མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སའི་གོ་ལའི་སྟེང་གི་རྩོམ་རིག་དུས་སྟོན་ཆེ་ཤོས་ཇེ་པོར་དུ་ཚུགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཇེ་པོར་རྩོམ་རིག་དུས་སྟོན་སྟེང་བོད་རིགས་རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་བསྟན་འཛིན་ལགས་ཞུགས་ཏེ་རྩོམ་ཡིག་སྒྲོག་སྦྱོང་གནང་ཡོད་ལ། འདི་ནི་བོད་རིགས་རྩོམ་པ་པོ་ཞིག་དུས་སྟོན་འདིའི་སྟེང་ཞུགས་པ་ཐོག་མ་ཆགས་ཡོད་འདུག

རྒྱ་གར་གྱི་ཇེ་པོར་གྲོང་ཁྱེར་ནང་ཚུགས་པའི་རྩོམ་རིག་དུས་སྟོན་དེ་ནི་ཕྱི་ཚེས་ ༢༡ ཉིན་ནས་ ༢༥ བར་འཚོགས་ཡོད་ལ། དེར་འཛམ་གླིང་གང་ས་ནས་ཕེབས་པའི་དབྱིན་ཡིག་གི་རྩོམ་པ་པོ་རྣམས་འཛོམས་ཡོད་འདུག རྩོམ་རིག་དུས་སྟོན་འདི་ནི་ཨེ་ཤ་ཡའི་ནང་གི་རྩོམ་རིག་དུས་སྟོན་གཞི་རྒྱ་ཆེ་ཤོས་དེ་ཡིན་འདུག་ལ། རྩོམ་པ་པོ་མང་པོ་ཞིག་གིས་འདི་ནི་སའི་གོ་ལའི་སྟེང་གི་རྩོམ་རིག་དུས་སྟོན་ཆེ་ཤོས་དེ་ཡིན་པར་བཤད། དུས་སྟོན་འདིའི་སྟེང་དུ་༼བོད་༽ཀྱི་ལེ་ཚན་ཞིག་ཡོད་ཅིང་། དེར་བོད་རིགས་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་། ལོན་ཌོན་ནས་ཕེབས་པའི་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཟུར་པ་དང་སྤྱི་ཚོགས་དང་སྲིད་དོན་གྱི་དཔྱད་བརྗོད་པ་གྲན་གྲས་ཨེ་སི་བྷེལ་ཧེལ་ཊོན་ Isabel Hilton རྣམ་གཉིས་མགྲོན་འབོད་ཞུས་པ་ལྟར་ཞུགས་ཡོད་འདུག

༼བོད་༽ཀྱི་ལེ་ཚན་དེའི་གཙོ་སྐྱོང་བ་ནི་རྩོམ་པ་པོ་གྲགས་ཅན་ ཝེ་ལེམ་ ཌལ་རེམ་པལ་ William Dalrymple ལགས་ཡིན་ཞིང་། ཁོང་གིས་རྒྱ་གར་གྱི་ལོ་རྒྱུས་སྐོར་ལ་དེབ་མང་པོ་བྲིས་ཡོད་ཅིང་། ཁོང་གི་དེབ་མཐའ་མ་༼མི་ཚེ་དགུ་༽ Nine Lives  ཞེས་པ་དེའི་ནང་དུ་བཙན་བྱོལ་བོད་མིའི་སྐོར་ཡང་བྲིས་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་གའི་གསར་ཁང་ལ་བཤད་པ་ལྟར་ན། ཐེངས་འདིར་འཛམ་གླིང་གང་ས་ནས་ཕེབས་པའི་རྩོམ་པ་པོ་ ༥༠༠ ལྷག་འཛོམས་ཡོད་པ་དང་། ཁོང་ཚོས་རྩོམ་ལུས་འདྲ་མིན་སྟེང་ནས་རྩོམ་ཡིག་བཀླགས་ཡོད་འདུག དེ་བཞིན་དུས་སྟོན་འདིའི་སྟེང་དུ་དཔེ་དེབ་ལ་དགའ་མཁན་དང་རྩོམ་པ་པོ་མི་ཁྲི་ ༢ དང་རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་ ༢༠༠ ལྷག་འཛོམས་ཡོད་འདུག

བསྟན་འཛིན་བརྩོན་འགྲུས་ཀྱིས་བཤད་དོན། ད་སྐབས་བོད་ཀྱི་གནད་དོན་དང་བོད་ཅེས་བཤད་ན་མི་ཤེས་མཁན་ཕལ་ཆེར་མེད་པའི་ཚོད་ཡིན་ལ། ལྷག་པར་རྩོམ་རིག་དང་གསར་འགོད་ཀྱི་ཕྱོགས་ལ་ཕྱག་ལས་གནང་མཁན་གྱི་གྲས་ནས་བོད་མི་ཤེས་ཡོད་པ་མ་རེད། ཡིན་ནའང་། ཐེངས་འདིར་རྩོམ་པ་པོ་དང་ཤེས་ཡོན་པ་མང་པོ་ཞིག་གིས་དོ་སྣང་གནང་ཡུལ་གཙོ་བོ་ནི་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་བའི་སྐོར་དང་། དེའི་རྗེས་ཀྱི་བོད་ནང་གི་གནས་སྟངས་དང་། བོད་རྒྱ་གཉིས་ཀྱི་འབྲེལ་བའི་གནས་སྟངས། དེ་བཞིན་མ་འོངས་པའི་རྒྱ་ནག་གི་འགྱུར་འགྲོས་ལ་ལྟ་ཚུལ་ཅི་ཡོད་སོགས་ཀྱི་ཐད་ལ་ཚང་མས་དམིགས་བསལ་གྱི་དོ་སྣང་བྱེད་གི་འདུག་ཅེས་བཤད་བྱུང་།

གཞན་ཡང་ངྷ་རམ་ས་ལ་ནས་ཕེབས་ཤིང་། དཔེ་དེབ་དང་རྩོམ་རིག་ལ་དགའ་བའི་བོད་རིགས་གཞོན་སྐྱེས་སྐོར་ཞིག་གིས་དུས་སྟོན་དེའི་སྟེང་དུ་ཟུར་ཞུགས་བྱས་ཡོད་ཅིང་། དེའི་ཁྲོད་དུ་བོད་རིགས་སྙན་ངག་པ་དང་རྩོམ་སྒྱུར་པ་བུ་ཆུང་བསོད་ནམས་ལགས་ཡོད་འདུག

ཐེངས་འདིའི་དུས་སྟོན་སྟེང་དུ་རྩོམ་ཡིག་སྒྲོག་སྦྱོང་ཙམ་མིན་པར། སྲིད་དོན་དང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་སོགས་ཀྱང་གླེང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 5

  1. གནས་ཚང་། says:
    ལོ་ 17 སྔོན།

    རྒན་བསྟན་བརྩོན་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཐེངས་འདིར་རྩོམ་པ་པོ་གྲགས་ཅན་མང་པོ་ཕེབས་ཡོད་ཅིང་། དེའི་ནང་དུ་ནོ་སྦེལ་རྩོམ་རིག་གི་བྱ་དགའ་ཐོབ་མཁན་དེ་འདྲ་ཡང་འདུག་ཟེར།

    རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་བོད་དོན་བྲིས་ཤིང་། རྒྱ་ནག་གི་སྐྱོན་དང་ནོར་འཁྲུལ་རྣམས་ཕྱི་གསལ་ནང་གསལ་བཟོ་གི་ཡོད་པ་རེད།

    ད་ནི་རྒྱལ་སྤྱིའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་བོད་ཀྱི་ཐོག་ལ་དོ་སྣང་སྔར་ལས་ཆེ་བ་གནང་འོས་པ་ཞིག་རེད།

    བོད་ཀྱི་སྐོར་ཐོག་མར་འབྲི་མཁན་རྣམས་ནི་ཡི་ཤུའི་ཆོས་ལུགས་པ་རྣམས་དང་། དེའི་རྗེས་ནས་གཞུང་ཚབ་པ་རྣམས། དེའི་རྗེས་ནས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རེད། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་ནས་ད་བར་དུ་བོད་དོན་དེ་ཤུགས་ཆེ་ཤོས་གསར་འགོད་པ་ཚོས་བྲིས་པ་རེད།

    རྩོམ་པ་པོ་རྣམས་ཀྱིས་བོད་དོན་བརྗོད་གཞིར་བཟུང་ནས་དེབ་བྲིས་ན་ཁྲོམ་རར་བྲིན་གྱི་མེད་སྟབས། ཁོང་ཚོའི་སྨྱུག་ཁ་དེས་བདེན་པ་ལས་རྒྱུ་དངོས་འཚོལ་དགོས་པའི་དུས་སྐབས་ཤིག་ཤར་བ་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འཛམ་གླིང་ནས་རང་དབང་གི་སྨྲ་བརྗོད་ལ་བརྩི་བཀུར་ཡོད་པའི་རྩོམ་པ་པོའི་དབུང་སྡེ་ཞིག་ཚོགས་བཞིན་ཡོད་པ་ཡིན་ན། དེ་རུ་བོད་ཀྱི་གཙོ་བའི་མི་རིགས་ཉམ་ཐག་ཁུངས་ནས་རྩོམ་པ་པོ་དེ་དག་ལ་གོ་ཐོབ་ཞིག་རེག་དགོས་ངེས་རེད་ལ། འགྲོ་བ་མིའི་ཐོབ་ཐང་དེ་ཡང་དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་ལྡན་པའི་རྩོམ་པ་པོ་དག་གིས་འགན་ལེན་བྱེད་དགོས་ཀྱི་ཡོད།

    Reply
  4. ཨ་མྱེ་རྫ་རྒྱ་ says:
    ལོ་ 17 སྔོན།

    གནས་ཚུལ་ཡག་པོ་བྱུང་ཡོད་ས་རེད་བསམ་སོང་། གང་ལྟར་དེ་ཚོ་ལ་གསལ་བཤད་རེ་ཐུབ་ན་ཡག་པོ་རེད། དེ་མིན་མི་མང་ཆེ་ཤས་རང་གི་ལས་དོན་གཙོ་བོར་འཛིན་མཁན་རྐྱང་རྐྱང་རེད།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཡག་པོ་བྱུང་འདུག་ཅིག་བྱས་ཐུབ་པ། མ་གཏོགས་ཀླད་རྙིང་ཚོས་ར་འབྱམས་པའི་ཆོ་ལོ་ཅན་ཞེས་མཐོང་ཆུང་བྱེད་ཀྱིན་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese