིས་རྒྱུན་རིང་དབང་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲག་རྡུང་། རྩ་གཏོར་ཉམས་དམས་སུ་གཏོང་རྒྱུ་དེ་རེད། ལས་དོན་ཚོགས་འདུ་དེ་ནི་ ༢༠༡༠ ལོའི་ཟླ་དང་པོའི་ཟླ་འགོར་རྒྱ་ནག་དམར་ཤོག་པའི་ཆེས་མཐོའི་ཐབས་ཇུས་ལས་ཁུངས་ཀྱིས་ད་ལོར་བོད་ཀྱི་ལས་དོན་ཐད་གཏན་འབེབས་བྱས་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་རེད། བོད་ལ་རྒྱ་ནག་དམར་ཤོག་དྲག་སྤྱོད་པས་བཙན་འཛུལ་དབང་བསྒྱུར་བྱས་ཏེ་ལོ་ངོ་ ༦༠ འདས་ཟིན་པ་རེད།  ད་ལྟའི་བར་གྱི་དབང་བསྒྱུར་གྱི་དུས་ཡུན་རིང་མོའི་ཁྲོད་བོད་བརྟན་ལྷིང་བྱུང་སོང་ངམ། འདས་པའི་ལོ་ངོ་དྲུག་ཅུའི་རིང་དུ་རྒྱ་གཞུང་གིས་མི་རིགས་དྲག་གནོན་སྲིད་ཇུས་མཁྲེགས་འཛིན་གྱིས་བོད་མི་རིགས་ཀྱི་སྟེང་ལ་ནག་ཉེས་ཅན་གྱི་ལས་དོན་རབ་དང་རིམ་པར་སྤེལ་ཡོད། ལོ་ངོ་དྲུག་ཅུའི་རིང་ལ་བོད་རིགས་མི་མང་ག་ཚོད་ཅིག་རང་ཡུལ་དང་ཁ་བྲལ་ཏེ་གཞན་ཡུལ་དུ་བྲོས་བྱོལ་ལ་འགྲོ་དགོས་བྱུང་ཡོད་པ་དང་། བོད་མི་ག་ཚོད་ཅིག་དམར་གསོད་དང་བཙོན་འཇུག་བཀག་ཉར་བྱས་ཡོད། ལོ་ངོ་དྲུག་ཅུའི་རིང་ལ་བོད་མི་རིགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་དམར་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་རིམ་པར་སྤེལ་ཡོད་ལ།  ཁོ་ཚོའི་ཡ་ང་བའི་གནས་སྟངས་དེས་འཛམ་གླིང་མི་དམངས་ལ་ཡིད་འགུལ་ཐེབས་ཏེ་རྒྱ་དམར་གཞུང་ལ་ཡི་མ་རངས་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་ནའང་། རྒྱ་གཞུང་གིས་མཚམས་འཇོག་བྱེད་མྱོང་ཡོད་དམ། བརྟན་ལྷིང་ཟེར་བ་ཞིག་ཇི་ལྟར་ཡོང་དགོས་པ་རེད། རྒྱ་དམར་གཞུང་གི་དབང་བསྒྱུར་འོག་ཏུ་བོད་ཀྱི་ཡུལ་ཁམས་འདིར་བརྟན་ལྷིང་ཟེར་བ་ཞིག་དུས་གཏན་དུ་ཡོང་མྱོང་མེད།
འདས་པའི་ལོ་དྲུག་ཅུའི་རིང་། རྒྱ་གཞུང་གིས་དཔལ་འབྱོར་གྱི་ཐད་ནས་བོད་མི་རིགས་ལ་རོགས་སྐྱོར་ཕྲན་བུ་བྱས་ཡོད་ནའང་།  ཆབ་སྲིད་ཀྱི་ཐོག་ནས་སྔར་ལས་ལྷག་པར་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་བརྟེན། བོད་མི་རིགས་ཀྱིས་དུས་ནམ་ཡང་རྒྱ་དམར་དྲག་པོའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱས་མྱོང་མེད། 

བོད་བརྒྱུད་ནང་བསྟན་ནི་བོད་མི་རིགས་ཀྱིས་དད་མོས་བྱེད་པའི་ཆོས་ལུགས་རེད། དད་འདུན་ལྷག་བསམ་ཅན་གྱི་བོད་མི་རིགས་ནི་རྒྱ་གཞུང་གི་དབང་སྒྱུར་འོག་གི་མི་རིགས་གཞན་དག་དང་བསྡུར་ན་བྱམས་བརྩེ་ལྡན་ལ་གཞུང་དྲང་བབ་ཆགས་ཡོད།  རྒྱ་ནག་དམར་ཤོག་པས་ ༡༩༥༡ ལོར་བོད་ལ་ཞི་བའི་གྲོས་ཆོད་དོན་ཚན་ ༡༧ ཟེར་བ་བཞག་རྗེས། དུས་ཡུན་རིང་པོ་མ་འགོར་པར་མར་ལེ་རིང་ལུགས་ཀྱི་བསམ་བློ་ཁྱབ་སྤེལ་གྱི་མགོ་བརྩམས་ཏེ། ཆབ་སྲིད་ཀྱི་ལུས་འགུལ་སྣ་ཚོགས་སྤེལ་ཏེ་བོད་རིགས་ཡོངས་རྫོགས་དམར་ཤོག་པར་བསྒྱུར་རྒྱུའི་རེ་ངན་བཅངས་པ་རེད། 

རྒྱ་དམར་གཞུང་གིས་བོད་དུ་ལོ་ངོ་དྲུག་ཅུར་དབང་བསྒྱུར་བྱས་པའི་རིང་། རྒྱ་རིགས་ཕོན་ཆེ་བོད་ཁུལ་དུ་གནས་སྤོ་བྱས་ཏེ་བོད་ཡུལ་གྱི་ཐོན་ཁུངས་ཧམ་འཕྲོག་དང་། བོད་མི་རིགས་རང་ས་རང་ཡུལ་ནས་ཕྱིར་འཕུད་བཏང་ཡོད་ལ། བོད་རྒྱ་མི་རིགས་བར་དུ་འགལ་ཟླ་ཆེན་པོ་བཟོས་ཏེ་ལོ་རྒྱུས་རང་བཞིན་གྱི་ནག་ཉེས་ཚབས་ཆེན་བསགས་ཡོད་པར་མ་ཟད། ད་དུང་རང་ཉིད་རླབས་ཆེན་གྱི་ངོ་བོར་རྫུན་བཞེངས་བྱས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་དམར་གཞུང་གི་དཔལ་འབྱོར་རོགས་སྐྱོར་གྱི་ཐད་ལ་ན་ནིང་ཟླ་ ༧ པའི་ནང་བྷི་བྷི་སི་གསར་འགོད་པའི་བཅར་འདྲིའི་སྐབས། “མི་ནི་དུད་འགྲོ་དང་འདྲ་གི་མ་རེད། དུད་འགྲོར་ལྟོ་བླུད་རྗེས་གཟེབ་དྲར་བཅུགས་ཏེ་མི་གཞན་གྱིས་གནོད་འཚེ་མ་བཟོས་པ་ཙམ་གྱིས་འགྲིག་གི་རེད། ཡིན་ནའང་། ང་ཚོ་འགྲོ་བ་མི་རེད། དཔལ་འབྱོར་ཐད་ཅུང་ཙམ་སྐྱོ་བོ་ཡོད་ནའང་། ནང་བསམ་བློའི་རང་དབང་གི་བདེ་སྐྱིད་དེ་དགོས་པ་རེད” ཅེས་ལན་འདེབས་གནང་ཡོད་པ་ལྟར་རེད། 

སྔོན་ཆད། ཏཱ་ལའི་བླ་མ་མཆོག་གིས་རྒྱ་དམར་གཞུང་གིས་བོད་ལ་འཛིན་པའི་ཁ་དན་ཚིག་ལ་མི་གནས་པའི་སྲིད་ཇུས་དང་།  བོད་མི་རིགས་ལ་ལྐོག་གཡོ་བསླུ་བྲིད་གཏོང་བའི་མངོན་ལྐོག་གཉིས་ལྡན་གྱི་ཐབས་བྱུས། བོད་རིགས་མི་མང་ལ་དུད་འགྲོའི་ལྟ་སྟངས་འཛིན་པ་སོགས་བཟོད་པར་མ་ནུས་པར་བོད་མི་ཁྲི་ ༨ ལྷག་གི་སྣེ་ཁྲིད་དེ་བོད་མི་རིགས་ཀྱི་རང་དབང་བདེ་སྐྱིད་རྩོད་ལེན་གྱི་ཆེད་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། 

འདས་པའི་ལོ་ ༦༠ རིང་ལ། རྒྱ་དམར་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་ནོར་འཁྲུལ་ཅན་གྱི་སྲིད་ཇུས་རིམ་པར་ལག་བསྟར་བྱས་པ་དང་།    ཞེན་འཛིན་རིང་ལུགས་ཀྱི་བཙན་དབང་སྤྱད་དེ་སྔར་ནས་གད་སྙིགས་སུ་གྱུར་ཟིན་པའི་གུང་ཁྲན་དམར་ཤོག་པའི་རིག་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་སྲིད་ཇུས་གཏན་འབེབས་བྱས་པ་དེས་མཐའ་མཇུག་ཅི་ནས་ཀྱང་ཕམ་ཉེས་འབྱུང་རྒྱུ་ཡིན་པ་དེ་གཏན་འཁེལ་བསྡད་པ་ཞིག་རེད། 

དེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རིན་ཐང་ལ་འཛམ་གླིང་མི་མང་ཡོངས་ཀྱིས་ངེས་ཟིན་ཟབ་མོའི་སྒོ་ནས་དང་ལེན་བྱེད་བཞིན་ཡོད། བོད་མི་རིགས་ཀྱིས་ཀྱང་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་འོག་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་རྒྱ་དམར་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་རྩོད་ལེན་བྱེད་བཞིན་ཡོད་པ་དེ་ནི།  དམར་ཤོག་མཐོ་རིམ་དཔོན་རིགས་མང་པོའི་སེམས་ནའང་གསལ་བོར་ཡོད་པ་རེད། དེ་བས་ངེས་པ་དོན་གྱི་བོད་བརྟན་ལྷིང་བདེ་འཇགས་ཡོང་བའི་རླབས་ཆེན་གྱི་ལས་དོན་མངོན་འགྱུར་ཡོང་ཐབས་གཅིག་པུ་ནི་༧གོང་ས་ཏཱ་ལའི་བླ་མའི་དགོངས་གཞི་དེ་ཁོ་ན་ལས་མ་འདས་པས། བོད་མི་རིགས་ཀྱི་ལས་དོན་བོད་རིགས་རང་ཉིད་ལ་སྒྲུབ་དུ་བཅུག་ན། ད་གཟོད་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་འདི་ནི་རླབས་ཆེན་ཞིག་ཆགས་ཐུབ་ངེས། 

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༦ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༧ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༩ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 4

  1. རྒྱ་རགས། says:
    ལོ་ 16 སྔོན།

    འདི་ལྟ་བུ་ཡང་ཡང་ཀློག་ཐུབ་ན་ཤེས་རྒྱུ་གོ་རྒྱུ་མང་གི།
    ཚེ་རིང་རྒྱལ་ལགས། ཁྱེད་ཀྱིས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བས་ཕན་ཐོགས་ཅི་ཙམ་བྱུང་བ་ལྟར་བོད་ཡིག་ཐོག་གི་ཡིག་ཆ་གང་མང་མང་རྒྱ་ཡིག་ཏུ་སྒྱུར་ཐུབ་ན་དེ་བས་ཀྱང་ཕན་ངེས་རེད།

    Reply
  2. གནམ་སྔོན་པོ། says:
    ལོ་ 16 སྔོན།

    ཚེ་རིང་རྒྱལ་ལགས་ནས་འདི་ལྟ་བུ་མང་པོ་བསྒྱུར་རྒྱའི་རེ་བ་ཞུ། ཐུགས་རྗེ་ཆེ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒྱ་རིགས་ཤིག་གི་རང་གི་མི་རིགས་ཆེད་དུ་སྐད་ཆ་བཤད་ན་འགྲིག་གི་ཡོད་པ་རེད་ལ། རང་གི་མི་རིགས་ཀྱི་ལར་ཞེན་དེ་ཡང་འདོར་མི་འོས་པ་ཡིན་པ་རེད། འོན་ཀྱང་། རང་གི་རིགས་ཞེན་ཁོ་ནའི་ཆེད་དུ་རང་གི་ནོར་འཁྲུལ་མི་མཐོང་བ་དེ་ནི་རིགས་ཞེན་འཛིན་སྟངས་ལེགས་པོ་ཞིག་གཏན་ནས་ཆགས་མེད། དེ་ལྟར་དུ་འུ་ཅག་གིས་ཀྱང་རང་གི་རིགས་ཞེན་འཛིན་སྟངས་དེ་གཏན་ནས་ནོར་མི་རུང་སྙམ།

    Reply
  4. དབྱངས་བུ། says:
    ལོ་ 16 སྔོན།

    ལོ་ཙཱ་བ་ཚེ་རིང་རྒྱལ་ལགས།

    བདག་དང་བདག་འདྲ་བའི་རྒྱ་ཡིག་ལ་རྨོངས་པའི་གང་ཟག་རྣམས་ལ་ཁྱེད་ཀྱིས་སྐུ་ངལ་འཛེམས་མེད་ཀྱིས་གོང་གི་རྩོམ་ཡིག་བོད་བསྒྱུར་གྱིས་མྱོང་རོལ་བྱ་རྒྱུ་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ།

    འོན་ཀྱང།་གོང་གི་རྩོམ་ཡིག་ནང་དེ་ལྟར་གསལ་བ།་《ཏཱ་མའི་བླ་མ་ཆོག་གི་ལམ་སྟོན་འོག་འཚེ་བ་མེད་པའི་ཐབས་ལ་བརྟེན་ནས་རྒྱ་དམར་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་རྩོད་ལེན་བྱེད་བཞིན་ཡོད་པ་དེ་ནི།་་དམར་ཤོག་མཐོ་རིམ་དཔོན་རིགས་མང་པོའི་སེམས་ནངའང་གསལ་པོར་ཡོད་པ་རེད།》ཅེས་གསལ་པ་དེའི་ཐད་ཁྱེད་རང་ཡིད་ཆེས་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese