མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམས་ཐེངས་དགུ་བར་པེ་ཅིན་དུ་ཕེབས་པ་དང་བསྟུན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སླར་ཡང་བོད་རྒྱ་ཞི་མོལ་གྱི་ཕྱོགས་ལ་མིག་ཕྱེ་བྱུང་།

སྐུ་ཚབ་རྣམ་པ་ལམ་ལ་མ་ཆས་པའི་སྔ་ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་མེ་ཁུ་ཧམ་མར་ལགས་ཀྱིས་བཤད་དོན། སྲིད་འཛིན་ཨོ་བྷ་མ་མཆོག་ལོ་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་རྒྱུ་ནི་གཏན་འཁེལ་རེད། སྲིད་འཛིན་མཆོག་གིས་ཁོང་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་རྒྱུའི་དོན་དག་འདི་རྒྱ་ནག་གི་མགོ་ཁྲིད་ཚོར་ཡང་གསུངས་ཡོད་པ་རེད། འདི་ནི་ཁོང་གི་དམིགས་ཡུལ་ཡོད་ཚད་དེ་རེད་ཅེས་བཤད་ཡོད་པ་རེད། ཡིན་ཡང་། ཁོང་རྣམ་གཉིས་མཇལ་འཕྲད་ཀྱི་དུས་ཚེས་ངེས་ཅན་བཤད་ཡོད་མི་འདུག

ཨ་རྒྱ་གཉིས་དེང་སྐབས་གྷོ་གྷལ་རྩོད་གཞི་དང་འབྲེལ་ནས་དྲ་རྒྱའི་རང་དབང་གི་ཐད་ཁ་འཐབ་བྱེད་བཞིན་པའི་སྐབས་ཤིག་ལ། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ནམ་རྒྱུན་ལྟར་བོད་རྒྱའི་འབྲེལ་མོལ་ཐད་དགའ་བསུ་ཞུས་མེད་པར། དེ་ལས་ལྡོག་སྟེ་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་པའི་གནད་དོན་སྟེ། སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་གི་མཇལ་འཕྲད་ཀྱི་སྐོར་བསྒྲགས་ཡོད་པ་རེད།

དེ་ལྟར་ཀྱང་། ཕྱི་ཚེས་ ༢༥ ཉིན་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་ཨེ་ཝན་ལེ་ཝི་སུ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་པེ་ཅིན་དུ་ཕེབས་པའི་གནས་ཚུལ་གོ་མ་ཐག་དགའ་བསུ་ཞུས་ཡོད་པ་དང་། ཁོང་ནི་སྔར་ལོའི་ཕྱི་ཟླ་ ༩ པའི་ནང་དབྱིན་ཇིའི་གཞུང་འབྲེལ་སྐུ་ཚབ་ཅིག་བོད་ནང་ལྟ་སྐོར་དུ་ཕྱིན་པའི་གྲས་ཀྱི་གཅིག་ཡིན་འདུག

ཁོང་གིས་གཟའ་ཟླ་བའི་ཉིན། ངས་བོད་རྒྱ་ཕྱོགས་གཉིས་ཀས་བློས་ཐུབ་ཀྱི་སྒོ་ནས་གྲོས་མོལ་ལ་ཞུགས་རྒྱུ་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུར་རེ་སྐུལ་ཞུ་གི་ཡོད། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་བར་གྱི་ཞི་བའི་གྲོས་མོལ་ནི་བོད་ནང་གི་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་ཉག་གཅིག་དེ་རེད། ལོ་སྔོན་མར་ང་པེ་ཅིན་དང་བོད་དུ་ལྟ་སྐོར་ལ་ཕྱིན་སྐབས་ཀྱང་འདི་གསལ་བོ་སྒོ་ནས་ཞུ་རྒྱུ་བྱུང་། ཞེས་གསུངས་ཡོད།

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ ལོ་རན་སི་ ཁན་ནོན་ ལགས་ཀྱིས་ཀྱང་གནས་ཚུལ་འདིར་དགའ་བསུ་ཞུས་པ་དང་སྦྲགས། ཁེ་ན་ཌ་གཞུང་གིས་དུས་རྒྱུན་དུ་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་བར་དུ་ཞི་བའི་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ངས་ཕྱོགས་གཉིས་ཀར་འབྲེལ་མོལ་གྱི་རིམ་པ་གསར་པ་འདི་བློ་ཐག་ཆོད་པོ་དང་དོན་སྙིང་ཡོད་པའི་འབྲེལ་མོལ་ཞིག་ཏུ་བསྐྲུན་ཏེ་རྒྱུན་རིང་གི་རྩོད་རྙོག་རྣམས་ཕྱོགས་གཉིས་ཀས་ངོས་ལེན་བྱ་ཐུབ་པའི་འདུམ་འགྲིག་ཅིག་ཡོང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་ཅེས་དང་། ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་འོག་ཏུ་ཡོད་པའི་བོད་པ་རྣམས་ཀྱི་གནས་སྟངས་ལ་དོ་གལ་ཆེན་པོས་ལྟ་གིན་ཡོད་ལ། བོད་མི་རྣམས་ཀྱིས་རང་གི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། ཆོས་དད་རང་དབང་། ཞི་བའི་ངོ་རྒོལ་བཅས་དོ་གལ་ཆེན་པོར་འཛིན་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

ཟླ་ངོ་ ༡༥ རྗེས་སུ་བསྐྱར་མཐུད་བྱས་པའི་འབྲེལ་མོལ་ཐེངས་ ༩ པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་སུ་སྔ་གང་མགྱོགས་ཀྱིས་སྤེལ་གྱིན་ཡོད། འོན་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་འབྲེལ་མོལ་འདི་ཡང་རྒྱ་ནག་གཞུང་གིས་བོད་དོན་ཐོག་འབྲེལ་བ་འཛིན་བཞིན་ཡོད་པའི་རྣམ་འགྱུར་ཙམ་སྟོན་པ་མ་གཏོགས། དོན་དངོས་ཀྱི་གྲུབ་འབྲས་སྨིན་པ་ཞིག་ཡོང་མི་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 9

  1. དབྱར་ཁག་ཀུན་བཟང། says:
    ལོ་ 16 སྔོན།

    ད་བོད་རྒྱ་གྲོས་མོལ་མང་པོ་བྱས་སོང་། དེ་ཚོ་ཚང་མ་རྒྱ་ནག་གི་ཁ་གཡར་ས་ཙམ་ལས་དོན་དངོས་ལྡན་པའི་གྲོས་མོལ་ཞིག་ཁག་པོ་རེད་དྲན་གྱི་འདུག

    Reply
  2. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 17 སྔོན།

    ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ ལོ་རན་སི་ ཁན་ནོན་དང་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་ཨེ་ཝན་ལེ་ཝི་སུ་གནམ་གཉིས་ནས་དགའ་བསུ་ཞུས་བ་དང་བོད་ཀྱི་ཁྱོད་དུ་ཐུགས་བསམ་བྱོད་པ་ལ་གུས་པས་ཐུགས་རྗེ་ཆེན་ཞུ་བ་ཡིན་

    Reply
  3. གནམ་ལྕགས། says:
    ལོ་ 17 སྔོན།

    ཆད་འདུག

    མདང་དགོང་ཟེར་དགོས
    རྒྱལ་བོའི
    བཀྲ་མ་ཤིས་པ
    སོགས་བཅོས་རོགས།

    Reply
  4. གནམ་ལྕགས། says:
    ལོ་ 17 སྔོན།

    སྐབས་འདིར་ངས་དགོང་མོ་རྟག་པར་《ཆུ་ངོགས་གཏམ་རྒྱུད་》ཀྱི་བརྙན་འཕྲིན་ལ་བལྟ་ཡི་ཡོད། དགོང་ལང་ཧྲན་མཚོ་གླིང་གི་དཔའ་བོ་བརྒྱ་དང་བརྒྱད་དེ་གཞུང་ལ་མགོ་བཏགས་ཞུས་སོང་། དེའི་མིང་ལ་ཞི་འགུག་བདེན་འབོད་ཟེར་གྱི་འདུག་ལ། ཁོང་ཚོ་རྒྱལ་བའི་གསེར་གྱི་ཁྲི་ལ་མཇལ་བ་ནས་བཀྲ་མ་ཤེས་པའི་གནས་ཚུལ་བྱུང་བའི་མགོ་བཙུགས་སོང་། དངོས་གནས་ལང་ཧྲན་གྱི་དབུ་ཁྲིད་སུང་ཅང་འདི་རྒྱལ་ཁབ་ལ་བློ་དཀར་ནའང་གཞུང་གི་བདུད་བློན་ཀོ་ཆུག་སོགས་ཀྱི་བྱེད་སྟངས་སོགས་ལས་གནས་ལུགས་གསར་བ་རེ་མཐོང་ཡོང་། འདིའི་སྐབས་སུ་ངའི་སེམས་ལ་རང་རེའི་རྒྱལ་བ་རིན་པོ་ཆེས་ཀྱང་གློག་བརྙན་འདི་ལ་ཐེངས་གཅིག་གཟིགས་དགོས་པར་འདོད། འདི་ནི་ད་སྐབས་ཀྱི་རང་རེའི་གནས་སྟངས་དངོས་འཁྲབ་པ་ཞིག་ཡིན་ནོ།།

    Reply
  5. གནམ་ལྕགས། says:
    ལོ་ 17 སྔོན།

    བཀུར་འོས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ལྷག་བསམ་རྣམ་པར་དག་པ་ཡིན་པ་མཐོང་སོང་། ཡིན་ནའང་ད་རེའི་སྐུ་ཚབ་འདི་དག་གིས་དགྱ་ནག་ཏུ་ཆུ་འབུ་གློ་ཉལ་སྡེར་མ་འགའ་ཟོས་ནས་ཕྱིར་ལོག་རྒྱུ་ལས་ཅང་ཨེ་ཡོང་འདོད་སོང་། རྒན་ལགས་ཀྱིས་འདིའི་སྐོར་ནས་བསམ་ཚུལ་ཞིག་གསུང་ན་ཉན་རྒྱུ་ཞིག་ཡོད་ངེས་ཡིན། དེ་མིན་ཁ་གཏོང་གི་ཡོད་པ་འདྲ་བོ་དང་། ཡང་ན་མ་ཤེས་པར་ཤེས་མདོག་བསྟན་པ་སོགས་ཀྱིས་ག་རེ་ལབ་ན་སྐྱིད་པ་ཁྱོན་ནས་མི་འདུག འདིའི་སྐོར་ལ་སྤྱི་འཐུས་ཁོང་ལྟ་བུས་གསུང་རེ་གནང་ན་ཤིན་ཏུ་ལེགས།

    Reply
  6. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ལུག་ཕོ་གཉིས་ཀས་མགོ་བརྡུང་ན། མགོ་ཁྲག་ཨ་ཅེ་ཝ་མོས་ལྡག ཟེར་བ་དེ་ལ་གོ་རྒྱུ་ཆེ་ཆེ་ཞིག་འདུག་པ་ད་མཐོང་ཡོང་གིན་འདུག

    Reply
  7. རྒྱང་རིང་ནས། says:
    ལོ་ 17 སྔོན།

    ཕྱོགས་གགཅིག་ནས་ལྟོས་ན་ད་ཐེངས་སྐུ་ཚབ་ཚོགས་པ་རྒྱ་ནག་ལ་ཕེབས་ཐུབ་པ་དེ་གནས་ཚུལ་བཟང་པོ་ཞིག་ལ་རྩིས་ཆོག་འདུག་ ལོ་སྔོན་མ་ནས་བོད་ས་ཕྱོགས་མང་པོ་ཞིག་ལ་རྒྱ་ནག་ནས་རྣམ་འགྱུར་སྟོན་སྐད་འདུག་པ་མ་ཟད་ད་ལོ་ལོ་གསར་མཚེས་པ་དང་སྐུ་ཚབ་རྣམས་དང་ཐུགས་འཕྲད་བྱེད་ཡོད་པ་རེད་ འོན་ཀྱང་ ང་ཚོས་བཤད་ནང་བཞིན་ཞིག་ཁས་ལེན་ཐུབ་དཀའ་ཡང་ གང་ལྟར་རྒྱ་ནག་གིས་ཁོང་ཚོའི་ཆ་གཞི་བཞིན་འགྱུར་བ་གཏོང་འདོད་ཡོད་ཚད་རེད།

    Reply
  8. ཨ་ཁུ་སྟོན་པ། says:
    ལོ་ 17 སྔོན།

    གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ
    གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ
    གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ
    གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ
    གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ གྲོས་མོལ
    དངོས་གནས་ཐང་ཆད་སོང་། བཀའ་བྻོན་མཆོག་རྣམ་པ་ཐང་ཆད་ཡ་མིན་འདུག
    རང་བཙན་རྩོད་དང་སྐུ་མཁྱེན། རང་བཙན་རྩོད་དང་སྐུ་མཁྱེན།་ རང་བཙན་རྩོད་དང་སྐུ་མཁྱེན། བོད་རྒྱལ་ལོ།།།།།

    Reply
  9. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ད་ལན་གྱི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཐེངས་དགུ་པ་རྒྱ་ནག་ཏུ་ཕེབས་པའི་སྐོར་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་དོན།
    “ཐེངས་དགུ་པ་འདི་ཕེབས་པ་ལ་བརྟེན་ནས་ལམ་སང་གྲུབ་འབྲས་འདི་ཡིན་ཟེར་བ་མངོན་གསལ་དོད་པོ་ཞིག་ཐོན་པའི་རེ་བ་གང་ཡང་བྱེད་ཀྱི་མེད་དེ། འདས་པའི་ཟླ་གྲངས་བཅོ་ལྔ་ཙམ་གྱི་རིང་ལ་འབྲེལ་མོལ་བྱེད་མ་ཐུབ་པ་དེ་ད་རེས་མུ་མཐུད་ཐུབ་པ་ཞིག་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་ལ་དེའི་སྐོར་ལ་ང་ཚོའི་གྲོགས་པོའི་རྒྱལ་ཁབ་ཚང་མ་ལ་འབྲེལ་མོལ་བར་མཚམས་རྒྱུན་རིང་ཕྱིན་པ་དེས་ཐུགས་འཚབ་མང་པོ་ཞིག་ཡོད་བསྡད་པ་རེད། དེ་ཡིན་དུས་ཁོང་ཚོ་ཚང་མ་ལ་ཐུབས་འཚབ་མེད་པ་ཆགས་རྒྱུ་ཞིག་དང་། བར་ལམ་གྱི་བོད་ནང་ལ་བྱུང་བའི་གནས་སྟངས། རྒྱལ་སྤྱིའི་ནང་ལ་བྱུང་བའི་གནས་སྟངས། རྒྱ་ནག་གཞུང་གི་ངོས་ནས་གནང་ཕྱོགས། དེ་འདྲ་མང་པོ་ཞིག་གི་ཐོག་ལ་ད་རེས་ཕར་ཚུར་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་དང་། གསལ་བཀྲོལ་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།” ཅེས་དང་།

    ཡང་ ༢༠༠༨ ལོར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དེའི་ལྷག་ད་ལན་གསུང་རྒྱུ་མེད་པའི་སྐོར་ལ་གསུངས་དོན།
    “བསམ་འཆར་ཡིག་ཆ་ལ་སྣོན་འཕྲི་སྤོར་གཅོག་བྱེད་རྒྱུ་དང་། ཕྱིར་བཤིག་རྒྱག་རྒྱུ་གང་ཡང་མེད་པ་དེ་གསལ་པོ་ཞེ་དྲགས་རེད། བསམ་འཆར་ཡིག་ཆ་དེ་ལོ་མང་པོ་ཞིག་གི་རིང་ལ་གནས་ཚུལ་ཞིབ་འཇུག་བྱས་པ་དང་། ལྷག་པར་དུ་འབྲེལ་མོལ་ཐེངས་བདུན་གྱི་རིང་ལ་ཕར་ཚུར་གོ་བསྡུར་བྱུང་བ་ཚང་མའི་མཇུག་བསྡོམས་འདྲ་བོ་དེ། མཐའ་མ་བསྡོམས་ས་དེ་བསམ་འཆར་ཡིག་ཆ་དེའི་ཐོག་ལ་བསྡོམས་ཡོད་རེད། ད་དེའི་ཁ་ལ་སྣོན་འཕྲི་སྤོར་གཅོད་བྱེད་རྒྱུ་དང་། ཕྱིར་བཤིག་རྒྱག་རྒྱུ་གང་ཡང་མེད་པ་རེད། ཡིན་ནའང་བསམ་འཆར་ཡིག་ཆ་དེའི་ཐོག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནས་ཚུལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་འཁྱོག་བཤད་དེ་འདྲ་མང་པོ་གནང་ཡོད་རེད། དེ་ཚོ་གསལ་བཀྲོལ་མ་བྱས་པར་ཐབས་མེད་པ་ཞིག་ཡིན་པས། ད་རེས་ཁོང་རང་ཚོ་པའི་སྐབས་ལ་དེ་ཚོའི་གསལ་བཀྲོལ་ཆ་ཚང་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་དང་།

    ཡང་ད་ལན་འབྲེལ་མོལ་གནང་ཡུལ་ཐད་གསུངས་དོན། “ཧུའུ་ནན་ཞིང་ཆེན་ནས་འགོ་བཙུགས་ཏེ་གནང་གི་ཡོད་རེད། ནམ་རྒྱུན་འཆར་ཅན་ས་གནས་འབྲེལ་ཡོད་ཁ་ཤས་ཤིག་ལ་གཟིགས་སྐོར་གདན་འདྲེན་ཞུ་རྒྱུ་དེ་ཁོ་རང་ཚོའི་ལམ་སྲོལ་འདྲ་ཞིག་ཆགས་བསྡད་ཡོད་རེད། ད་༌༌ད་རེས་དང་པོ་ཧུའུ་ནན་ཞིང་ཆེན་དང་། དེ་ནས་ཕར་རྒྱལ་ས་ལ་ཕེབས་རྒྱུའི་བང་བསྒྲིགས་བཞག་ཡོད་རེད།” ཅེས་དང་།

    ཡང་བོད་དུ་ཕེབས་ཐུབ་ཀྱི་མེད་པའི་སྐོར་གསུངས་དོན། “བོད་ལ་ད་རེས་ཕེབས་ཐུབ་པའི་འཆར་གཞི་མི་འདུག” ཅེས་གསུངས་འདུག
    ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་སྒྲ་ཕབ་ཞུས།
    http://www.vot.org/player.html?snd=http://www.vot.org/votmontib.mp3

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese