མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་སློབ་གླིང་ཞིག་ལ་ཉེས་འགེལ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་ཁེ་ན་ཌའི་ཁལ་གྷ་རེ་གཙུག་ལག་སློབ་གཉེར་ཁང་གིས་༧གོང་ས་མཆོག་སློབ་གླིང་དེར་གདན་ཞུ་དང་ཁོང་ལ་སློབ་གྲྭ་དེའི་མཚན་མཐོང་ཕྱག་འཁྱེར་ཕུལ་བར་བརྟེན། རྒྱ་ནག་གཞུང་གིས་སློབ་གྲྭ་དེ་གཞུང་གིས་ངོས་འཛིན་ཡོད་པའི་སློབ་གླིང་གི་མིང་གཞུང་ནས་བླངས་ཡོད་འདུག

དེང་སྐབས་རྒྱ་ནག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་མཛད་འཕྲིན་ཁག་ལ་སྔར་ལས་ཀྱང་ངོ་རྒོལ་བྱེད་ཀྱིན་པར་མ་ཟད། ཁོང་ཕེབས་ཡུལ་དང་མཇལ་འཕྲད་གནང་སའི་ནུབ་ཕྱོགས་ཀྱི་མི་སྒེར་དང་ཚོགས་པ། གཞུང་གང་ཡིན་ལ་ཚ་ཐག་ཆོད་པའི་རྒོལ་ལན་སློག་གི་ཡིན་ཟེར།

བདུན་ཕྲག་འདིའི་ནང་རྒྱ་གཞུང་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་གི་མཇལ་འཕྲད་ལ་ངོ་རྒོལ་གནང་གིན་ཡོད། རྒྱ་ནག་གཞུང་གིས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་འདིའི་མཇུག་འབྲས་ཀྱི་ཕྱོགས་ལ་ཉེན་བརྡ་ཡང་གཏོང་གི་ཡོད། ཨ་རི་ཙམ་མ་ཡིན་པར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་ཚོགས་སྡེ་གང་ཡིན་རུང་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་པ་བཟོ་གི་ཡིན་ཟེར།

བདུན་ཕྲག་འདིའི་ནང་དུ་རྒྱ་ནག་གཞུང་གིས་རྣམ་འགྱུར་དེ་ཇེ་གསལ་དུ་གཏོང་ཆེད། ཁེ་ན་ཌའི་ཁལ་གྷ་རེ་གཙུག་ལག་སློབ་གླིང་དེ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ངོས་འཛིན་ཡོད་པའི་སློབ་གླིང་གི་མིང་གཞུང་ནས་ཕྱིར་འཐེན་བྱས་ཡོད་འདུག་ལ། དེ་ནི་ལོ་སྔོན་མའི་ཕྱི་ཟླ་དགུ་བའི་ནང་༧གོང་ས་མཆོག་སློབ་གླིང་དེར་ཕེབས་པའི་མཛད་འཕྲིན་ཁག་ལ་ངོ་རྒོལ་དང་། སློབ་གླིང་དེར་ཉེས་ཆད་འགེལ་བའི་ཆེད་དུ་ཡིན།

ཁེ་ན་ཌའི་བོད་རིགས་ཚོགས་པའི་ངོས་ནས་རྒྱ་ནག་གི་བྱེད་སྟངས་འདི་ལ་ངོ་རྒོལ་བྱས་དོན། ༼རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་པ་ཡོད་པའི་རིགས་ལ་རྒྱུ་མཚན་བགྲངས་ནས་སེལ་ཐབས་མི་བྱེད་པར། བཙན་པོའི་དབང་ཡོད་ལྟ་བུའི་སྒོ་ནས་རྣམ་འགྱུར་སྟོན་གི་འདུག ཁེ་ན་ཌའི་གཙུག་ལག་སློབ་གླིང་རྣམས་ནི་མི་རྣམས་ཀྱི་ལྟ་ཚུལ་རྣམས་འཇིགས་ཞུམ་མེད་པར་བགྲོ་གླེང་བྱེད་སའི་རང་དབང་དང་གུ་ཡངས་ཡོད་ས་དག་ཡིན་སྟབས་འཛམ་གླིང་གང་སར་བརྩི་བཀུར་ཆེན་པོོ་ཡོད་པ་རེད།༽ ཅེས་དང་། ༼ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་དངོས་ཡོད་དང་གོང་སྤེལ་གྱི་རྣམ་པའི་ཐོག་ནས་རྒྱ་ནག་ལ་འབྲེལ་བ་བཟུང་སྟེ་འགྱུར་བ་བཏང་ན་མ་གཏོགས། རྒྱ་ནག་གིས་ང་ཚོར་འགྱུར་བ་གཏོང་སྲིད་པ་རེད། ང་ཚོས་རང་གི་རྒྱལ་ཁབ་དག་གི་ནང་དུ་སྲིད་དབང་སྒེར་འཛིན་པ་དག་གིས་བརྙས་བཅོས་གཏོང་གི་མེད་ལུགས་རྒྱ་ནག་ལ་གསལ་བོ་བཤད་དགོས་པར་འདུག་ལ། རྒྱ་ནག་གཞུང་གིས་ཁེ་ན་ཌའི་ཁལ་གྷ་རེའི་གཙུག་ལག་སློབ་གླིང་དེ་གཞུང་འབྲེལ་ངོས་འཛིན་ཡོད་པའི་སློབ་གླིང་གི་ཁོངས་ནས་ཕྱིར་འདོན་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་དག་གི་སྟེང་ལ་ཉེས་ཆད་འགེལ་རྒྱུའི་འཕྲུལ་སྣང་གསར་ཤོས་དེ་རེད་༽ཅེས་བཤད་ཡོད་པ་རེད།

