ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མཛའ་བརྩེའི་ཚོམས་ཁང་དུ་༼ ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ ༽ཟེར་བ་དེ་ཚོགས་ཡོད་པ་དང་། ཚོགས་ཐོག་དེར་རྒྱ་གཞུང་གིས་བཙལ་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་ཡོད་ཅིང་། དེ་ནི་པཎ་ཆེན་རྒྱལ་མཚན་ནོར་བུས་སྤྱི་ཚོགས་སྟེང་གི་གོ་མིང་ཡོད་པའི་ལས་འགན་བཞེས་པ་ཐེངས་དང་པོ་ཆགས་ཡོད་འདུག
ཚོགས་ཐོག་དེར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན། རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ་ལྷག་པ་ཕུན་ཚོགས་སོགས་ཀྲུང་གོའི་ནང་བསྟན་ལས་རིགས་ཀྱི་རྒྱའི་སྐད་ཡིག་སྡེ་ཁག་དང་བོད་ཀྱི་སྐད་ཡིག་སྡེ་ཁག དེ་བཞིན་པ་ལིའི་སྐད་ཡིག་སྡེ་ཁག་བཅས་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ ༣༡ ནས་ཕེབས་པའི་སྐུ་ཚབ་ ༦༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག
དེ་རིང་སྔ་དྲོར་ཚོགས་འདུའི་ཉིན་མཐའ་མའི་མཇུག་བསྡུའི་མཛད་སྒོའི་སྟེང་། པཎ་ཆེན་རྒྱལ་མཚན་ནོར་བུས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྐུ་ཚབ་ཀྱི་མིང་ཐོག་ནས་བོད་རྒྱ་སྐད་ཡིག་གཉིས་ཐོག མ་འོངས་པར་ཁོང་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་གཉིས་གཞི་མཐུན་དང་། ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་རམ་འདེགས་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་པ་དང་། ཆོས་དད་རང་དབང་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་སྲིད་བྱུས་ཤིག་ཡིན་སྟབས། ངེས་པར་དུ་སྲིད་བྱུས་ཡང་དག་པའི་ལམ་སྟོན་དུ་འགྱུར་པའི་རྨང་གཞིའི་འོག དགོན་སྡེའི་དོ་དམ་གྱི་ལས་དོན་འཐུས་ཚང་དུ་གཏོང་དགོས་པ་དང་། དམངས་གཙོའི་དོ་དམ་དང་ལམ་ལུགས་འཛུགས་སྐྲུན། རིག་དངོས་སྲུང་སྐྱོབ། དཔལ་འབྱོར་དོ་དམ་བཅས་ཀྱི་ཕྱོགས་ལ་འཐུས་ཚང་དང་། དུས་རབས་དང་འཚམ་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱ་དགོས་པའི་དགོངས་འཆར་ཡང་བཏོན་ཡོད་འདུག
བོད། ཤ་ཁྲག་རུས་གསུམ། ཁྱེད་ཀྱི་ཟིན་བྲིས་ནང་དུ་ཚིག་ཁ་ཁ་ཤས་གོ་དོན་ཡག་པོར་ཞེ་དྲག་འདུག་ཡིན་ཡང་བོད་ཀྱི་སྐུ་ཚབ་རྣམས་ཀྱི་སྐོར་འགའ་བྲིས་འདུག་པས་དེ་གླེན་གཏམ་འདྲ་བོར་འདུག གང་ཡིན་ཟེར་ན་བོད་ཀྱི་སྐུ་ཚབ་རྣམས་ཀྱི་ལས་དོན་དེ་རྒྱལ་ཁབ་གཉིས་ཀྱི་བར་སྐད་ཆ་ཞིག་རེད་མ་གཏོགས་ཚོགས་པ་ཆུང་ཆུང་འགའ་ཞིག་གིས་གྲོས་མོལ་བྱེད་པ་ནང་བཞིན་ལས་སླ་བོར་ཞིག་རྩ་བར་ནས་མ་རེད། ཉམས་མྱོང་མེད་པའི་སྐད་ཆ་མ་བཤད་རོགས།
རྒྱ་ནག་གིས་པཎ་རྫུན་རྒྱལ་མཚན་ནོར་བུ་ཁོང་ལ་གོ་གནས་སྤྲད་དགོས་པའི་གནད་ཅིག་ཡོད་རེད། པཎ་རྫུན་ཁོང་ནི་མི་བཟང་ངན་གང་འདྲར་ཡིན་མིན་ཁྱད་པར་འབྱེད་ཡར་ཁག་པོར་རེད། ཁོང་རང་ལ་སྨྲ་བརྗོད་དང་འགྲོ་འདོད་ཆོས་འདེད་རང་དབང་མེད་པར་བོད་མི་ཆ་མཉམ་རེད་སེམས།
དགའ་བསུ་ཞུ་མཁན་ཚོ་ཁོ་ཡི་དྲུང་དུ་སོང་དང་བོད་ལ་ཁ་གཏད་ཀྱི་ལས་ཀ་རེ་རག་ནི་རེད།
སྤྱིར་རྒྱལ་མཚན་ནོར་བུར་གོ་གནས་དང་ཐོབ་ཐང་རག་པ་ལ་དགའ་བསུ་དང་འཚམ་འདྲི་ཤུགས་ཆེ་ཡོད་་་་རྒྱུ་མཚན་ནི་ང་ཚོ་བོད་མི་རེ་རེ་ལ་གོ་གནས་དང་དབང་ཚད་རག་ནའང་ང་ཚོར་དགོ་ངེས་རེད་སྙམ་་་་་རེད་དེ་དྲྭ་《བོད་རང་བཙན་》གྱིས་པཎ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་ཞེས་བྲིས་འདུག་ལ་ད་དུང་་་ཚིག་བེད་སྥྱོད་བྱེད་སྟངས་འདི་འདྲ་རིགས་མང་པོ་ཡོང་གི་འདུག་་་འདི་ཚོ་ནི་་་་དངོས་གནས་བསམ་ཞིབ་མ་བྱས་པའི་སྐད་ཆ་རང་ལ་ངོས་འཛིན་བྱེད་བཞིན་ཡོད་ལ་་་་བོད་རང་བཙན་གཙོ་བོ་གྱུར་པའི་དྲྭ་གྲོགས་འགའ་ལ་རྗེས་སུ་ཚིག་སྤྱོད་སྟངས་ལ་ཅུང་ཙམ་གཟབ་གཟབ་རེ་གནང་རོགས་ཞུ་འདོད་བྱུང་།
སྙིང་རྗེས་ཁོ་ཁག་མེད་།
ཀུན་མཁྱེན་ཞེས་འབོད་དགོས་པ་ཡང་མི་འདུག་ལ། སྡུག་མོལ་བྱེད་དགོས་པ་དེ་ལས་ཀྱང་མི་འདུག། མ་འོང་ཁོ་བུ་བཟང་ངན་གང་འདྲ་ཞིག་ཡིན་མིན་ལ་རགས་ལས་ཡོདཔ་རེད་། དེ་མིན་། གནས་ཚུལ་སྒང་ལ་ཁོ་རང་ཉིད་མྱང་དང་མྱོང་བཞིན་པས་། རྒྱ་ཕྱོགས་ལང་རྒྒྱུ་མི་སྲིད་། ད་ཡིན་ཡང་ང་ཕོད་ནང་བཞིན་སྡུག་བསྡལ་ཁོག་ལ་བཅང་བསྡད་ན་ཤེས་རྒྱ་མེད་རེད་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་མཆོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་དགའ་བསུ་ཡོད།
རྒྱལ་མཚན་ནོར་བུ་ལ་བོད་ཕྱི་ནང་གཉིས་ནས་པན་ཆེན་རྫུན་མ་སོགས་སྡིགས་དམོད་སྣ་ཚོགས་བྱས་ན་མི་འགྲིག་ཀི ། རྒྱལ་མཚན་ནོར་བུ་ནི་བསམ་མེད་བྱིས་པའི་དུས་ནས་དམར་པོའི་ཆབ་སྲིད་ཀྱིས་བྲན་འོག་དུ་ཚུད་པས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབས་བྱེད་ཐབས་བྲལ་ཡོད ། མིང་སྟོང་དེ་མགོ་ལ་གཡོགས་པ་ནས་ཁོའི་མི་ཚེ་ལ་བདེ་སྐྱིད་མེད ། དེ་བོད་མི་རིགས་ཀི་ཐོབ་ཐང་གཞན་ལ་ཤོར་བ་ལ་ལྟས་ན་ཤེས་ཐུབ ། ང་ཚོ་ཚང་མའི་བསམ་ཤེས་བྱེད་དགོས་ཡ་
སྤྱིར་རྒྱལ་མཚན་ནོར་བུ་ནི་བོད་ཕྲུག་ཅིག་ཡིན་པས། ཉེས་པ་གང་ཡང་མེད་ནའང་། སྲིད་དོན་པའི་རྩེད་ཆས་གྱུར་ཡོད་པའི་ཆ་ནས་བོད་དོན་འགྲུབ་དགོས་ན་རྒྱལ་མཚན་ནོར་བུ་པཎ་ཆེན་སྤྲུལ་སྐུ་ཡིན་པ་ངོས་ལེན་བྱེད་དགོས་ཆགས་ཡོད་པ་ནི་སྔར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་བོད་གཞུང་གིས་ཇི་ལྟར་ངོས་ལེན་བྱས་པར་ལྟ་ཆོག
བོད་ཀྱི་ལུས་དོན་འཚོགས་ཆེན་དང་བསྟུན་ནས་བོད་རྒྱ་གྲོས་མོལ་ཐང་དགུ་བ་འཚོགས་པ་དང་མཛའ་བརྩེའི་ཚོམས་ཁང་དུ་ཀྲོང་གོའི་ནང་བསྟན་འཚོགས་ཆེན་ཟབ་རྒྱས་ངང་འཚོགས་པའི་ཁྱབ་གྲགས་རྒྱ་སྤྱིའི་གསར་འགྱུར་རྒྱུད་ལམ་དུ་ཐོན་པ་དང་བསམ་བློ་གསར་པ་ཞིག་གིས་ཁ་ཕྱོགས་འཐེན་ཡོད་། བྱུང་རིམ་ལ་གྲུབ་འབྲས་་ལ་རེ་བརྟོན་བྱས་ནས་མིག་བློ་སུམ་ནས་དལ་འཇགས་སེ་ཙོག་བུར་བསྟན་ན ། སྦྲུལ་ཞགས་ཀི་ཁུག་ནང་དུ་ལྷུང་ཉེན་འདུག་
རྒྱལ་མཚན་ནོར་བུའི་ཕ་དེ་གུང་ཁྲན་ཏང་མི་ཞིག་ཡིན་རབས་བཤད་འདུག
དྲ་ཐོག་འདིར་གནས་པའི་བོད་རིགས་སྤུན་ཟླ་ཚོ། རང་རང་བྲོས་དེ་གཞན་ཡུལ་རང་དབང་གི་ལུང་བར་སླེབས་པ་དེར་བསམ་བློ་ཞིག་བཏང་ནས། ད་གཟོད་རང་ས་ནས་རང་གི་ཡུལ་ཁྱིམ་སྲུང་སྐྱོབས་བྱེད་མཁན་དག་ལ་འཕྱ་དམོད་བྱེད་རྒྱུ་དེ་ཡི་སྐོར་ལ་བསམ་བློ་ཞིབ་དུ་གཏོང་རན་རེད་ལ། ལྷག་པར་དུ་བོད་ནང་གི་ལས་དོན་ཆེན་པོ་བྱེད་མཁན་གྱི་སྐྱེ་བོ་དེ་དག་གི་སྔ་གཞུག་བར་གསུམ་གྱི་མི་ཚེ་ཡི་བགྲོད་ལམ་ལ་ཞིབ་དུ་བརྟག་ནས་སྐད་ཆ་རེ་བཤད་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་ལྟོས་དང་བོད་ཀྱི་སྐུ་ཚབ་ཚོས་ཀྱང་ཕྱིར་རང་དབང་གི་ལུང་བར་སླེབས་ནས་བཙན་དབང་གི་སྲིད་གཞུང་དེས་འདོད་པ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ་ལས་བོད་ནང་གི་བོད་མི་དེ་དག་གི་སྐྱིད་སྡུག་གཏན་ནས་བསྒྲགས་ཐུབ་ཀྱི་མི་འདུག་པ་མ་ཟད། ཕར་འགྲོ་སྟངས་རེར་ཐ་ན་བོད་མི་དག་ལ་ཐུག་འཕྲད་ཙམ་ཡང་བྱེད་ཆོག་པའི་སྐད་ཆ་ཡང་གླེང་གི་མི་འདུག་པ་དེར་ལྟོས་དང་།
དེ་རིང་བོད་མི་རིགས་ཞིག་རྒྱ་ནག་གིས་མདུན་ཅོག་སྟེང་སློང་པའི་ཤེལ་གྱི་དམ་བུ་དེ། བླུགས་ཆོག་པ་ཞིག་ཆགས་ན་ཆུ་བླུགས་ཀྱིན་རེད། བླུགས་མི་ཆོག་པ་ཞིེག་རེད་ན་རྡོ་སྟེང་དུ་བཞུད་རྒྱུ་རང་རེད། ཁོང་ལ་རང་བབས་ཀྱི་དབང་ཆ་ཞིག་ཡོད་ན་རང་མགོར་རང་གིས་རྡུང་པའི་མི་ཞིག་ཡོད་རྒྱུ་མ་རེད་སྙོམ།
བོད་རིང་བཙན་ལགས།
ཀུན་མཁྱིན་ཟེར་ན་ག་རེ་རེད་དམ།
གདོང་ཕྲུག་ལགས།
མ་འོངས་པར་བོད་མི་རིགས་ཀྱི་ཚབ་བྱེད་དགོས་ནས་མ་རེད།
བོད་མི་རིགས་ལ་གནོད་པས་སྐད་ཆ་འདྲ་མ་བཤད་ན་དེ་ག་རིང་གི་འགྲིག་པ་རེད་དོ།
ཨ་མདོ་བ་རྣམས་ནས་རེ་བ་བྱེད་ན་ཀུན་མཁྱིན་ལ་བྱོས་
མི་རྫུན་མ་ཞིག་གི་སྐད་ཆ་དེ་ཡང་རྫུན་མ་ལས་ཡིན། མ་འོངས་པར་བོད་མི་རིགས་ཀྱི་ཚབ་བྱེད་ཐུབ་རྒྱུ་ཁག་པོ་རེད།
བོད་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་ཨེ་ཐུབ་ནྭ།
སྨོན་ལམ་ལོག་པ་ཅན་ཞིག་ཡིན་ནམ་སྙམ།
རྒྱལ་མཚན་ནོར་བུ་མཆོག་ལ་གོ་གནས་གསར་བ་ཐོབ་པར་འཚམས་འདྲི་ཡོད།།
ཁོ་ནི་རྒྱ་ནག་བཙན་ཤེད་ཀྱི་ཁྲིད་པའི་བཙོན་མ་ཆུང་ཆུང་ཞིག་རེད།།ཁོང་ལ་སྨྲ་
བརྗོད་ཀྱི་རང་དབང་མེད་ལ། འགྲོ་འདུག་དེ་ལས་ཀྱང་། གང་ལྟར་ཁོ་བའི་ངག་སྒོ་
ནས་་གང་ཐོན་པ་དེ་ཁོ་རང་གི་བསམ་ཚུལ་དང་ལངས་ཕྱོགས་ཡིན་པའི་ངེས་པ་
མེད། དེས་ན་རང་གི་མི་རིགས་ལ་བསྡུག་ར་བྱེད་རྒྱུ་གཟབ་དགོས།།
སྐད་ཆ་ཡག་པོ་བཤད་ཐུབ་ན་ཡག་པོ་རེད
མ་འོངས་པར་ང་ཚོའི་འབྲེལ་མོལ་སྐུ་ཚབ་རྣམས་རྒྱལ་མཚན་ནོར་བུ་ལ་ཐུག་དགོས་ཡོད་རྒྱུ་རེད།
འཇིགས་བྲལ་ལགས་་་་་ཉིད་ཀྱིས་དག་ཆའི་ཕྱོགས་ལ་ཅུང་ཙམ་ཐུབས་ཉམས་བཞག་ན་ཡག་ས་རེད་་་་གང་ཡིན་ཟེར་ན་་་་འོང་ཏུ་ཉིད་ཀྱིས་་་་《རྒན་ཁོག་ཞིག་རེད》་ཅེས་བྲིས་འདུག་པར་ལྟོས་དང་་་་དེ་ལ་རྒས་འཁོགས་ཞེས་འབྲི་དགོས་པ་རེད་་་་སྤྱིར་བཏང་བྱས་ན་ཁོག་གི་རྗེས་སུ་ཞིག་ཐོབ་ནི་མ་རེད་་་དེ་ལ་ཅིག་འབྲི་དགོས་པ་རེད་་་་་དེ་སོགས་མང་པོ་འདུག་ཀྱང་རེ་རེ་བཞིན་བགྲང་མ་དགོས་པར་རང་ཉིད་ཀྱིས་ཐུགས་གཟབ་གནང་རྒྱུ་ཞེས་ཞུ་བཞིན་ཡོད
རྒྱ་འདྲེ་འདི་ཚོའི་ལག་ནས་དཔའ་རྒོད་ཅིག་མིན་ན་རང་ཚུགས་ཐུབ་དཀའ་ནི་རེད་་་་དེར་བརྟེན་ཁོང་གིས་ཀྱང་སྔོན་མར་རྒྱ་མིར་ངོ་དགའ་བྱེད་ཀྱིན་འདུག་ཅེས་མང་ཚོགས་ནང་སྐད་ཆ་འདྲ་མིན་ཐོན་ཡོད་པ་རེད།་་་་ཡིན་ནའང་དེང་སྐབས་ག་འདྲ་ཞིག་ཡིན་མིན་མི་ཤེས་མོད་་་་་་་བླ་རབས་ནི་ཧང་སང་བའི་སྐད་གྲགས་ཅན་རྐྱང་རྐྱང་རེད་་་་་ལོ་རྒྱུས་དང་གསུང་རྩོམ་མང་པོར་མཇལ་མྱོང་་་་་
དེ་རེད་་་ཁོང་མདོ་སྨད་ཀྱི་བླ་མ་ཆེ་ཤོས་རེད་་་་་་སྐུ་འཕྲེང་ན་རིམ་གྱིས་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད་་་་་དེང་སྐབས་ཅི་ཞིག་ཆགས་ཡོད་མེད་མི་ཤེས
ཡང་དེ་ངས་ཤེས་ཀྱི་མེད། འཇམ་དབྱངས་བཞད་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་རེད།
དགེ་བཤེས་ལགས། དེང་སང་དྲི་བ་བཏང་ན་ལན་མི་ཐོབ་པའི་དཀའ་ངལ་འདུག
འཇམ་དབྱངས་བཞད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་ཚོགས་ཆེན་ཐོག་ཡོང་མཁན་དེ་རེད་པཱ། མི་སྐད་གྲགས་ཅན་རེད།
འཇིགས་བྲལ་ལགས། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཟེར་བ་དེ་འཇམ་དབྱངས་བཞད་པ་ཡིན་རྒྱུ་རེད།
ད་དུང་པཎ་ཆེན་རྫུན་མ་དང་གོ་གནས་ཀྱི་མིང་གཅིག་པ་ཡིན་པའི་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཟེར་བ་ཞིག་ཡོད་པ་དེ་སུ་རེད། མིང་ལ་བལྟས་ན་དགེ་ལུགས་པའི་སྤྲུལ་སྐུའི་མིང་ཡོད་པ་ཞིག་རེད་འདུག ཁོ་ལོ་ཆུང་ཞིག་རེད་དམ། རྒན་ཁོག་ཞིག་རེད། རྒྱ་དགའ་ཞིག་རེད་དམ། གང་ལྟར་གང་འདྲ་ཞིག་ཡོད་རེད།
དྲ་གྲོགས་ཚོ། ཁོ་སུ་ཡིན་ཤེས་ཀྱི་ཡོད་ན་གང་འདྲ་ཞིག་ཡོད་རེད།
ན་ནིང་༢༠༠༨ ལོར་པཎ་ཆེན་རྫུན་མ་ཡིན་ནའང་། རྒྱ་དགའ་བྱེད་དང་། བོད་སྡུག་བྱེད་དེ་འདྲ་བཤད་རབས་གོ་རྒྱུ་མི་འདུག་ཨང་།
དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག
གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།
གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།
རྒྱལ་མཚན་ནོར་བུ་མཆོག་ལ་འཚམས་དྲི་ཞུ། ཁོང་ལ་ནོར་ཅི་མང་མེད། དངོས་གནས་བཤད་ན་ཁོང་ཡང་བོད་ཀྱི་ཆབ་སྲིད་བཙོན་མ་ཞིག་ཡིན། འགྲོ་འདུག་རང་དབང་མེད་པའི་བཙོན་མ་ཞིག སྨྲ་བརྗོད་རང་དབང་མེད་པའི་བཙོན་མ་ཞིག བོད་ཀྱི་བཙོན་མའི་ནང་ལོ་ཆུང་ཤོས་ཤིག་ཀྱང་ཡིན། མི་ཁ་ཤས་ཀྱིས་རྒྱུ་མཚན་ཅི་ཡིན་མ་ཤེས་པར་ཁོང་ལ་གཤེ་ཡི་འདུག་མོད། ཁོང་ལ་ཐུགས་ཁག་ཅི་ཡང་མེད། མ་འོངས་པར་བོད་མི་རིགས་ཀྱི་ཆེད་མཛད་འཕྲིན་བསྐྱང་རྒྱུའི་རེ་སྨོན་ཞུ།
ཆུ་ཐིགས་སྔོན་མོ། བུ་སྐད་ཟེར་བ་དེ་ཁྱོད་ཀྱི་བཤད་པ་དེ་འདྲ་ལ་ཟེར་བ་རེད། ཡཱ།
པཎ་ཆེན་རྫུན་མ་ཡིན་ནའང་ཁོ་རང་བོད་རིགས་ཤིགས་རེད། ཁོ་རང་ལ་ད་རེས་ཚོགས་གཞོན་གྱི་གོ་གནས་རག་འདུག གཅིག་བྱས་ན་ལོ་གཞོན་དང་། བོད་ལ་མནར་གཅོད་གང་གཏོང་གི་ཡོད་པ་ཤེས་ཀྱི་ཡོད་སྟབས་མིང་དང་རིགས་ཞེན་གྱི་ཆ་ནས་བོད་ལ་ཕན་འདོགས་ཀྱི་ལས་ཀ་ཅུང་བྱེད་རེ་ཡོད་པས་བཀྲ་ཤིས་བདེ་ལེགས་ཞུ།
ད་དུང་པཎ་ཆེན་རྫུན་མ་དང་གོ་གནས་ཀྱི་མིང་གཅིག་པ་ཡིན་པའི་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཟེར་བ་ཞིག་ཡོད་པ་དེ་སུ་རེད། མིང་ལ་བལྟས་ན་དགེ་ལུགས་པའི་སྤྲུལ་སྐུའི་མིང་ཡོད་པ་ཞིག་རེད་འདུག ཁོ་ལོ་ཆུང་ཞིག་རེད་དམ། རྒན་ཁོག་ཞིག་རེད། རྒྱ་དགའ་ཞིག་རེད་དམ། གང་ལྟར་གང་འདྲ་ཞིག་ཡོད་རེད།
བོད་པར་དུང་སེམས་ཅན་ཞིག་ཡིན་ན་ཡག་པོ་རེད་་་་་་དེ་མིན་གང་ཡིན་ཤེས་ཀྱི་མིན་འདུག་་་་་་བོད་མི་རིགས་ཀྱི་ཆེད་དུ་སྐད་ཆ་ཡག་པོ་བཤད་ཐུབ་ན་ཡག་པོ་རེད་་་ང་ཚོས་གུས་འདུད་དང་དགའ་བསུ་བྱེད་འོས།