ཟླ་འདིའི་ནང་ཨ་རིའི་ས་འོག་ལྕགས་ལམ་རང་དབང་ལྟེ་གནས་ཁང་ཞིག་གིས་༧གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཤིག་འབུལ་འཆར་ཡོད་འདུག
ཕྱི་ཚེས་ ༥ ཉིན་ཨ་རིའི་ཨོ་ཧི་ཝོ་མངའ་སྡེའི་ལྷཔ་ཁུལ་གྱི་སིན་སིན་ན་ཊི་ cincinnati གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་ས་འོག་ལྕགས་ལམ་རང་དབང་བསྟི་གནས་ཁང་ཞེས་པས་གསལ་བསྒྲགས་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢༠ ཉིན་༧གོང་ས་མཆོག་ལ་ International Freedom Conductor Award ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་འབུལ་གཏན་འཁེལ་ཡོད་འདུག་ལ། ཐེངས་འདིའི་གཟེངས་རྟགས་ཏེ་༧གོང་ས་མཆོག་ལ་འབུལ་དགོས་དོན་ནི། ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོའི་ནང་འགྲོ་བ་མིའི་རིགས་ཡོངས་ཀྱི་རང་དབང་དང་ཞི་བདེ། སྐུ་ངལ་འཛེམ་མེད་ཀྱིས་བོད་དོན་ཆེད་མཛད་འཕྲིན་རྒྱ་ཆེར་སྤེལ་བ་དེ་དུས་རབས་ ༡༨ དང་དུས་རབས་ ༡༩ ནང་བྲན་གཡོག་ལམ་ལུགས་མེད་བཟོ་མཁན་གྱི་འཐབ་རྩོད་པ་དང་གཅིག་མཚུངས་ཀྱི་བྱས་རྗེས་ཤིག་ཡིན་པའི་ངོས་འཛིན་ཐོག་སྤྲད་པ་ཞིག་ཡིན་འདུག
ཐེངས་འདིའི་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འདི་ནི། རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་མི་སྣར་སྤྲོད་བཞིན་པའི་གཟེངས་རྟགས་ཤིག་ཡིན་པ་དང་། འདས་པའི་དུས་སུ་གཟེངས་རྟགས་འདི་ལྷོ་ཨབ་རི་ཀའི་ཡི་ཤུའི་བླ་ཆེན་ཊུ་ཊུ་དང་ཨ་རིའི་སྲིད་འཛིན་ཟུར་པ་བྷེལ་ཁི་ལེན་ཌོན་མཆོག དེ་བཞིན་ཨ་རིའི་སྲིད་འཛིན་བྷུ་ཤུ་བཅས་གནད་ཡོད་མི་སྣ་ཁག་ཅིག་ལ་གནང་མྱོང་ཡོད་པ་དང་། ཟླ་འདིའི་ཚེས་ ༢༠ ཉིན་༧གོང་ས་མཆོག་ལ་འབུལ་འཆར་ཡོད་པ་རེད།


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)



ཀར་རྡོར་ལགས་ཁྱེད་ཀྱི་མིང་དེ་བོད་ཡིག་ཐོག་འབྲི་རོགས་གནང་
ཕོ་ བྲང་་ཆེན་ པོ་པོ་ ཏ་ལ་རུ་སྦྲང་མ་མང་པོ་ཡོད་ཀྱི་རེད་
ཨ་ཛི་ཀུ་རེ་ཡིན་
ཕོ་བྲང་ཆེན་པོ་པོ་ཏ་ལ། འབྲི་སྟངས་གཞན་ཞིག་ཨ་ཡོད་ ཁོ་བོས་འབྲི་སྟངས་དང་ཀློག་སྟངས་གཉིས་ཀར་ཤར་མར་ཡོང་གི་འདུག་
འོན་ཀྱང་འདིར་གཅིག་དྲན་བྱུང་ སྔར་དྲུང་ཡིག་ཞིག་གིས་ རྩེ་ཕོ་ བྲང་ཕོ་ ཏ་ལ་ལ་ ཞེས་བཀླགས་པ་རེད་ཟེར་
སྙིང་དབུས་ནས་རྟེན་འབྲེལ་ཞུ།
bod yig mi dug te dga bsu uod
གཡས་གཡོན་ཕྱག་གི་ཐབས་ཤེས་ཟུང་འབྲེལ་གྱིས།
གུས་ལུགས་བཟང་པོ་ཐལ་མོ་སྦྱར་བ་འདིས།
ས་འཛིན་འདི་ཡི་མི་དབང་གང་ཞིག་ཀྱང་།
འཛུམ་གྱིས་བསུ་སྟེ་དགའ་བའི་གྲོགས་སུ་གཉེར།
བོད་རྒྱལ་ལོ།
ང་ ན་ཚ་ མེད་ལ། ང་ན་ ཚྭ་མེད་དང་། ཞེས་ཀློག་སྟངས་ནོར་བ་དང་། གཡག་ རྔ་དཀར་ ཤི་ལ། གཡག་ ལྔ་ཀར་ཤི་ཞེས་གོ་ནོར་ཐེབ་པ་རེད།
འོ་ན།
ཕོ་ སྦྲང་ཆེན་ པོ་པོ་ ཏ་ལ། ག་འདྲ་ཟེ་འབྲི་ཐུབ། ཅིག་གིས་བྲིས་ནས་སྟོན་རོགས་གནང་།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
ཅེས་པའི་ཚིག་གིས་སྔན་བསུ་སྟེ་༸མགོན་པོ་གང་གི་ཐུགས་བཞེད་མཐའ་དག་གེག་མེད་ལྷུན་གྱིས་འགྲུབ་པ་དང་། ཐེངས་འདིའི་གཟེངས་རྟགས་གནང་འཆར་ལ་རྟེན་འབྲེལ་ཞུ།
རྒྱ་འདྲེ་ཚོའི་གཉེན་འབུར་ཐོག་ལ་ཁུ་ཚུར་ཞིག་གཞུས་པ་དང་གཅིག་མཚུངས་རེད་ཡ།
བརྩེ་གྲོགས་ཚོ་བརྗོད་གཞི་དང་འབྲེལ་བའི་མཆན་རེ་འབྲི་རོགས ། གོང་གི་བརྗོད་བྱ་དང་འབྲེལ་བའི་བགྲོ་གླེང་རེ་བྱས་ན་བཟང་ཀ་
ཨོ་ཧོ་ཉི་མ་ལགས། གཟབ་གཟབ་ཡིན་ད་ ཁྱད་མཚར་བྲིས་འདུག་ད་
མཛེས་མ་བདེ་སྐྱིད་ལྷ་མོ་ལགས།
ཁྱེད་ཀྱིས་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ་ཞུ། ང་ན་ཚ་མེད་གཡག་རྔ་ཀ་ཤི་ཟེར་བཞིན་ཡིན་ད་ཧཧཧཧཧཧ
ཙོ་རི་ཉི་མ་ལགས།
འདི་་་་་་་་་རླིག་པ་་་་་་་མ་རེད་་་་་་་བླུག་པ་་་་་་་་རེད།
རླིག་པ་ཟེར་ན་ལ་ལས་གོ་བ་གཞན་པ་ལེན་སྲིད་པ་རེད་ད།
དགོངས་དག་ཞུ།
འཚེ་མེད་ཞི་བདེའི་དེད་དཔོན་༧གོང་ས་མཆོག
ཁྱེད་ཀྱི་སེམས་དཔའི་ཐུགས་ཀྱི་གཟི་བྱིན་གྱིས །
འཛམ་གླིང་སྐྱེ་འགྲོའི་སེམས་པ་དྲོད་ཀྱིས་གསོས །
རུས་མེད་ཆ་མཐུན་སྐྲུན་པའི་དཔལ་དུ་ཤར །
འཚེ་མེད་ཞི་བདེའི་དེད་དཔོན་༧གོང་ས་མཆོག
ཁྱེད་ཀྱི་སེམས་དཔའི་ཐུགས་ཀྱི་གཟི་བྱིན་གྱིས །
འཛམ་གླིང་སྐྱེ་འགྲོའི་སེམས་པ་དྲོད་ཀྱིས་གསོས །
རུས་མེད་ཆ་མཐུན་སྐྲུན་པའི་དཔལ་དུ་ཤར །
འཚེ་མེད་ཞི་བདེའི་དེད་དཔོན་༧གོང་ས་མཆོག
ཁྱེད་ཀྱི་སེམས་དཔའི་ཐུགས་ཀྱི་གཟི་བྱིན་གྱིས །
འཛམ་གླིང་སྐྱེ་འགྲོའི་སེམས་པ་དྲོད་ཀྱིས་གསོས །
རུས་མེད་ཆ་མཐུན་སྐྲུན་པའི་དཔལ་དུ་ཤར །
འཚེ་མེད་ཞི་བདེའི་དེད་དཔོན་༧གོང་ས་མཆོག
ཁྱེད་ཀྱི་སེམས་དཔའི་ཐུགས་ཀྱི་གཟི་བྱིན་གྱིས །
འཛམ་གླིང་སྐྱེ་འགྲོའི་སེམས་པ་དྲོད་ཀྱིས་གསོས །
རུས་མེད་ཆ་མཐུན་སྐྲུན་པའི་དཔལ་དུ་ཤར །
འཚེ་མེད་ཞི་བདེའི་དེད་དཔོན་༧གོང་ས་མཆོག
ཁྱེད་ཀྱི་སེམས་དཔའི་ཐུགས་ཀྱི་གཟི་བྱིན་གྱིས །
འཛམ་གླིང་སྐྱེ་འགྲོའི་སེམས་པ་དྲོད་ཀྱིས་གསོས །
རུས་མེད་ཆ་མཐུན་སྐྲུན་པའི་དཔལ་དུ་ཤར །
ཀྲོའི་ཡོ་ཞིས་ཀྱིས་གསར་བསྒྲགས་ནུས་མེད་ཆགས་སོང་། ༧་གོང་ས་མཆོག་ཨ་རིི་ལ་ཕེབས་ཐང་རེ་རེ་གཟེངས་རྟགས་མང་པོ་ཞིག་འབུལ་གི འདི་་བོད་པ་ཚའི་བསོད་ནམས་རེད །
རྒྱ་ནག་གི་མིག་ནང་དུ་སྣ་ཐ་རླིག་པ་གཅིག་པ་རེད། ་ཡག་པོ་བྱུང་།་་་་ཕན་པོ་བྱུང་།་་་་་་་་དུས་ཚོད་འདིར་དེ་ལས་དགའ་པོ་བྱུང་།ཧཧཧཧཧཧ
སྙིང་དབུས་ནས་རྟེན་འབྲེལ་ཞུ།
རྒྱ་ནག་པོའི་སྣ་ཐོག་ལ་གཞུས་པའི་བེར་རྒྱུག་སྲ་མཁྲེགས་ཤིག