ཐེངས་འདིར་རྒྱ་ནག་གིས་བསྟན་པའི་རྣམ་འགྱུར་འདི་ནི་གཙོ་བོ་སྲིད་འཛིན་ཨོ་བྷ་མར་བསྟན་པ་ཡིན་ལ། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འབྲེལ་བ་ལ་ཅི་ཙམ་གྱི་དོ་ཕོག་འགྲོ་ངེས་པའི་ཉེན་བརྡ་ཡང་ཡིན།

ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཐ་ན་ཨ་རིའི་གཞུང་གིས་ཏཱ་ལའི་བླ་མའི་དབུ་ཁྲིད་པའི་ཡུལ་གྱུར་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་བཞིན་པ་འདི་ཡང་ནོར་འཁྲུལ་ཡིན་ལ། རང་གཞན་གཉིས་ཀར་ཕན་ཐོགས་མེད་པའི་འགྲོ་སོང་དེ་འདྲ་གཏོང་བ་ནི་ཡ་མཚན་རེད། རྒྱ་ནག་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་མེད་པ་དེ་འདྲར་འགྲོ་སོང་མི་གཏོང་ལ། རང་ཁེ་གཞན་གནོད་ཀྱི་ལས་ཀ་ནི་དེ་བས་རྩོམ་གི་མ་རེད་ཅེས་བཤད་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

མཆན། 16

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁེལ་གྷ་རེ་གཙུག་ལག་སློབ་གྲྭའི་ནང་དུ་རྒྱ་ནག་གི་མི་སེར་ཡིན་པའི་སློབ་ཕྲུག་ ༦༠༠ འདུག རྒྱ་ནག་གིས་སློབ་གྲྭ་འདི་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་སློབ་གླིང་གི་ཁོངས་ནས་འཐེན་པ་དེས་སློབ་ཕྲུག་འདི་དག་གི་གནས་བབ་ལའང་འགྱུར་བ་འགྲོ་སྲིད་སྐོར་ཁེལ་གྷ་རེའི་གསར་ཤོག་ཅིག་གི་རྩོམ་སྒྲིག་པའི་གཏམ་ནང་དུ་བཀོད་འདུག

    རྒྱ་ནག་གིས་ཐེངས་འདིར་བསམ་བློ་གང་འདྲ་ཞིག་བཏང་བ་ཡིན་ནམ།

    Reply
  2. lenpa says:
    ལོ་ 15 སྔོན།

    སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོན་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།

    Reply
  3. སྟོབས་ says:
    ལོ་ 15 སྔོན།

    འདི་དབྱིན་ཡིག་འབྲི་ས་མ་རེད ། བསམ་བློ་ཡག་པོ་གཏོང་རོགས་ལྷོ་ཁའི་བུ་མོ་ཡིན་ན་་འདྲ་ བྱང་གི་བུ་མོ་ཡིན་ན་འདྲ ་ ཕྱོགས་བཞིའི་བུ་མོ་སོགས་གང་ཡིན་ན་བོད་ཡིག་གི་ཞབས་རྗེས་སྙེག་སའི་ཤོག་དཀར་སྟེང་དུ་སྐྱུག་ན་བདེ་མོ་ཞིག་མ་རེད

    Reply
  4. ལྷོ་ཁའི་བུ་མོ། says:
    ལོ་ 15 སྔོན།

    Is that a also Chinese internal afair ?
    What the hell is going on !!!!!!!!!!!!!!!!!!!!!!!!!

