མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཚུལ་མར་བབས་ཡོད་ཀྱང་ནང་དོན་ཚད་མཐོ་རུ་ཕྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་གཞུང་གིས་བསྡུས་པའི་བོད་རང་སྐྱོང་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་ཐོག་གི་གཏན་འབེབས་ཁག་དང་། བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་ཐོག་གི་གྲོས་དོན་ཁག་གཉིས་བར་གཤིབ་བསྡུར་གྱི་ཚུལ་གྱིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད། 

 

དྲི་བ། ས་རཱ་མཐོ་སློབ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་སློབ་གྲྭ་མཐོ་གྲས་ཤིག་ཆགས་ཡོད་པ་དང་། སྐུ་ཉིད་ཀྱིས་འདི་གར་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་སྟེ་རྒྱུན་རིང་ཕྱིན་ཡོད་སྟབས། ལོ་རྒྱུས་རང་བཞིན་གྱི་ཐོག་ནས་བོད་རྒྱའི་རྩོད་རྙོག་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ། 

ལན། ཕྱི་ལོ་ ༡༧༢༥ ཡས་མས་ནང་ཁཱང་ཤི་ཡིས་ཇིང་གར་ལ་དམག་བརྒྱབས་ཏེ། མཚོ་སྔོན་ཕྱོགས་ལ་བཙན་འཛུལ་བྱས་པ་རེད། སྐབས་དེ་དུས་ནས་ཁཱང་ཤི་ཡིས་རྒྱལ་ཁབ་རྒྱ་སྐྱེད་ཀྱི་བསམ་བློ་དང་། བོད་ཧམ་བཟུང་གི་འཆར་གཞིའི་རྨང་བཏང་ཡོད། རྨང་གཞི་གཏིང་ནག་དེའི་འོག་ནས་རྒྱལ་རབས་རིམ་བྱུང་གིས་བོད་ཁ་ཐོར་བཟོ་རྒྱུ་དང་། བོད་ནང་སིམ་འཛུལ་བྱ་རྒྱུ་གཉིས་དམིགས་ཡུལ་དུ་བཟུང་པ་རེད། ཕྱི་ལོ་ ༡༩༠༠ ཡས་མས་ནང་ཆིན་རྒྱལ་རབས་ཀྱིས་ལྷ་སར་དམག་བཏང་སྟེ། བོད་དགའ་ལྡན་གཞུང་གི་ཁྱབ་ཁོངས་དུམ་བུ་གཉིས་སུ་བཏང་བ་རེད། གོ་མིན་ཏང་གི་དབང་སྒྱུར་སྐབས་འབྲི་ཆུའི་ཤར་ནུབ་དབྱེ་ཞིང་། ༡༩༥༩ ལོ་ནས་བོད་ས་ཧྲིལ་བོ་དམར་གཞུང་གི་འོག་ཏུ་ཤོར་རྗེས་བོད་རྒྱའི་རྩོད་རྙོག་ལ་ངོས་འཛིན་སྣ་ཚོགས་ཤིག་བྱུང་ཡོད། རྒྱ་ཕྱོགས་ནས་བོད་རྒྱའི་གནད་དོན་དེ་བདག་དབང་གི་གནད་དོན་མིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡང་མིན། ཁ་བྲལ་དང་ཁ་བྲལ་མ་ཡིན་པའི་གནད་དོན་ཞིག་ཡིན་ཟེར་གྱིན་ཡོད། བོད་ཕྱོགས་ནས་བོད་རྒྱའི་རྩོད་རྙོག་དེ་ཆབ་སྲིད་ཀྱི་འཐབ་རྩོད་མིན་ལ་མི་རིགས་ཀྱི་འཐབ་རྩོད་ཀྱང་མིན། དྲང་བདེན་དང་དྲང་བདེན་མ་ཡིན་པའི་འཐབ་རྩོད་ཅིག་ཡིན་ཟེར་གྱིན་ཡོད། འོན་ཀྱང་། ང་རང་གི་བསམ་པར་བོད་རྒྱ་མི་རིགས་གཉིས་མ་འཆམ་པའི་གནད་དོན་མིན་ཡང་། མི་རིགས་གཉིས་ཀྱི་ཐོབ་ཐང་དང་བདག་དབང་འཐབ་རྩོད་ཀྱི་གནད་དོན་ལས་གཡོལ་ཐབས་མེད་པ་ཞིག་རེད་དྲན་ཡོད།

 

དྲི་བ། ཟླ་སྔོན་མར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་བསྐངས་པ་དང་། ཕྱི་ཚེས་ ༢༦ ཉིན་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་མགོ་འཛུགས་བྱས་པ་གཉིས་ལ་དམིགས་བསལ་འབྲེལ་བ་འདྲ་མཐོང་གི་འདུག་གམ།

ལན། བཞུགས་མོལ་ཚོགས་འདུ་དེའི་སྐོར་ལ་ངར་རྒྱུས་མངའ་ཞེ་དྲག་མེད་སྟབས། ཁ་ཚོན་བཅད་དེ་བཤད་རྒྱུའི་སྤོབས་པ་མི་འདུག་མོད། རྒྱང་ལྟ་དང་ཚོད་དཔག་ལྟ་བུས་བཤད་པ་ཡིན་ན། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དེ་ ༢༠༠༨ ལོའི་བོད་ནང་གི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་རེད། བོད་ནང་གི་དོན་རྐྱེན་དེའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་སྐབས། བོད་རིགས་མི་དམངས་ཀྱི་འདོད་པ་མ་ཚིམས་ས་ཞིག་ཡོད་པ་དང་། ༧གོང་ས་མཆོག་གཙོས་པའི་ཕྱི་ཕྱོགས་ཀྱི་བོད་རིགས་ཚོ་སྣང་མེད་དུ་འཇོག་ཐབས་མེད་པ་སོགས་གསལ་བོར་ཤེས་པ་རེད། ལྷག་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་། རྒྱ་རིགས་ནང་ཁུལ་ཀྱི་བསམ་ཚུལ་སོགས་ལ་ཉན་ཡོང་དུས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དོགས་པ་ཞིག་སྐྱེས་ཏེ། ཁ་སྣོན་རྒྱག་དགོས་ས་དང་ཁ་གསལ་བཟོ་དགོས་ས། བསྐྱར་སྒྲིག་བྱ་དགོས་ས་སོགས་མཐོང་སྟེ། ཉེ་ཆར་གློ་བུར་དུ་བཞུགས་མོལ་ཚོགས་འདུ་དེ་བསྡུས་པ་རེད། འབྲེལ་མོལ་ཐེངས་དགུ་བའི་བོད་པའི་སྐུ་ཚབ་རྣམས་ཀྱང་གོ་སྐབས་དེ་དང་བསྟུན་ཏེ་སྐད་བཏང་བ་རེད་སྙམ། འདི་གཉིས་ལ་བྱེ་བྲག་གི་འབྲེལ་བ་དམིགས་བསལ་ཡོད་མེད་གསལ་བོ་མི་ཤེས་མོད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་གྲོས་ཆོད་ཁག་འགྲེལ་བརྗོད་བྱེད་པ་དང་། ཕྱི་ཕྱོགས་ཀྱི་མཐོང་སྣང་ལ་བོད་ཐོག་ལ་དོ་སྣང་ཐུགས་འཁུར་ཆེ་མདོག་སྟོན་རྒྱུ་གཙོར་འདོན་བྱས་ཡོད་པ་རེད།

 

དྲི་བ། ཕྱི་ལོ་ ༡༩༧༩ ལོར་ཐོག་མར་བོད་རྒྱའི་འབྲེལ་ལམ་མགོ་འཛུགས་བྱས་པ་ནས་རིམ་གྱིས་འབྲེལ་མོལ་གྱི་ལས་རིམ་དང་གྲོས་གཞིའི་ནང་དོན་སོགས་རྒྱ་ཇེ་ཆུང་དུ་ཕྱིན་ཡོད་ལ། ༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱས་རྗེས་མང་ཚོགས་ལ་བསམ་ཚུལ་དེ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཐད་བསམ་ཚུལ་གང་འདྲ་ཡོད་དམ།

ལན། འདི་ལ་ལྟ་སྟངས་གཉིས་ཡོད་པ་རེད་སྙམ། དང་པོ། སྔོན་མ་དང་བསྡུར་ན་བོད་པའི་སྐུ་ཚབ་ཚོའི་གཟིགས་སྐོར་གྱི་ས་རྒྱ་ཇེ་དོག་ཏུ་ཕྱིན་པ་བདེན་པ་རེད། ༡༩༧༩ ལོར་༧གོང་ས་མཆོག་གི་སྐུ་ཚབ་ལྷ་སར་འབྱོར་སྐབས། མང་ཚོགས་ཀྱིས་དེ་འདྲའི་གདེང་འཇོག་ཅིག་ཐོབ་རྒྱུ་ཡིན་པ་རྨི་ལམ་དུའང་འཁོར་ཡོད་པ་མ་རེད། དེའི་རྗེས་ནས་བཟུང་རིམ་པས་གཟིགས་སྐོར་གྱི་ས་རྒྱ་ཇེ་དོག་དུ་བཏང་པ་རེད། སྐབས་དེ་དག་ཏུ་བོད་པའི་སྐུ་ཚབ་ཚོ་པེ་ཅིན་ལ་འབྱོར་སྐབས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད། འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་སུ་མཇལ་འཕྲད་བྱས་ཏེ་ཟུར་ནས་བསམ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད་ཀྱང་། རིམ་པས་དེའང་མེད་པ་ཆགས་སོང་། གཉིས་པ། གྲོས་གཞིའི་ནང་དོན་ཐད། ཕྱི་ཚུལ་ནས་བལྟས་ན་མར་བབས་ཡོད་ཀྱང་ནང་དོན་ཚད་མཐོ་རུ་ཕྱིན་ཡོད། ཐོག་མར་ང་ཚོས་རང་བཙན་གཙང་མ་བརྩད་པ་རེད། དེ་ནས་རང་སྲིད་རང་སྐྱོང་བརྩད་པ་རེད། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་འདུག་རྒྱུ་ཞིག་བཤད་ཀྱིན་ཡོད། འོན་ཀྱང་། ཞིབ་ཚགས་ཀྱིས་བསམ་བློ་བཏང་ན། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་ལ་ལྷ་སའི་བོད་སྡེ་བ་གཞུང་གི་མངའ་ཁོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དྲུག་ ༡༢༦༠༠༠༠ ཙམ་རེད། ད་ལྟ་ང་ཚོས་འབྲེལ་མོལ་བྱེད་པའི་གནད་དོན་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ ༢༥༠༠༠༠༠ ལྷག་ཡོད། འདི་གཉིས་གཤིབ་བསྡུར་ཞིག་བྱས་པ་ཡིན་ན། ངས་གྲོས་གཞིའི་ནང་དོན་རྒྱ་ཇེ་ཆུང་དུ་ཕྱིན་པ་ཞིག་གཏན་ནས་མཐོང་གི་མེད། དེ་ཡང་། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ས་ཁྱོན་དང་བསྡུར་ན་ཆུང་དུ་ཕྱིན་ཡོད་ཀྱང་། ས་སྐྱའི་བདག་དབང་འོག་གི་ས་ཁྱོན་ཡོངས་རྫོགས་ད་ལྟ་ང་ཚོས་སྲུང་སྐྱོབ་ཀྱི་ས་ཁོངས་སུ་རྩོད་ལེན་བྱེད་ཀྱིན་ཡོད།

 

དྲི་བ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་གི་གྲོས་དོན་ཁག་གི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་། འཕེལ་རྒྱས་དང་བརྟན་བརླིང་གཉིས་ཤུགས་ཆེན་བཤད་འདུག བོད་མི་རིགས་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སྐྲུན་དགོས་ཟེར་བ་དེ་སྐད་ཆ་གསར་པ་རེད། འཕེལ་རྒྱས་དང་བརྟན་བརླིང་ཐད་སྔོན་མ་ནས་རྒྱ་ནག་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཡོད། ཐོག་མར་སློབ་ཡོན་མི་དགོས་པའི་སྲིད་བྱུས་དང་། དེ་ནས་མང་ཚོགས་ལ་སྡོད་ཁང་རྒྱག་པ། ཞིང་གྲོང་ལ་སྨན་རིན་མི་ལེན་པ། ཉེ་ཆར་ནས་གཞུང་ཞབས་མིན་ཡང་ལོ་ ༦༠ བརྒལ་ན་རྒན་ཕོགས་སྤྲོད་པ་སོགས་རེད། མིའི་རིགས་ལ་དཔལ་འབྱོར་འབེལ་བོ་བྱུང་ན། དངུལ་གྱི་ནང་ལ་མགོ་འཁོར་ཏེ་ཕུགས་འདུན་བརྗེད་འགྲོ་བ་རེད་ཟེར་བའི་བཤད་སྲོལ་ཞིག་ཡོད། ལྟ་བ་དེ་ནི་མའོ་དང་ཏིན་སོགས་ནས་བརྒྱུད་སྤྲོད་བྱས་ཡོང་བ་ཞིག་རེད། བོད་མི་རིགས་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བསྐྲུན་དགོས་ཀྱིན་འདུག་ཟེར་བ་དེ་རྙོག་དྲ་ཆེན་པོ་ཞིག་རེད། སྲིད་དོན་རྒྱལ་རབས་ལ་རྒྱ་གཞུང་གིས་ལན་འདེབས་བྱས་པའི་དབྱིན་སྒྱུར་མའི་ནང་། ཀྲུང་ཧྭ་མི་རིགས་སྐོར་ལ་ཤོག་ངོས་ ༣༠ ལྷག་འདུག ཐ་ན་རི་མོའི་ལམ་ནས་རྒྱ་ནག་གི་དབང་སྒྱུར་འོག་གི་མི་རིགས་ཡོངས་རྫོགས་ཀྲུང་ཧྭ་མི་རིགས་ Chinese  ཟེར་བ་དེའི་ཁོངས་སུ་བསྒྲུབ་ཡོད། སྔོན་མ་རྒྱ་ནག་ལ་ཀྲུང་གོའི་མི་རིགས་ང་དྲུག་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཡོད་མེད་དོགས་པ་ཙམ་ཡང་མེད། ཕྱི་རྒྱལ་བ་ཚོས་ཀྱང་ཀྲུང་གོའི་མི་རིགས་ཡོངས་རྫོགས་ Chinese ཟེར་བ་དེར་གོ་བཞིན་ཡོད། ངའི་རོགས་པ་རེ་ཟུང་གིས་ཕྱི་རྒྱལ་ནས་སྐྱབས་བཅོལ་ཞུ་སྐབས་ཡིག་ཆའི་ནང་ Chinese འགོད་དགོས་བྱུང་སྟེ། སྐབས་བཅོལ་མ་བླངས་པར་ཕྱིར་འཐེན་བྱས་པ་དེ་འདྲ་བྱུང་འདུག

 

དྲི་བ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྔོན་མ་དག་གི་སྐབས་སུ་བོད་རང་སྐྱོང་ལྗོངས་གཅིག་པུ་ལས་བཀོད་མེད་ཀྱང་། ཐེངས་འདིར་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན། ཡུན་ནན་བཅས་སུའང་ཁྱབ་དགོས་ཚུལ་བཀོད་འདུག་པ་དེ་ཡར་རྒྱས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། དེ་ཡར་རྒྱས་ཟེར་ན་འདྲ། གང་ལྟར་ངོས་འཛིན་བྱེད་སྟངས་གསར་པ་ཞིག་རེད། ཐེངས་འདིར་བཞུགས་མོལ་ཚོགས་འདུའི་ཐོག་ནས་བོད་རང་སྐྱོང་ལྗོངས་ལས་གཞན་པའི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་གླེང་དོན་དཀའ་ངལ་ཞིག་གི་འོག་ནས་བྱུང་བ་རེད། དེ་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད། སྔོན་མ་ཕྱི་རྒྱལ་ཁག་ཚང་མས་བོད་ཟེར་དུས་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་བཞིན་ཡོད་ལ། རྒྱ་ནག་ནང་ཁུལ་ནས་ཀྱང་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་སོགས་བོད་ཁོངས་སུ་ངོས་ལེན་བྱ་སྲོལ་མེད། འོན་ཀྱང་། ཕྱིས་སུ་རིམ་པའི་ཕྱི་ལོགས་ནས་༧གོང་ས་མཆོག་དང་ཡུལ་གྱར་བོད་མི་ཚོས་སྐད་བརྒྱབས་པ་དང་། ལོ་རྒྱུས་ཀྱི་བདེན་པ་དངོས་ར་སྤྲོད་བྱས་པར་གྲུབ་འབྲས་ཐོན་པ་རེད། ཉེ་རབས་ཤིག་ལ་ཨ་རིའི་གཞུང་གིས་བོད་ཟེར་བ་དེ་ཆོལ་ཁ་གསུམ་གྱི་སྤྱི་མིང་ཡིན་པར་ངོས་འཛིན་བྱས་ཏེ། དེ་འབྲེལ་གྱི་ས་ཁྲ་ཞིག་ཀྱང་བཟོས་ཡོད་ལ། དེ་བཞིན་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཀྱང་བོད་ཟེར་བ་དེ་བོད་རིགས་འདུས་སྡོད་བྱེད་སའི་སྤྱི་མིང་ཡིན་ཚུལ་ངོས་ལེན་གནང་ཡོད། དེ་བཞིན། ལོ་སྔ་ཕྱིར་བོད་ས་ཁྱོན་ཡོངས་ནས་གྱེན་ལངས་བྱས་པ་དང་། བོད་ཆོལ་ཁ་གསུམ་ཞེས་མགྲིན་གཅིག་དབྱངས་གཅིག་གིས་འབོད་སྒྲ་སྒྲོག་གིན་ཡོད་པ་སོགས་ལ་བརྟེན་བོད་ཆོལ་ཁ་གསུམ་ལ་ཡོངས་ཁྱབ་ཀྱི་སྲིད་བྱུས་མི་གཏོང་ཐབས་མེད་ཆགས་པ་རེད།

 

དྲི་བ། ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམ་པ་དང་གྲོས་གཞིའི་ནང་དོན་ཐད་འགྱུར་བ་འདྲ་གཏོང་དགོས་པར་མཐོང་གིན་ཡོད་དམ།

ལན། སྔོན་མ་ནས་ང་ཚོའི་སྤྱི་ཚོགས་ནང་འབྲེལ་མོལ་གནང་ཐེངས་རེ་རེའི་མཚམས་སུ་གྲུབ་འབྲས་སོན་མི་འདུག སྐུ་ཚབ་བརྗེ་བོ་རྒྱག་དགོས་ཀྱིན་འདུག་ཅེས་སྐད་རྒྱག་མཁན་སྐོར་ཞིག་ཡོད། ཁག་ཡོད་པ་མ་རེད་ཁོང་ཚོར་སྲིད་དོན་བསམ་བློའི་གནས་ཚད་ཀྱིས་མ་འདང་བ་རེད། བོད་རྒྱའི་གནད་དོན་དེ་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། འདིའི་ཐད་ང་རང་གིས་ཀྱང་བསམ་བློ་མང་པོ་བཏང་བ་ཡིན། ཕྱོགས་གང་ནས་བལྟས་ཀྱང་ད་ལྟའི་སྐུ་ཚབ་རྣམ་པ་ལས་ལྷག་ཅིག་ང་ཚོའི་སྤྱི་ཚོགས་ནང་རྙེད་ཁག་པོ་རེད། ལྷག་པར་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་མཚོན་ན། བརྒྱད་ཅུ་གྱ་གྲངས་ནས་བཀའ་བློན་གྱི་ལས་འཁུར་དང་དགུ་བཅུ་གོ་གྲངས་ནས་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པ་རེད། ཁོང་བོད་རྒྱའི་བར་གྱི་སྐུ་ཚབ་ཐོག་མའི་གྲས་རེད། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད། འབའ་བ་ཕུན་དབང་སོགས་དང་མཇལ་ཏེ་བསམ་ཚུལ་བརྗེ་རེས་བྱས་མྱོང་ཞིང་། བོད་ནང་གི་གནས་བབ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་མཁྱེན་རྒྱ་ཡངས་པ། སྤྱི་འཐུས་ཚོགས་གཙོ་དང་གཞོན་ནུའི་ཚོགས་གཙོ་སོགས་གནང་སྟེ་བཙན་བྱོལ་གཞུང་དམངས་གཉིས་ལ་ཐུགས་རྒྱུས་ཟབ། ཁོང་ལས་ལྷག་པའི་བོད་རྒྱའི་བར་གྱི་སྐུ་ཚབ་ཅིག་ཁག་པོ་རེད། པེ་ཅིན་གྱི་འབྲེལ་མོལ་རིམ་པའི་སྐབས་སུ་མཐོང་ཐོས་ཡོད་མཁན་ང་རང་སྒེར་གྱི་ངོ་ཤེས་པ་དེ་འདྲ་ཡོད། ཁོང་ཚོར་ང་ཚོའི་སྐུ་ཚབ་ཀྱིས་འདང་གིན་མེད་པའི་བསམ་ཚུལ་ཁྱོན་ནས་མི་འདུག སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས། ཆབ་སྲིད་ཀྱི་གནད་འགག་མགོ་ཚོས་སྟངས་སོགས་ཧ་ཅང་ཡག་པོ་འདུག གཅིག་ལན་དུ་གཅིག་དང་གཉིས་ལན་དུ་གཉིས་བྱེད་ཀྱིན་འདུག རྒྱ་ནག་གི་སྐུ་ཚབ་ལྟར་གནད་དོན་རེ་ཟུང་ཐོག་འཚེར་སྣང་དང་། སྦས་སྐུང་སོགས་མེད་པར་སྐད་ཆ་མདུན་ཅོག་སྟེང་སྤུངས་ཐུབ་ཀྱིན་འདུག་ཟེར། གྲོས་གཞིའི་ནང་དོན་ལའང་བསམ་འཆར་གང་ཡང་མེད། འོན་ཀྱང་། དེ་ལ་ཁ་སྣོན་རྒྱག་རྒྱུ་ཞིག་ལ། ༧རྒྱལ་བ་རིན་པོ་ཆེ་རྒྱ་ནག་ལ་ཕེབས་ཐུབ་པ་ཞིག་གི་ཐོག་ལ་ཤུགས་རྒྱག་རྒྱུ་ཧ་ཅང་གནད་འགག་རེད་སྙམ། གནད་དོན་འདིའི་ཐད་སྐུ་ཚབ་ཙམ་མ་རེད། བོད་གཞུང་དམངས་གཉིས་ཐོག་ནས་ཐབས་ལམ་འཚོལ་དགོས་པ་རེད་དྲན་ཡོད།

 

དྲི་བ། བོད་པའི་སྐུ་ཚབ་རྣམ་པ་ཕྱིར་རྒྱ་གར་ལ་འཁོར་མ་ཐག རྒྱ་ཕྱོགས་ཀྱི་སྐུ་ཚབ་ཏུའུ་ཆིན་ལིན་གྱིས་རྒྱལ་ཁབ་ཀྱི་བདག་དབང་ཐད་གླེང་མོལ་བྱ་ཐབས་མེད་སྐོར་དང་། རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག་ཚུལ། “བོད་ཆེན་པོ”དང་“ཚད་མཐོའི་རང་སྐྱོང་”ཟེར་བ་དེ་ནི་ཀྲུང་གོའི་རྩ་ཁྲིམས་ལ་འགལ་ཡོད་སྟབས། བཤད་སྟངས་དེ་རིགས་མེད་པ་བཟོ་དགོས་སྐོར་བརྗོད་པ་དེར་ལྟ་སྟངས་གང་འདྲ་ཡོད་དམ།

ལན། རྒྱལ་ཁབ་ཀྱི་བདག་དབང་གི་སྐད་ཆ་ཞིག་བཤད་ཀྱིན་ཡོད་པ་དེ་དོགས་པ་རྣམ་རྟོག་ཅིག་གི་དབང་ནས་ཡོང་གིན་ཡོད། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དེ་ཁ་བྲལ་གྱི་སྲིད་བྱུས་རེད་སྙམ་སྟེ། ང་ཚོའི་ཚད་མཐོའི་རང་སྲིད་རང་སྐྱོང་ལ་དགག་པ་རྒྱག་གིན་ཡོད་པའི་བཟོ་ལྟ་རེད། ན་ནིང་ཁོང་ཚོས་ཅུང་ཁ་གསལ་བོས་ཐོག་ནས་བརྗོད་ཡོད། བོད་དང་ཐེ་ཝན་གྱི་གནས་སྟངས་མི་འདྲ་ལ། བོད་དང་ཧོང་ཀོང་གི་གནས་སྟངས་ཀྱང་མི་འདྲ་ཚུལ་བཤད་ཡོད། ལོ་རྒྱུས་ལ་བརྩི་བཀུར་བྱ་དགོས་ཟེར་བ་དེ་ནི་གོ་བརྡ་མ་འཕྲོད་པའི་གནད་དོན་ཞིག་རེད། ཁོང་ཚོའི་བསམ་བློའི་ནང་བོད་དེ་རྒྱ་ནག་གི་མངའ་ཁོངས་སྙོན་མེད་རེད་སྙམ་པའི་བསམ་ཚུལ་བཅོས་མིན་ཞིག་ཡོད། དེར་བརྟེན་ལོ་རྒྱུས་ལ་བརྩི་བཀུར་བྱ་དགོས་ཟེར་གྱིན་ཡོད། འདི་དག་གི་རྩ་བ་གཡོན་ཐལ་ཆེ་བའི་རིག་པའི་གཞུང་ལུགས་ཤིག་གི་སྟེང་ནས་ཡོང་གིན་ཡོད། ཡོད་ཚད་ཆབ་སྲིད་ཀྱི་དགོས་མཁོ་གཞི་རྩར་འཛིན་གྱིན་ཡོད་སྟབས། ལོ་རྒྱུས་རྫུན་བཟོ་བྱ་རྒྱུ་མང་དྲགས་པ་དང་། གུ་དོག་སྒེར་གཅོད་ཀྱི་སློབ་གསོ་ཤུགས་ཆེ་བ་སོགས་ཀྱི་དབང་གིས་བྱུང་བ་རེད། རྩ་ཁྲིམས་ལ་འགལ་བའི་རིགས་བྱ་མི་ཆོག་ཟེར་བ་དེ་བོད་རིགས་ཡོངས་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་ཟེར་བ་དེ་ཡིན་པ་འདྲ། འོན་ཀྱང་། ང་ཚོས་བཏོན་པའི་བསམ་འཆར་དེ་རྒྱ་ནག་གི་རྩ་ཁྲིམས་ལ་འགལ་བ་ཞིག་ཆགས་ཡོད་པ་མ་རེད། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་དེང་སྐབས་༧རྒྱལ་བ་རིན་པོ་ཆེ་ཡིས་འདོན་བཞིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོང་ཐུབ་པ་ཞིག་ཡིན་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་དུའང་ཡོང་ཐུབ་པ་ཞིག་རེད་ཅེས་བསྟན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

མཆན། 8

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཡང་འདི་ན་སཱ་རའི་བུ་གུ་ཚོས་ཞེན་ཁོག་བཤད་གིན་འདུག། དགེ་རྒན་ངོམ་གིན་འདུག ཧ་ཧ།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    རྒན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། དུས་བབ་འདིའི་ཐོག་ཏུ། རྒན་ལགས་ནང་བཞིན་སྐད་ཆ་དྲང་པོ་བཤད་མཁན་དང་། ཆབ་སྲིད་ཀྱི་རྒྱབ་རྒྱང་ཅན་མཇལ་རྒྱུ་ཁག་པོ་རེད་འདུག རྒན་ལགས་དངོས་གནས་བཀའ་བློན་ཁྲི་བའི་འོས་བབ་འདུག

    Reply
  3. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    རྒན་ལགས་བཀྲ་ཤིས་བདེ་ལེགས་ཞུ། དུས་བབ་འདིའི་ཐོག་ནས་སྐད་ཆ་དྲང་མོ་བཤད་མཁན། ཆབ་སྲིད་ཀྱི་རྒྱབ་རྒྱང་ཁྱེད་ནང་བཞིན་མཇལ་རྒྱུ་ཁག་པོ་རེད། རྒན་ལགས་ལ་བཀའ་ཁྲིའི་འོས་བབས་དངོས་གནས་འདུག་གོ

    Reply
  4. karma dorje says:
    ལོ་ 16 སྔོན།

    ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ་་་་་་་་་་་་་༧རྒྱལ་བ་རིན་པོ་ཆེ་རྒྱ་ནག་ལ་ཕེབས་ཐུབ་པ་ཞིག་གི་ཐོག་ལ་ཤུགས་རྒྱག་རྒྱུ་ཧ་ཅང་གནད་འགག་རེད་སྙམ། གནད་དོན་འདིའི་ཐད་སྐུ་ཚབ་ཙམ་མ་རེད། བོད་གཞུང་དམངས་གཉིས་ཐོག་ནས་ཐབས་ལམ་འཚོལ་དགོས་པ་རེད་དྲན་ཡོད། ་་་་ཅེས་གསུང་པ་འདི་ལ་ངས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་པས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་དང་། སོག་པོ་ཕྱི་ནང་གཉིས། རྒྱ་གར་དང་བལ་པོའི་ཧི་མ་ལའི་ནང་པའི་མི་རིགས་དང་། རྒྱ་རིགས་ནང་པ་ཚོས་ཀྱང་འདིའི་ཐོག་ལ་ཤུགས་སྐྱོན་རོགས་གནང་ཞུ་ཡིག་ཏུ་ཀརྡོས་ཕུལ། །

    Reply
  5. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ་རྒན་བསོད་ནམས་རྒྱལ་མཚན་མཆོག་གིས་གསུང་དེ་ཚོ་ངོ་མ་གནད་ལ་འཁེལ་ཤིང་དོན་སྙིང་ལྡན་པ་ཤས་གཅིག་ཏུ་མཐོང།
    མཚམས་འདི་ནས་དུས་བབ་རྩོམ་སྒྲིག་པར་ཞུ་རྒྱུ་ཞིག་ལ། བཅར་འདྲི་འདི་དང་ལྷན་དུ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱི་ལོ་རྒྱུས་ཤིག་ཀྱང་འགོད་ཐུབ་ན་ཡག་པོ་འདུག

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྒན་གྱིས་གསུངས་པ་ལ་མངོད་པར་བསྟོད་དོ།། རྩོམ་སྒྲིག་པ་ལགས། བཅར་འདྲི་འདི་ཚགས་ཤོག་སྟེང་དུ་བཀོད་ན་ཕན་ཐོག་ཆེན་པོ་འདུག་སྙམ་པའི་རེ་ཞུ།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    དུས་ཚོད་ཀྱི་དབང་གི་ཞུབ་ཚག་ཞིག་ཀློག་རྒྱུ་མ་བྱུངྲ།་་་་་་་ཡོད་ཚད་ཆབ་སྲིད་ཀྱི་དགོས་མཁོ་གཞི་རྩར་འཛིན་གི་ཡོད་སྟབས་་་་་་གྲོས་མོལ་ལ་གྲུབ་འབྲས་ཡག་པོ་ཞིག་དཀའ་རྒྱུ་རེད་འདོད

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    ཡག་པོ་གསུངས་འདུག དྲང་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese