༧གོང་ས་མཆོག་གི་སྐུ་ཚབ་རྣམས་པ་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་དུ་འབྱོར་ནས་འབྲེལ་མོལ་མཇུག་སྐྱོང་གིན་ཡོད། ཉིན་དེར་ཨ་རི་དང་ཌན་མག་གིས་ཀྱང་བོད་རྒྱའི་འབྲེལ་མོལ་འདིར་རྒྱབ་སྐྱོར་ཡོད་སྐོར་བསྒྲགས་འདུག
ཕྱི་ཚེས་ ༢༤ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མའི་མཇལ་འཕྲད་སྐོར་ལ་གསལ་བསྒྲགས་བསྐྱངས་ལ། ཕྱི་ཚེས་ ༢༦ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧྥེ་ལིབ་ ཁུ་རོ་ལེ་ ལགས་ཀྱིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་ཐེངས་དགུ་བར་རྒྱ་ནག་ལ་ཕྱིན་པའི་སྐོར་ལ་བརྗོད་དོན། ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དེ་རིང་རྒྱ་ནག་ཏུ་འབྱོར་ཏེ་རྒྱ་ནག་གི་དཔོན་རིགས་ཚོའི་མཉམ་དུ་འབྲེལ་མོལ་ཐེངས་དགུ་པ་མཇུག་སྐྱོང་བཞིན་པ་ཤེས་སྟབས་ཨ་རིའི་གཞུང་དགའ་བོ་བྱུང་ཡོད་ཅེས་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་ཀྱིས་ཞི་མོལ་གྱི་ལམ་ནས་ཕན་ཚུན་བར་གྱི་རྒྱུན་རིང་གི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱིན་ཡོད། གཞུང་འཛིན་འདིའི་ངོས་ནས་ཐེངས་འདིའི་འབྲེལ་མོལ་སྐབས་བཟང་ཕྱོགས་ཀྱི་གྲུབ་འབྲུས་བསྐྲུན་པ་དང་། འབྱུང་འགྱུར་གྱི་འབྲེལ་མོལ་ལ་རྨང་གཞི་བཏིང་སྟེ་རྒྱུན་རིང་གི་དཀའ་རྙོག་སེལ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས་འདུག
དེ་བཞིན་ཕྱི་ཚེས་ ༢༦ གི་ཉིན་རྒྱབ་ཌན་མག་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Per stig Møller ལགས་ཀྱིས་བོད་རྒྱའི་འབྲེལ་མོལ་གྱི་སྐོར་ལ་གསུངས་དོན། ཏཱ་ལའི་བླ་མའི་སྐུ་ཚབ་རྣམ་པ་དང་པེ་ཅིན་གྱི་དབུ་ཁྲིད་ཚོའི་བར་གྱི་གྲོས་མོལ་དེ་མཚམས་ཆད་དེ་ཟླ་ངོ་ ༡༥ རྗེས་སུ་འབྲེལ་མོལ་བསྐྱར་གསོ་བྱུང་བར་ང་རང་དགའ་སྤྲོ་སྐྱེས་ཡོད། དེར་བརྟེན་ངས་སླར་ཡང་ཕྱོགས་གཉིས་ཀས་འབྲེལ་མོལ་གྱི་སྐབས་སོ་སོ་ཡར་སྐུལ་གྱི་ཕྱོགས་ནས་བཀའ་མོལ་ལ་ཞུགས་རྒྱུ་དང་། འབྲེལ་མོལ་འདི་བརྒྱུད་དེ་བོད་རིགས་རྣམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ཚད་མཐོའི་རང་སྐྱོང་ཞིག་འཐོབ་པ་དང་། ཁོང་ཚོའི་རིག་གཞུང་དང་ཆོས་ལུགས་ཀྱི་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་འཐོབ་ཐུབ་པ་ཞིག་ཡོང་བའི་རེ་བ་ཡོད། བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ལམ་ཁ་ཉག་གཅིག་ནི་འབྲེལ་མོལ་ཡིན་ཞེས་གསུངས་འདུག
ཨ་རི་དང་ཌན་མག་གཉིས་ནི་སྔར་ལོའི་ལོ་མཇུག་ལ་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་མཐའ་མ་གཉིས་ཆགས་ཡོད།
སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་ལ་གཟིགས་སྐོར་གནང་སྐབས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་གསུངས་ཡོད།
པེ་ཅིན་དུ་ཡོད་པའི་ཌན་མག་གཞུང་ཚབ་པ་ཆེན་མོས་སྔར་ལོའི་ཕྱི་ཟླ་ ༡༢ པའི་ནང་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཌན་མག་ཏུ་འཚོགས་པའི་སྐབས་དེར། ཌན་མག་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་སྐོར་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་ཡོད།
ནད་པ་ལགས་སྔོན་མ་ངས་ཁྱེད་ལ་ཀླད་ནད་ཞིག་འདུག་ཞུ་མྱོང་ཡོད་ད།
དེ་དངོས་གནས་བདེན་པ་ཡིན་པར་འདྲ། མ་རེད་དམ། ཁྱེད་ཀྱིས་དྲན་སོང་ངམ།
འཇིག་རྟེན་གཏམ་དཔེར་དོན་མི་གོ་བའི་མི་ཁྱེད་ལ་ཅི་ཞིག་ལེན་པ་ཡིན་ནམ།
ཧཧཧཧཧཧཧཧཧཧཧཧཧཧཁྱེད་སྙིང་རྗེ།
གུས་པར་བཀུར་བའི་ཅོ་རི་ལགས། ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ་ཟེར་བའི་གཏམ་དཔེ་དེའི་མིང་ཚིག་ཁོ་ནར་དཔྱད་ན་གཉེན་གྱི་ལྡོག་ཕྱོགས་ནི་དགྲ་ཡིན་ཞིང་། དཔེར་ན་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་གྲོང་པའི་ཁྱིམ་ཚང་གཅིག་ལ་དེང་དུས་ཀྱི་བརྙན་འཕྲིན་དང་། ཁ་པར། མོ་ཊ་སོགས་ཉོས་ནས་བེད་སྤྱོད་བྱེད་དུས་གྲོང་པའི་ཁྱིམ་ཚང་གཞན་དེ་ལའང་རང་བྱུང་འཚོ་གནས་ཀྱིས་དབང་ལས་ངེས་པར་དུ་དགོས་མཁོ་ཡོད་པའི་ཚོར་སྣང་བསྟེར་བ་དེ་དངོས་པོའི་ཆོས་ཉིད་ཅིག
ཆོས་ཉིད་དེ་ལས་མི་གཞན་གྱི་བསམ་བློར་ཡང་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ནས་ཁོང་ཚོར་ཡང་དེ་འདྲ་བ་ཞིག་དགོས་པར་བརྟེན་ནས་དེ་ཡོང་ཐབས་ལ་རང་བཞིན་གྱིས་འབད་བརྩོན་བྱེད་པ་རེད།
འབད་བརྩོན་དེ་འདྲ་ཞིག་བྱེད་པ་དེས་མི་རྣམས་ཀྱིས་བསམ་བློའི་རང་བཞིན་ཐད་ལ་བག་ཆགས་ངན་པའི་གཞན་དབང་ལས་རང་བཞིན་གྱིས་སེམས་ནང་ཆགས་སྡང་དང་ཕྲག་དོག་ངང་ངང་ཤུགས་ཤུགས་སུ་སྐྱེ་བཞིན་ཡོད་པ་རེད།
འགྲོ་བ་མིའི་འཚོ་གནས་ཀྱི་དགོས་མཁོ་དེ་འདྲའི་ངང་ནས་ཆུང་ཚགས་གྲོང་པ་ཁྱིམ་འཚེས་གཅིག་ནས་ཐ་ན་རྒྱལ་ཁབ་ཕན་ཚུན་དབར་ལ་འགྲན་སེམས་དེ་ཡོང་གི་ཡོད་སྟབས་མི་རྣམས་ཀྱི་དངོས་པོའི་དཔལ་ཡོན་དེ་ལྟར་བྱས་ནས་དར་རྒྱས་ཕྱིན་པ་ནི་ཡང་དག་པའི་བསམ་བློའི་ཚན་རིག་གིས་བདེན་དཔང་བྱེད་ཐུབ།
དེ་འདྲ་སོང་ཙང་ཐ་ན་སོ་སོའི་ཉེ་མཁྲིས་སུ་ཡོད་པའི་གྲོང་པ་དེ་གནས་སྐབས་ཅིག་རིང་ཕན་ཚུན་གྱི་ཕྲག་དོག་ལས་དགྲ་ལྟ་བུའི་འདུ་ཤེས་བཟུང་ཡོད་ཀྱང་འགྲོ་བ་མི་རྣམས་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་ནམ་བྱུང་ངེས་པ་མེད་སྟབས།
ནམ་ཞིག་ཁྱེད་རང་ལྟ་བུ་ན་བའི་དུས་སྐབས་ཤིག་ལ་ཁྱེད་ལ་རང་གི་གྲོང་པ་དེས་ཕན་ཐོགས་བྱེད་ཐུབ་ལ་ལེ་དབར་ཁྲི་འབུམ་གྱི་བར་ཐག་ཆོད་པའི་ཁྱེད་ཀྱི་གཉེན་ཉེ་རྣམས་ཀྱིས་སྐབས་དེར་རང་ལ་ཕན་ཐོགས་བྱེ་ཐབས་བྲལ་བས་ཐག་རིང་གིས་གཉེན་ལས་ཐ་ན་གྲོང་པའི་དགྲ་དགའ་ཞེས་རྒྱུ་མཚན་དེ་ལྟར་བྱས་ནས་གནའ་དཔེ་རྒྱུ་མཚན་ལྡན་པ་ཞིག་བྱུང་བ་རེད།
ནད་པ་ལགས།
དེ་ནི་བོད་ཀྱི་གཏམ་དཔེ་ཞིག་ལ་ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ་ཟེར་བ་དེ་དོན་ལ་གནས་ཤིང་ང་ཚོར་ཕྱི་རོལ་སྤྱི་ཚོགས་ཀྱིས་ར་སྤྲོད་བྱེད་པ་དེ་རེད།
ཞེས་བྲིས་ཁུལ་བྱས་པ་དེའི་བོད་ཀྱི་གཏམ་དཔེར་དེ་འདྲ་མ་རེད་ད་།།།།།།།།།ང་ཚོ་བོད་ཁ་བ་ཅན་གྱི་གཏམ་དཔེར་ཐག་རིང་གི་གཉེན་ལས་ཐག་ཉེ་ཡི་གྲོང་པ་དགའ་ཟེར་སྲོལ་ཡོད་པ་མ་གཏོགས་ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ་ཟེར་བ་དེ་ཁྱེད་ཀྱི་གཏམ་དང་ཁྱེད་ཀྱིས་ལག་ལེན་ཡིན་གྱིན་རེད།
ད་ཕ་ཆེར་རེ་བ་མེད་པ་ལྟ་བུ་ཞིག་རེད་བསམ་གི ཡིན་ན་ཡང་རེ་བ་རྒྱབ་ན་མི་ཆོག་པ་ཡང་ཅི་ཞིག་ཡོད།
རེད་རེད། ད་འདི་ན་ཡང་ནད་པས་རྒྱ་ནག་གིས་བོད་སྐྱོབ་ཚུལ་བཤད་ཀྱིན་འདུག་ག རྒྱ་ནག་རྒྱལ་ཁབ་ཀྱིས་ཁྱོད་འདྲ་བའི་ལྷག་བསམ་ཅན་གྱི་བློ་མཐུན་ཞིག་རྙེད་པ་དེ་ཡིན་ན་དངོས་གནས་མའོ་ཙེ་ཏུང་གིས་བསོད་ནམས་སྣ་གཅིག་བསགས་པའི་འབྲས་བུ་ཡིན་ས་རེད།
ཕྱི་ལོ་ ༡༩༥༡ རྒྱ་གུང་ཁྲན་གྱི་བོད་དུ་དཔུང་འཇོམས་ཆེད་མདུན་བསྐྱོད་དམག་མི་དང་། དཔུང་འཇོམས་དམག་མི། ཁ་སྣོན་དམག་མི་བཅས་ཁྱོན་དམག་མི་ཉིས་ཁྲི་ལྷག་ཙམ་བོད་དུ་དྲག་པོས་བཅིངས་གྲོལ་གཏོང་མགོ་འཚུགས་ཡོད།
སྐབས་དེར་བོད་ས་གནས་སྲིད་གཞུང་གིས་མགྲིན་ཚབ་པ་ཆེད་གཏོང་གིས་རྒྱ་གར་དུ་ཡོད་པའི་ཨ་རིའི་སྲིད་གཞུང་ལ་བོད་དེ་རང་བཙན་ཡིན་པའི་ངོས་འཛིན་དང་རྒྱབ་སྐྱོར་དགོས་ངེས་ཞུས་ཡོད།
ད་དུང་བོད་སྲིད་གཞུང་གིས་ངོས་ནས་༸ གོང་ས་ཏྭ་ལའི་བླ་མ་དང་། ཆེས་མཐོའི་དཔོན་རིགས་སྐོར་གཅིག ད་དུང་སྐུ་འཁོར་གྱི་མི་དམངས་གང་ཙམ་ཞིག་ཨ་རི་སྲིད་གཞུང་ནས་སྲིད་དོན་གྱི་སྐྱབས་བཅོལ་ལེན་པའི་རེ་བསྐུལ་ཞུས་ཡོད།
སྐབས་དེར་ཨུ་རུ་སུའི་སྲིད་གཞུང་དང་རྒྱ་ནག་གཉིས་དམར་ཤོག་གི་མཉམ་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཟིན་སྟབས་རྒྱ་གར་དུ་ཡོད་པའི་ཨ་རི་སྲིད་གཞུང་གིས་བོད་དེ་རང་བཅན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་ཨ་རིའི་ངོས་ནས་བོད་ལ་བརྒྱབ་སྐྱོར་བྱས་ན་ཨ་རི་སྲིད་གཞུང་ལ་ཁེ་ཕན་གང་ཡང་མེད་ཚུལ་དང་ཆབས་ཅིག་བར་གནས་ཀྱི་རྒྱལ་ཁབ་གཅིག་ཏུ་སྡོད་རྒྱུའི་བལྟ་ཚུལ་ལ་གྲོས་མཆམ་བྱུང་ནས་བོད་སྲིད་གཞུང་གྱི་རེ་བསྐུལ་དེར་བརྒྱབ་སྐྱོར་རྩ་བ་ནས་བྱས་མེད།
དུ་དུང་ལོ་རབས་ ༡༩༦༠ ནང་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་ནས་བློ་མཐུན་མའོ་ཙེ་ཏུང་དང་ཐུགས་ཕྲད་བྱས་ཏེ་ཕྱིར་ལོག་རྗེས་ཨ་རིའི་ནང་ཏྭ་ལའི་བླ་མའི་སྐུ་དཔར་དང་། འབྲེལ་ཡོད་ཡིག་ཆ་སོགས་གལ་ཆེའི་རིགས་ཨ་རིའི་ནང་གང་བྱུང་དུ་འགྲེམས་སྤེལ་བྱེད་རྒྱུར་ཡང་བཀག་འགོག་བྱས་ཡོད།
བོད་ཀྱི་ཏྭ་ལའི་བླ་མ་མཆོག་ནི་དུས་རབས་ཀྱི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་མི་སྣ་གཅིག་ཡིན་པའི་དབང་གིས་བོད་ཀྱི་གནད་དོན་འདི་ད་ཆ་འཛམ་གླིང་རྒྱལ་སྤྱིའི་ནང་དུ་ཀུན་གྱི་དོ་སྣང་བྱེད་དགོས་པའི་ཚད་དུ་སླེབས་པ་རེད།
དེར་བརྟེན་ཨ་རིའི་སྲོད་གཞུང་གིས་ངོས་ནས་དུས་བབ་ལ་དཔག་ཏེ་༸ གོང་ས་ཏྭ་ལའི་བླ་མར་འཚམས་འདྲི་གང་མང་ཞིག་གནང་ཡོད་ལ་ད་དུང་ཆེས་མཐོའི་གསེར་གྱི་རྟགས་མ་སོགས་གནང་ཏེ་བོད་དོན་ལ་བརྒྱབ་སྐྱོར་གྱི་རྣམ་པ་མཚོན་ཐབས་བྱེད་བཞིན་ཡོད།
འོན་ཀྱང་ངས་བསམས་ན་ང་ཚོར་ཁ་ཞེ་སྙིང་མེད་ཀྱི་བརྒྱབ་སྐྱོར་གནང་མཁན་ནི་རྒྱ་གར་གྱི་རྒྱལ་ཁབ་དེ་ཡིན་ལ་དུས་རབས་མང་པོའི་སྔོན་ནས་ད་བར་བོད་དང་རྒྱ་གར་འདི་ཁྱིམ་འཚེས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཙམ་མ་ཟད་ད་དུང་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། རིག་གཞུང་། སྐད་ཡིག་སོགས་ཕྱོགས་གང་ས་ནས་ཕན་ཚུན་བུ་སྤུན་ལྟ་བུའི་འདུ་ཤེས་གཏིང་ཟབ་ཅིག་ཡོད་སྟབས་རྒྱ་གར་གཞུང་དམངས་གཉིས་ནི་བོད་ཀྱི་ཆེས་བླ་ན་མེད་པའི་མཛའ་གྲོགས་དམ་པ་ཞིག་ཡིན།
རྒྱ་ནག་འདི་འདས་པའི་དུས་རབས་མང་པོའི་རིང་བོད་དང་ཁྱེད་ཤི་ང་གསོནགྱི་འཐབརྩོད་ཅིག་ནང་བསྡད་མྱོང་ལ་སྐབས་ལ་ལར་ཆས་གོས་དང་། རིག་གཞུང་། ཆབ་སྲིད་སོགས་ཀྱི་ཐད་ལ་ཕན་ཚུན་རོགས་རམ་བྱས་མྱོང་མཁན་ཞིག་ཀྱང་ཡིན་སྟབས་ང་ཚོ་སྟེ་བོད་གངས་ཅན་པ་གདོང་མར་ས་ཡ་དྲུག་ཏེ་འཛམ་གླིང་མཐོ་སྒང་འདིའི་སྟེང་ནས་ཡར་ལངས་ཐུབ་པ་བྱེད་དགོས་ལ་དེ་ཡང་གཙོ་བོ་རྒྱ་དཀར་ནག་གཉིས་དང་ལྷན་དུ་མཉམ་འབྲེལ་བྱས་ཏེ་ཡར་ལངས་ཐུབ་པ་བྱེད་དགོས།
ཨ་རི་སྲིད་གཞུང་སོགས་ང་ཚོ་བོད་གངས་ཅན་དང་ལེ་དབར་ཁྲི་འབུམ་གྱི་བར་ཐག་ཆོད་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་གིས་ང་ཚོ་སྐྱོབ་མི་སྲིད་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད་ལ་སྐྱོབ་ཡང་མི་ཐུབ།
ང་ཚོའི་ཉེ་འཁྲིས་སུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱིས་ང་ཚོ་ཡར་སློང་ཐུབ་ངེས་ཡིན། དེ་ནི་བོད་ཀྱི་གཏམ་དཔེ་ཞིག་ལ་ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ་ཟེར་བ་དེ་དོན་ལ་གནས་ཤིང་ང་ཚོར་ཕྱི་རོལ་སྤྱི་ཚོགས་ཀྱིས་ར་སྤྲོད་བྱེད་པ་དེ་རེད།
བོད་ཀྱི་ཆེད་དུ་ཐུགས་འཁུར་གནང་བ་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
འཁྱམས་པོ།
ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས། །
ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །
ངོ་མཚར་ཕར་ཆེར་ཐན་ལྟས་ཉིད་དུ་བསྒོམས།།
ཆོས་ཀྱི་རྒྱལ་ཁམས་ཊྲི་བྷོ་ཊ་ཡི་སྲོལ། ། དགེ་ཆོས་ནས་སོ།།
དག་བཅོས་ ནོར
བྲན་གཡོག དྲན་གཡོག
རྩེད་ཆས རྩེད་ཆེས
ཨ་རི་དང་ཌན་མག་ནི་ད་སྐབས་རྒྱ་ནག་གི་དཔལ་འབྱོར་དྲན་གཡོག་རེད། ཁེ་བཟང་དེས་ཆེད་དུ་བོད་དོན་ནི་རྩེད་ཆེས་གལ་ཆེན་ཞིག་རེད། རྒྱ་ནག་དང་མཉམ་དུ་ཚོང་དོན་གླེང་དུས་བོད་དོན་ཁ་རུ་འཁྱེར། དེ་ནི་ཚོང་གཏམ་བྱེད་རེད། ཁེ་ཕན་ཐོབ་སྟེ་ལམ་འགྲོ་བྱུང་ན་བོད་ནི་རྒྱ་ནག་གི་ཆ་ཤས་རེད། བོད་དོན་གཏིང་ནས་བརྗེད། ཡང་ལས་དོན་ལམ་སློངས་མ་བྱུང་ཚེ་ བོད་ བོད་་་ཞེས་རྩེད་ཆེས་དེ་ལག་དུ་ལེན། དེ་ནི་ཁོང་ཚོས་འཛམ་གླིང་གར་སྟེགས་སྟེང་འཁྲབ་བཞིན་པའི་སྤྲེའུའི་ཟློས་གར་རེད།
མི་སུ་ཞིག་ཁོང་ཚོར་ཡིད་ཆེས་ཡོད་་་
བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིག་རྒྱལ་གྱི་གཙོས་ལས་བྱེད་ཐུན་མོང་ལ།
ཁྱེད་རྣམ་པས་བོད་དོན་དང་འབྲེལ་བའི་གསར་འགྱུར་མང་པོ་ཞིག་འདོན་སྤེལ་གནང་དང་གནང་བཞིན་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོན་ཀྱང་།་རེས་གཟའ་སྤེན་པ་དང།་ཉི་མ་གཉིས་ལ་མི་རྣམས་ལ་གསར་འགྱུར་ཀློག་རྒྱུའི་དུས་ཚོད་མང་ཤོས་ཡིན་མོད།་དུས་བབ་དྲ་རྒྱའི་ཐོག་གནས་ཚུལ་ཉུང་ཤོས་ཆགས་ཀྱི་འདུག་པས།་ཕྱིས་སུ་བཅོས་བསྒྱུར་ཡོང་བའི་རེ་སྨོན་ཤུགས་དྲག་ཞུ་རྒྱུ་ཡིན།་
ཐུགས་རྗེ་ཆེ།
རྒྱ་ནག་ལ་ཐུག་དུས་ངོ་དགའ་རེ་བཤད་ནས་འཛམ་གླིང་ལ་བསྒྲགས་དུས་བོད་དོན་རེ་གླེང་ཁུལ་བྱས་པས་ཕན་ཐོགས་ཤིག་ཡོད་རྒྱུ་མ་རེད་་་་་་་་དེ་ལས་འོས་ལངས་དང་འཇིགས་སྐུལ་གྱི་ལམ་ལ་བརྟེན་ན་མ་གཏོགས་ཡོད་ས་མི་འདུག་པ་དེ་མཐོང་གི་འདུག
ཧཧཧཧཧགཟིགས་སྤག་གྱོན་པའི་བོང་བུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མགྲིན་ཚབ་པ་ཧྥེ་ལིབ་ ཁུ་རོ་ལེ་ ལགས་གང་དྲན་གང་བསམ་པ་ཡིན་ནམ་བོད་མི་མཚོ་བསམ་ལོ་མཐང་དང་
ང་ཚོའི་ཕྱོགས་ནས་ནམ་རྒྱུན་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་བསྡད་ཡོད་པ་མ་རེད་དམ། ད་ང་འདྲ་མོ་འདིས་ཆབ་སྲིད་ཟེར་ན་ཅི་ཡིན་ཤེས་ཀི་མི་འདུག་ཡ། གང་ལྟར་ཀྱང་རྒྱལ་ཁབ་གཞན་དང་ཚོགས་སྡེ་གཞན་གྱིས་དེ་ལྟར་བཤད་པར་དགའ་དགོས་ནི་ལོས་ཡིན། ཨ་རི་དང་ཊན་མག་གཉིས་ལ་ཐུགས་རྗེ་ཆེ་ཞུ།