    Reply
  5. སྟོབས་ says:
    ལོ་ 15 སྔོན།

    ཁར་སང་འཇིགས་བྲལ་ཟེར་བ་ཅིག་གི་དབུ་མལ་གྱི་སྲོག་སྙིང་རང་བཙན་གཙང་མ་རེད་ཟེར་ནས་འདས་པའི་ལོ་རྒྱས་དང་ད་ལྟའི་གནས་བབ་མ་འོངས་གསུམ་གྱིས་ཐོག་ནས་སྐད་སྤོམ་པོ་ཞིག་མ་ཤེས་ཤེས་ཁུལ་གྱིས་འུར་ཚུགས་མཐར་ཆོད་ཀྱིས་བཤད་ཀྱི་འདུག་། སྐབས་་རེར༧་གོང་ས་མཆོག་གི་གསུང་ལ་འགྲེལ་ལོག་རེ་བརྒྱབས་ནས་ཤུགས་བསྟན་སྣ་ཚོགས་ཤིག་སྟོན་གྱི་འདུག ། དེ་རིང་མཐོང་ཡ་འདུག། གལ་སྲིད་ཡོད་ན་རྒྱུ་མཚན་ལེན་དགོས་བསམ་

    Reply
  6. སྟོབས་ says:
    ལོ་ 15 སྔོན།

    བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལ་ཧ་ལས་རྒྱུ་ཡོད་ནི་མ་རེད། འདས་པའི་ལོ་རྒྱས་ངོས་ནས་བཤད་ཀི་མེད ། བོད་ལ་མེད་པ་མང་པོ་ཞིག་ཡོད་པ་གཏོང་རྒྱུ་དེ་རེད་ དེ་ནི་རངདབང་རེད

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    རྒྱ་ནག་གི་ཧམ་པ་འདི་མགོ་འཛུགས་ས་ནི་དབྱིན་ཇིས་བོད་ངོས་འཛིན་སྟངས་ལས་བྱུང་བར་བཤད། ༢༠༠༨ ཀྱི་ལོ་མཇུག་ལ་དབྱིན་ཇིའི་གཞུང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་པ་ཚོ་ནང་བཞིན། བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་པ་རེད།

    ༢༠༠༨ ལོ་བར་དུ་འཛམ་གླིང་གི་སྲིད་གཞུང་གཞན་དང་མི་འདྲ་བར། དབྱིན་ཇིས་ངོས་འཛིན་སྟངས་ཁ་ཁ་ཡིན། ཁོང་ཚོས་རྒྱ་ནག་ལ་བོད་ཐོག་མིང་ཙམ་གྱི་དབང་བསྒྱུར་ཙམ་ལ་གཏོགས་མེད་པར་བཤད་ཀྱིན་ཡོད།

    ༢༠༠༨ ལོའི་སྲིད་བྱུས་འགྱུར་བ་དེའི་ཐོག་སྐྱོན་བརྗོད་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྩོམ་ཡིག་ཅིག་ནེ་ཡོག་དུས་བབ་ཀྱི་སྟེང་བཀོད་ཡོད། འབྲི་མཁན་ནི་ཀོ་ལུམ་བྷེ་ཡ་སློབ་ཆེན་གྱི་བོད་དོན་ཞིབ་འཇུག་གནང་མཁན་གྱི་མཁས་པ་ Robert Barnett རེད། ཁོང་གི་རྩོམ་དེ་ http://www.nytimes.com/2008/11/25/opinion/25barnett.html འདི་ནས་ཀློག་ཐུབ།

    Reply
  8. བློ་བཟང་བསྟན་འཛིན། says:
    ལོ་ 15 སྔོན།

    ལོ་སྔོན་མ་ཨོ་སེ་ཁྲོ་ལེ་ཡའི་སྲིད་འཛིན་དང་། ནེའུ་ཛི་ལན་ཏྲེའི་སྲིད་འཛིན་སོགས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་བཟོད་པར་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་མ་ཐུབ་པ་དེས་རྒྱ་ནག་ལ་སྤོབས་པ་གཞན་དང་མི་འདྲ་བ་ཞིག་སྐྱེས་པ་རེད། དེ་ཡང་ཨོ་སྦ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཕྱིར་འགྱངས་བྱས་པའི་འབྲས་བུ་རེད། ད་ནུབ་ཕྱོགས་རྒྱལ་ཁབ་དག་གི་དབུ་འཁྲིད་ཚོས་ཚོང་གི་ཁྲོམ་ར་དང་འགྲོ་བ་མིའི་ཐོབ་ཐང་གང་གལ་ཆེ་བ་འདེམས་ཐུབ་མིན་ལ་རགས་ལས་ཡོད། གང་ལྟར་རྒྱ་ནག་གིས་ཉལ་ས་བྱུང་ན་སྐྱོང་ས་ཞེས་པ་ལྟར་ཧམ་པ་ཆེ་རུ་མ་གཏོགས་འགྲོ་གི་མ་རེད།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ཕྱི་ནས་འདི་ལྟར་བཞུགས་བསྡད་ན་རྒྱ་གཞུང་གིས་ཁོང་གི་མཛད་འཕྲིན་ད་བགག་འགོག་བྱེད་མི་ཐུབ་པ་འདྲ་ཡང་། བོད་དོན་ད་ཨུན་ཧུན་ཧུན་་་་་་་་་་

    Reply
  10. དབྱངས་བུ། says:
    ལོ་ 15 སྔོན།

    ཉི་ཤར་ལག་པས་འགེབས་མི་ཐུབ་པ་བཞིན་༸ཁོང་གི་མཛད་འཕྲིན་ནམ་ཡང་བཀག་མི་ཐུབ་པ་རྒྱ་གཞུང་ནས་ངེས་པར་ཤེས་དགོས་ལ།དེ་བས་ཆུ་ནང་གི་ཟླ་བ་ལོན་པའི་དཔེ་ཟླར་མ་སོང་བར་གཟབ་དགོས་པ་གལ་ཆེའོ།།

    Reply
  11. རྭ་ལོ། says:
    ལོ་ 15 སྔོན།

    རྒྱ་ནག་གི་གཞུང་གཙོ་གི་རེད། དམངས་ལ་གོ་རྒྱུ་ཚོར་རྒྱུ་ཡོད་པ་མ་རེད། ནུབ་ཕྱོགས་པ་ཚོའི་དམངས་གཙོ་གི་རེད། གཞུང་ལ་དེ་ཙམ་གྱི་ནུས་པ་ཡོད་པ་མ་རེད།

    དེར་བརྟེན་ད་ཆར་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་མང་ཚོགས་ལ་ཐུབ་ཚོད་གཏོང་གི་ཡོད་པ་རེད།

    Reply
  12. སྟོབས་ says:
    ལོ་ 15 སྔོན།

    ཐེ་ཝན་དང་་ཨ་རི་ཚོ་འབྲེལ་དང་ ༧་གོངས་མཆོག་ཨོ་བྷ་མ་ལ་འཇལ་འཕྲིན་བྱེད་འཆར་གྱི་དུས་ཚོད་སླེབས་པ་གཙུག་ལག་སློབ་གྲ་ནས་མིང་གཞུང་ཕྱིར་བཏོན་པ་སོགས་རྒྱ་ནག་གི་ཟླ་གཅིག་གི་ནང་ལ་ཕྱི་ཕྱོགས་ལ་ཐེ་ཇུས་དང་ངོ་རྒོལ་ཤུགས་བྱས་སོང། གནས་ཚུལ་འདིས་རྒྱ་ནག་ཆབ་སྲིད་འཕོ་འགྱུར་ཤུགས་ཆེན་འགྲོ་བཞིན་པ་ཁ་བཀག་ན་སྣ་ནང་ནས་ཡོད་གི་འདུག་ག

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གལ་སྲིད་ཁྱོད་ཁ་ན་ཌའི་གཙུག་ལག་སློབ་ཁང་དེ་ནས་མཐར་ཕྱིན་ཡོང་བ་ཡིན་ན་རྒྱ་ནག་གིས་ཁྱེད་ཀྱི་ལག་འཁྱེར་དེ་ངོས་ལེན་བྱེད་རྒྱུ་མ་རེད། དེ་འདྲ་རེད།

    Reply
  14. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཨ་ཡ་མཚན། ཁ་ཎ་ཌའི་གཙུག་ལག་སློབ་གཉེར་ཁང་དག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཐོབ་དགོས་པ་ཡིན་ནམ།
    ངས་མ་ཤེས་གླུ་བར་དྲིས་ནི་ཡིན་་་་་་

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ད་རྒྱ་ནག་འདི་བྱིས་པ་ལས་ཀྱང་ལོད་པ།      

     གུང་ཁྲན་ཏང་ནམ་གནས་བར་འཛམ་གླིང་ལ་བདེ་འཇགས་མེད་པའི་རྣམ་འགྱུར་དེ་ང་ཚོས་གསལ་བཤད་བྱེད་མི་དགོས་པར་ཁོ་རང་ཚོས་རང་འགྲེལ་བྱེད་ཀྱིན་འདུག         འོན་ཀྱང་འཇིག་རྟེན་ཐོག་གནས་ལུགས་འདི་མགོ་ཚོས་མཁན་ག་ཚོད་ཡོད་དམ།

    ༸གོང་ས་མཆོག་གི་གུང་ཁྲན་ཏང་རྒས་ཡོལ་ཞུ་ཚོད་ལ་བསླེབས་པར་བསྐྱོན་པའི་ལུང་བསྟན་དེ་ཇེ་ཐིག་ནས་ཇེ་ཐིག་ལ་འགྲོ་ཡིན་འདུག

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྒྱ་ནག་ཚང་ཇུས་གཏོགས་ཇེ་ཆེར་འགྲོ་བཞིན་འདུག་ག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese