མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་ཡུལ་དུ་ལོ་སར་སྐབས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྟེ་བོད་ལྕགས་སྟག་ལོའི་ལོ་སར་ཚེས་གཅིག་ཉིན་མདོ་སྨད་རྔ་པ་ཁུལ་དུ་བོད་མི་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས། འདི་ལོའི་ལོ་སར་མྱ་ངན་གྱིས་སྲུང་གཙི་བྱས་སྟབས། ཉེན་རྟོག་པ་དང་དམག་མི་ཆིག་སྟོང་ལྷག་གིས་བསྐོར་ཡོད་འདུག 

འདི་གའི་གསར་འགོད་པར་ད་ལྟ་རང་བཞུགས་སྒར་ཀིརྟིའི་བྱིས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་བཏང་བ་ལྟར་ན། དེ་རིང་སྟེ་བོད་ལྕགས་སྟག་ལོའི་ལོ་སར་ཚེས་གཅིག་དང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་ཉེ་འདབ་ཀྱི་ཁྲོམ་གྱི་བཞི་མདོར་རྔ་པ་ཀིརྟི་དགོན་པ་དང་བསེ་དགོན་པ་སོགས་ཀྱི་དགེ་འདུན་པ་དང་མང་ཚོགས་སོགས་སྐྱ་སེར་བཞི་བརྒྱ་ཡས་མས་ཀྱིས་འདི་ལོའི་ལོ་སར་མྱ་ངན་གྱིས་རོལ་ཀྱིན་ཡོད་པའི་རྣམ་པ་ཤུགས་ཆེར་སྟོན་ཆེད་རྒྱབ་ཏུ་གོས་ཧྲུལ་གོན་ཞིང་ལག་ཏུ་འཕྲེང་བ་བཟུང་ནས་འདུ་འཛོམས་བྱས་ཏེ།  རྩམ་པ་དང་བག་ལེབ་སྐྱ་བོ་ཟོས་ནས་ལོ་སར་ལ་དགའ་དགའ་སྤྲོ་སྤྲོ་བྱས་ནས་བསྡད་མེད་པའི་རྣམ་འགྱུར་བསྟན་པ་མ་ཟད། མང་ཚོགས་ཀྱི་མཐའ་སྐོར་བའི་ཉེན་རྟོག་པ་དང་དམག་མིའི་ཁྲོད་རྩམ་པ་གཏོར་བ་དང༌། མ་ཎི་ཤུགས་ཆེན་པོས་མཉམ་འདོན་བྱས་པ་སོགས་ཀྱིས་ཞི་བའི་ངོ་རྒོལ་ཡང་བྱས་ཡོད་འདུག སྐབས་དེར་རྔ་པ་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་བདུད་འདུལ་སྤྲུལ་སྐུ་དང་དགེ་བསྐོས་གཉིས་ཕེབས་ནས་ཚང་མ་རང་རང་གི་ནང་ལ་ཕེབས་རོགས་ཀྱིས་ཞེས་རེ་བ་བྱས་ཀྱང་མང་ཚོགས་ཀྱིས་ཉན་འཇོག་མ་བྱས་སྟབས། ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ངེས་པར་འགྲོ་དགོས་ཞེས་བཀའ་གནང་སྟེ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་རང་རང་སར་འགྲོ་རུ་བཅུགས་ཡོད་ནའང་།  གཞན་སེར་སྐྱ་མང་ཚོགས་མང་པོ་ཞིག་ད་དུང་སྔར་བཞིན་དམག་མི་སྟོང་ཕྲག་ལྷག་གིས་སྐོར་བའི་དབུས་སུ་སེམས་ཀྱི་སྡུག་བསྔལ་དེ་ཕྱི་ལ་སྟོན་ཆེད་བཞུགས་ཡོད་འདུག སྐབས་དེར་མི་ཁས་ཀྱིས་ལག་འཛིན་ཁ་པར་ནང་བརྙན་པར་བླངས་འདུག་པ་དམག་མིས་མཐོང་སྟབས་བཙན་གྱིས་ཁ་པར་འཕྲོག་ཡོད་ནའང་། ད་སྔ་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཅི་ཡོད་ཤེས་རྟོགས་བྱུང་མེད།
 
ཉིན་གཉིས་ཀྱི་གོང་སྟེ་བོད་ཚེས་ཉི་ཤུ་དགུའི་ཉིན་རྔ་པ་ཀིརྟི་དགོན་པའི་དགུ་གཏོར་གྱི་འཆམ་ཡིན་སྟབས་ཉིན་དེར་མང་ཚོགས་འདུ་འཛོམས་ཆེན་པོ་བྱུང་ཞིང་སྐབས་དེ་ནས་བཟུང་ཕྱོགས་སོ་སོར་དམག་མིས་བཀག་སྡོམ་ཤུགས་ཆེར་བྱས་པ་མ་ཟད། དམག་ཆས་མ་གྱོན་པའི་དམག་མི་མང་བོས་ཁྲོམ་གཞུང་སོགས་ལ་མང་ཚོགས་དཀྱུས་མ་ལྟར་དུ་ཉུལ་མ་བྱེད་ཀྱིན་ཡོད་འདུག དེ་རིང་མང་ཚོགས་འདུ་འཛོམས་བྱུང་སར་དམག་མི་གཅིག་སྟོང་ཙམ་ཡོད་པ་དང༌། ཆུ་ཚོད་གཉིས་པ་ཙམ་ནས་དམ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་ཁྲོམ་ཀྱི་ཕྱི་ནང་གི་ས་ཁུལ་མང་བོར་བཀག་སྡོབ་བྱས་སྟབས། ས་གནས་གཞན་ནས་འདུ་འཛོམས་དེར་མཉམ་ཞུགས་བྱེད་པར་ཡོང་མཁན་ཚོ་ཕེབས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།  

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 16

  1. karma dorje says:
    ལོ་ 16 སྔོན།

    ཞི་བའི་ངོ་རྒོལ་བ་ཚོར། འདི་ནས་བཀའ་དྲིན་ཆེ་ཞེས་ཞུ་བགྱིན་ཡོད། ཐུགས་རྗེ་ཆེ།

    Reply
  2. གྲྭ་རྒོད says:
    ལོ་ 16 སྔོན།

    རྔ་བ་མི་མང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ། ནམ་ཡིན་ཡང་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་རབ་དང་རིམ་པ་སྤེལ་པའི་རླབས་ཆེན་གྱི་བྱ་བ་འདི་ལ་རྗེས་སུ་ཡི་རང་བྱེད་གི་ཡོད།ལོ་གསར་བའི་ནང་ང་ཚོ་ཚང་མའི་ལས་དོན་སེམས་ལ་འཛིན་དགོས།

    Reply
  3. རྨོངས་བུ་སྨྱུག་འཛིན། says:
    ལོ་ 16 སྔོན།

    གཞིས་ལུས་བོད་མི་ཆོལ་ཁ་གསུམ་གྱིས་དམིགས་འབེན་མདུན་བསྐྱོད་ཀྱི་གོམ་ཁ་ཉིན་རེ་ནས་ཉིན་རེ་བཞིན་ཡར་ལ་ཆས་ཀྱིན་ཡོད་པར་མ་ཟད་ལྷག་ཏུ་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་དཔའ་འཛངས་ཀྱི་སྙིང་སྟོབས་དེ་བས་ཀྱང་མཐོ་ལ། ང་ཚོ་བྱེས་ཀྱི་སྤུན་ཟླ་ཚོས་གུས་བཀུར་དང་ཡིད་སྨོན་བྱེད་ཀྱིན་མཆིས།ད་ཐེངས་ལྷག་ཏུ་རྔ་བ་བོད་རིགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ལགས།

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    ངོ་མ་སྤོབས་པ་སྐྱེ་གི་འདུག
    རྔ་བ་མི་མང་ཐུགས་རྗེ་ཆེ།

    Reply
  5. རིག་འཛིན། says:
    ལོ་ 16 སྔོན།

    ངོ་ལྐོགས་མེད་པ་གཞིས་ལུས་བོད་མི་ཚོའི་སྙིང་སོྟབས་དང་དཔའ་ངར་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་སླད་མེད་ཞུ་བཞིན་ཡོད་་་་་་

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རྔ་བའི་མི་མང་ལ་རྗེས་སུ་ཡི་རང་ཞུས་པས་ཕན་པ་ཅི་ཡང་མེད།།་དེ་ལས་སྙིང་སྟོབས་དེ་ང་ཚོའི་ལུས་སྟེང་དུ་ལེན་ཐུབ་པ་བྱེད་རྒྱུ་གལ་ཆེན་མཐོང་།

    Reply
  7. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    I salute all the matyrs of our country
    Youtso[mussoorie]

    Reply
  8. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    Bod Gyalo and we are also with YOU!!!
    Tenchoe(mussoorie)

    Reply
  9. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    རྒྱལ་གཅེས་དཔའ་བོ་རྣམས་ལ་མངོན་པར་བསྟོད་དོ༎

    Reply
  10. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    དངོས་གནས་སྤེབས་པ་རེད།་་་་་་བཙན་འབྱོལ་དུ་ཡོད་པའི་བོད་མི་རྣམས་པས་ཁོང་རྣམས་པའི་རྙིང་སྟོབས་ལ་གུས་བཀུར་ཞུས་ཏེ་དེ་རིང་ཉིན་གཅིག་མ་ཡིན་པར་ཉིན་སུམ་བརྒྱ་དྲུག་ཅུའི་རིང་ཉིན་ཞག་དུས་དྲུག་ཏུ་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་མ་ཡིན་ནམ།་་་་་་ལོས་ཡིན།་་་་་་་་་་་ངས་ལོ་གསར་ལ་མཚམས་འདྲི་དང་ལོ་འདིའི་ནང་བཀྲིས་ལོ་ལེགས་ངང་གཞིས་བྱིས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ།

    Reply
  11. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་མི་ཚོའི་སྙིང་སྟོབས་ལ་ཡི་རང་ཞུ།

    Reply
  12. གཡག་རྒོད says:
    ལོ་ 16 སྔོན།

    དེ་རིང་ཕ་ཡུལ་དུ་ཁ་པར་མི་འགྲོ་བ་དེ་གནས་ཚུལ་དེ་འདྲེས་རྐྱེན་ཡིན་ས་རེད།

    Reply
  13. སྟག་རྩེ་དཔལ་ལྡན says:
    ལོ་ 16 སྔོན།

    དངོས་གནས་གཞིས་ལུས་སྤུན་ཟླ་མི་རིགས་དེ་ཚོའི་སྙིང་སྟོབས་དང་སེམས་ཤུགས་དེ་སུ་ལ་འགྲན་ཟླ་མེད་པར་ཞིག་རེད་བཞག ད་ང་ངོ་ཚ་གི་འདུག ད་ང་ཡིད་ཕམ་གྱི་འདུག ད་ང་ཡིས་ང་ལ་ཚ་དྲི་བ་མང་པོ་དྲིས་ཀྱི་འདུག དེ་ནི་རང་དབང་ལུང་པའི་ནང་མི་ལོ་ཧྲིལ་བོ་ལྔ་ཅུ་ཙམ་བསྡད་ནའང་མི་རིགས་འདི་དང་སྤུན་ཟླ་མི་རིགས་དེ་ཚོའི་ཆེད་དུ་ཅི་བྱས་སམ། ད་ལྟར་གང་བྱེད་ཀྱི་ཡོད་དམ། མ་འོངས་པར་ག་རེ་བྱེད་མཆར་ཡོད་དམ། སེམས་ཕུགས་སུ་ཅི་ཞིག་སྒོམ་ཡོད་དམ། ཅི་ཞིག་སྒྲུབ་བཞིན་ཡོད་དམ། ག་བ་ཞིག་ཏུ་འགྲོ་མཆར་ཡོད་དམ། ཞེས་སོགས་གནད་འཁེལ་བའི་དྲི་བ་མང་པོ་ཞིག་ཡོང་གི་འདུག ཡིན་ནའང་ངས་ལེན་དོན་མཐུན་ཞིག་ནུས་མ་སོང་སྟབས་དྲ་གྲོགས་ཚོས་དྲི་བ་དེ་དག་ལ་ལེན་ཞིག་འཚོལ་རོགས་གནོང་།

    Reply
  14. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དཔལ་འཛངས་གཉིས་ལྡན་གྱི་རྒྱལ་གཅེས་པ་གཞིས་བཞུགས་བོད་མི་འདི་དག་ངོ་མ་ངས་གདུང་སེམས་མཉམ་སྐྱེད་ཞུ་འདོད་སྐྱེས། ལོ་གསར་འདིའི་ནང་ཁོང་རྣམས་པའི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྨོན།

    Reply
  15. བསེ་རུ། says:
    ལོ་ 16 སྔོན།

    ཁོང་རྣམས་ཀྱི་ལྷད་མེད་པའི་གདུང་སེམས་ཕྱིར་མངོན་པར་ལག་ཟུང་འདར་གྱིན་བཀའ་དྲིན་ཆེ་ཞུ་འདོད་བྱུང་། ང་ཚོར་ཡང་འདི་ཕྱོགས་སུ་སྤྲོ་སྣང་དང་འཛུམ་མདངས། དགོད་སྒྲས་དབེན་ཞིང་། རང་སེམས་རང་གིས་གསོ་གིན་གནས་ཡོད།
    འོན་ཀྱང་། རེ་འགའ་ནི་ད་དུང་ལོ་གསར་གྱི་དཔལ་ལ་རོལ་གྱིན་ཡོད་པར་བསམས་ཚེ། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། ཆ་མི་སྙོམ་པའི་འཇིག་རྟེན་ཟེར་བ་ནི་འདི་འདྲ་ཞིག་མ་རེད་དམ།།

    མ་དག་པ། དག་པ།
    ཉེ་འདབ། ཉེ་འདབས།
    ཕེབས་རོགས་ཀྱིས་ཞེས། ཕེབས་རོགས་གྱིས་ཞེས།
    ཁྲོམ་ཀྱི། ཁྲོམ་གྱི།
    མི་ཁས་ཀྱིས། མི་ཁ་ཤས་ཀྱིས།
    དམག་མི་གཅིག་སྟོང་། དམག་མི་ཆིག་སྟོང་།
    བཀག་སྡོབ། བཀག་སྡོམ།

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    རྔ་བ་མི་མང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ། ནམ་ཡིན་ཡང་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་རབ་དང་རིམ་པ་སྤེལ་པའི་རླབས་ཆེན་གྱི་བྱ་བ་འདི་ལ་ང་ཚོས་གུས་བཀུར་ཞུ་འོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese