མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp
ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་ཞིག་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བར་འགྲུབ་པར་བྱ་རྒྱུ་ཡིན་ཟེར།
སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་། བོད་ཆོལ་གསུམ་གྱི་དཔའ་བོ་དཔའ་མོ་རྣམས་ལ་སྤྱི་མོས་ཐོག་རྗེས་དྲན་རྡོ་རིང་ཞིག་བཞེང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ལོགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གི་ཁ་གཏད་དུ་བཞེངས་མགོ་བརྩམས་འདུག
འདི་གའི་གསར་འགོད་པས་ཐེངས་འདིའི་རྗེས་དྲན་རྡོ་རིང་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་དང་བོད་མི་དམངས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ༡༩༤༩ ལོ་ནས་ད་ལྟའི་བར་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་ཏེ། བོད་མི་ཁྲི་ཕྲག་མང་པོ་རྐྱེན་འདས་དང་དམར་གསོད། ད་ལྟའི་ཆར་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱ་ཆེད། སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་སྤྱི་མོས་ཐོག རྗེས་དྲན་རྡོ་རིང་ཞིག་བཞེང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བ་རེད། རྗེས་སུ་བོད་མི་ཡོངས་ཀྱིས་རྗེས་དྲན་རྡོ་རིང་འདིར་བསམ་ཚུལ་མང་པོ་ཞིག་སླེབས་ཆེད། ང་ཚོ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བོད་དབྱིན་གཉིས་ཀྱི་ཐོག་གསལ་བསྒྲགས་བཀྲམས་ཤིང་། ཟླ་གཅིག་དང་ཉིན་བཅོ་ལྔའི་རིང་བོད་མི་ཡོངས་ལ་རྗེས་དྲན་རྡོ་རིང་གི་ཚད་གཞི་དང་བཟོ་དབྱིབས། རི་མོ། མཚོན་བྱེད། ཇུས་འགོད་སོགས་ཀྱི་ཐད་བསམ་ཚུལ་བསྡུ་རུབ་བྱས་ཤིང་། མི་མང་གི་ངོས་ནས་ཀྱང་ཡིག་ཆ་དང་བཟོ་དབྱིབས། དེ་བཞིན་ཇུས་འགོད་ཀྱི་རི་མོ་སོགས་མི་འདྲ་བ་ ༣༠ལྷག་འབྱོར་བ་རེད། རྗེས་སུ་ང་ཚོས་དེ་དག་གི་ཁྲོད་ནས་བདམ་གསེས་བྱས་རྗེས་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ངག་དབང་དགེ་ལེགས་ལགས་ཀྱིས་ཇུས་འགོད་ལྟར། རྡོ་རིང་གི་མགོ་རུ་སའི་གོ་ལའི་མཚོན་བྱེད་རི་མོ་དང་མཉམ་དུ་བོད་ཀྱི་ས་ཁྲ་ཡོད་པའི་རི་མོ་དང་སྤྱིའི་རིང་ཚད་ལ་ཧྤེ་ཁྲི་ ༡༨ དང་། མ་གདན་ཆེ་ཤོས་ཀྱི་ཞེང་ཚད་ལ་ཧྤེ་ཁྲི་ ༤ ལྷགམགོ་རུ་ཧྤེ་ཁྲི་ ༢ ཡོད་པ་རེད། རྩེ་མོ་ཕྲ་ཞིང་རྩ་བ་སྤོམ་པའི་གཟུགས་དབྱིབས། དེའི་སྟེང་བོད་རྒྱ་དབྱིན་གསུམ་དང་དེ་མིན་ཧིན་ངྷིའི་ཡི་གེ་བཅས་ཡིག་རིགས་བཞིའི་ཐོག་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་ཞེས་བཀོད་ཡོད། རྒྱུ་ཆའི་ཕྱོགས་ནས་རྡོ་རིང་ནང་གི་མ་གདན་དེ་སོ་ཕག་དང་ཕྱི་ཕྱོགས་ཚང་མ་རྡོ་ཀ་མ་རུ་ཡི་རྒྱུ་ཆ་རེད། ཅེས་གསུངས་བྱུང་།
ཡང་ཁོང་གིས་མུ་མཐུད་བརྗོད་དོན། རྡོ་རིང་འདིའི་སྟེང་དཔའ་བོ་དཔའ་མོའི་པར་རིས་དང་མིང་སོགས་བཀོད་ཡོད་པ་མ་རེད། གང་ཡིན་ཅེ་ན། ང་ཚོས་རྡོ་རིང་སྟེང་སའི་གོ་ལ་དང་དེའི་སྟེང་བོད་ཅེས་པའི་ཡི་གེ་བཀོད་དེ་ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་རྣམ་པ་མཚོན་པར་བྱས་ཡོད་པས་རེད་ལ། རྡོ་རིང་གི་མ་གདན་གྱི་ཡང་སྟེང་དུ་བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་བའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་བསྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། ཅེས་པའི་སྨོན་ལམ་གྱི་ཚིག་བཅད་འདི་བཀོད་རྒྱུ་ཡིན། ཞེས་དང་། ས་ཆའི་ཕྱོགས་ནས་ང་ཚོས་ཐེངས་མང་གྲོས་བསྡུར་བྱས་མཐར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འགྲེམས་སྟོན་ཁང་གི་ཉེ་འགྲམ་དུ་གཏན་འབེབས་བྱས་ཏེ། ཉེ་ཆར་ནས་ལས་མགོ་བརྩམས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ བར་འགྲུབ་པར་བྱ་རྒྱུ་དང་དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་གདན་ཞུ་གནང་འཆར་ཡོད། ཅེས་གསུངས་བྱུང།

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

སྐར་མ ༡༤ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༡ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

མཆན། 14

  1. karma dorje says:
    ལོ་ 15 སྔོན།

    རྡོ་རིང་ལ་བྲིས་ཚར་ན་ཕྱི་དྲགས་པ་རེད། ཆོལ་གསུམ་ཚིག་འདི་ནི་སོག་པོའི་དབང་སྒྱུར་སྐབས་བོད་རིགས་ཁ་ཐོར་དུ་གཏོང་རྒྱུའི་ཆབ་སྲིད་ཀྱི་གཡོ་ཇུས་ཀྱི་ཚིག་ཡིན་པ་གཅིག གཉིས་ནས་དེ་སོག་སྐད་ཡིན་ལ་བོད་སྐད་མིན་པ་དང་། གསུམ་ནས་བོད་སྐད་གཤིས་ནང་ལ་ཆལ་ཆལ་དང་ཆོལ་ཆོལ་ཚིག་དེ་མི་བཟང་བའི་རྒྱུ་མཚན་བཅས་ཡོད།
    ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་།
    ཆོལ་གསུམ་མེད་པར།
    བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེ་དྲན་རྡོ་རིང་། ཉིད་ཀྱིས་འཐུས་ཏེ་བོད་ཀྱི་རྒྱལ་གཅེས་ནང་ལ་མི་རིགས་གཞན་གྱི་ཚེ་སྲོག་ཤོར་བ་སྲིད་ཀྱང་། དེ་དག་ཆོལ་གསུམ་ནང་ལ་མ་གཏོགས་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོའི་གྲལ་དུ་འཇོག་དགོས་སྙམ།

    Reply
  2. གྲྭ་རྒོད says:
    ལོ་ 15 སྔོན།

    ཆོལ་གསུམ་བོད་ཞེས་པའི་མིང་འདི་བེད་སྤྱོད་མ་བྱེད་རོགས་མིང་འདིའི་ཕན་པ་ལས་གནོད་པ་ཆེན་པོར་མཐུང་དེ་ལས་བོད་ས་ཡོངས་གི་དཔའ་པོ་དཔའ་མོ་ཚོ་ལ་རྗེ་སུ་ཡི་རང་ཡོད་ཟེར་བ་ཡིན་ན་བདེ་པར་བསམ།

    Reply
  3. ནགས་མེ། says:
    ལོ་ 15 སྔོན།

    ང་རང་བོད་དུ་ཡོད་དུས༼ བོད ༽ ཅེས་པའི་ཐ་སྙད་འདིའི་ཁྱབ་ཚད་དབྱིན་སྐད་ཀྱིས ༼ ཐི་བྷེ་ཐི ༽ ཞེས་བོས་པ་དང་ཆུ་ལ་ཆུ་བཞག་ཡིན་པར་བསམ་ཡོད་ལ༼བོད ༽ཅེས་བོས་ཡོང་དུས་ནས་སྟོད་མངའ་རིས་ནས་སྨད་མཆོད་རྟེན་དཀར་པོའི་བར་ཡིན་ཤག་ཤག་ལས་མེད། འོན་ཏེ་བཙན་བྱོལ་ལ་འབྱོར་རྗེས་མི་མང་པོ་ཞིག་གི་ཁ་བཤད་དང་ཡིག་ཐོག་གང་ས་ནས༼ཆོལ་ཁ༽ ཞེས་པའི་ཐ་སྙད་འདི་བཙན་གྱིས་བཅུག་འོངས་བ་མཐོང་། ལེགས་པར་བསམ་ན་མི་དེ་ཚོས་མིང་ཚིག་འདིའི་རྒྱབ་ལྗོངས་མ་བསམ་མ་རྟོགས་པས་རེད། ངས་བལྟས་ན་ཚིག་བརྗོད་རྒྱ་མི་ཆབ་སྲིད་པ་དེ་ཚོས་ཆེད་དུ་བཙན་བཅུག་བྱས་པའི༼ ཤིས་ཙང ༽དང་༼ཤིང་ཅང༽ཞེས་པ་དང་གཅིག་མཚུགས་ལྟ་བུ་རེད། རུས་པའི་གཏིང་ནས་བོད་ལ་དུང་བ་ཡོད་པ་ཚོས་སྔར་བས་བོད་ཆིག་སྒྲིལ་དམ་ཟབ་ཡོང་སླད་དུ་ཐ་སྙད་འདི་ནུས་མེད་བེད་མེད་ལ་བཟོ་དགོས། དོན་གནད་འདིར་བསམ་ཡོད་དྲ་དྲོགས་ཚོས་གླེང་སློང་གང་མང་ཡོང་བ་ཞུ།

    Reply
  4. དོན་གོ says:
    ལོ་ 15 སྔོན།

    རེད། དྲ་གྲོགས་ལགས། རྡོ་རིང་འདི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་ནང་ལོགས་སུ་བཞེངས་བཞིན་ཡོད་པས་ན་ངས་དེ་ལྟར་བཀོད་ཡོད། འདི་ཉེས་འཁྲིས་མ་རེད། སྒོ་ཆེན་གྱི་ནང་ལོགས་རེད། ཉེ་འཁྲིས་དེ་བསྐོར་ལམ་མིན་ནམ།

    Reply
  5. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།

    གསར་གནས་རང་གི་ཚིག་ལ། ༼ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ལོགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གི་ཁ་གཏད་དུ་བཞེངས་མགོ་བརྩམས་འདུག༽ཅེས་བཀོད་དེ་འདུག དེ་ལྟར་ན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ལོགས་ན་བོད་ཀྱི་འགྲེམས་སྟོན་ཁང་ཟེར་བ་ཞིག་ཡོད་མཆི། དེའི་ཁ་གཏད་དུ་ད་ལྟའི་རྡོ་རིང་འདི་བཞེངས་སྐྲུན་གནང་གི་ཡོད་པའི་གོ་བ་ཞིག་སྟེར། དཔར་གྱི་སྟེང་ན། གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པ་ཞིག་གསལ་བ་ལས། གཙུག་ལག་ཁང་གི་ནང་ལོགས་ཤིག་ནི་གསལ་མི་འདུག ཡིན་རྒྱུ་ནི། གཙུག་ལག་ཁང་དུ་བསྐྱོད་སའི་ལམ་ཟུར་ཞིག་ཡིན་པ་འདྲ། འགྲེལ་བཤད་ཅིག་གནང་རོགས།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ངེད་གཉིས་ཀྱི་ལས་བཟང་བོ་ཞིག་བསགས་མེད་ཚོད་རེད་་་ཡང་སྟོབས་ཆེན་ཞིག་བཤད་འདུག་་་་་་ཁྱོད་ཀྱི་ཤེས་མེད་པའམ་རྙེད་མེད་པ་ཐག་གི་བཅད་ནི་ཡིན་་་ངར་འཛིན་འདུ་ཤེས་དང་ང་འམ་ང་རིན་པོ་ཆེ་གཉིས་ཀྱི་དབྱེ་བ་འབྱེད་ཤེས་མི་འདུག་་་གལ་ཏེ་ཁྱེད་ཀྱི་མ་རྙེད་ན་ངའི་བལྟོན་ཆོག་་་འོན་ཀྱང་ཁྱེད་ཀྱི་ཤེས་དགོས་བ་ཞིག་ལ་བལྟན་ན་ཁུ་ཚུལ་བཞིན་བལྟོན་རྒྱུ་མེད་ལ་རྙེད་ན་ཐང་རྡོ་བཞིན་རྙེད་རྒྱུ་མེད་པ་ཤེས་དགོས་་་ཁྱེད་ཀྱི་བཙལ་ན་འདུ་ཤེས་ང་རིན་པོ་ཆེ་མ་བཙལ་རོགས་་་་ཁྱོད་དང་ང་གཉིས་ཕར་ཞོག་བཅོམ་ལྡན་འདས་ཀྱི་ཀྱང་རྙེད་མེད་ཚོད་གདའ་་་ད་དུང་འདུ་ཤེས་དེ་མེད་པར་བཟོ་དཀའ་ཚུལ་དང་རང་གཞན་གྱི་འདུ་ཤེས་དེ་དོར་ན་ཞེས་སྙན་མོ་ཞིག་གསུང་འདུག་ག་་་་་ངོ་མ་དགོད་རྒྱུ་ཡོང་གི་་འོ་ན་འཇིག་རྟེན་འདི་ན་རྒྱལ་གཅེས་ལྷག་བསམ་ཅན་གྱི་སོ་སྐྱེས་ཞིག་མེད་སོང་ནི་ཨེ་རེད་་་་་་་འདུ་ཤེས་ཞེས་བའི་ཚིག་འདི་བྲིས་བ་མ་གཏོགས་ཚིག་དེས་དོན་ངོས་ཟིན་མེད་གི་ཡ་་་་་་་་་ཨ་རོ་་སྐད་ཆ་སྟོབས་ཆེན་ཞིག་བཤད་ན་འདོད་ན་བསམ་བློ་གཏོང་དགོས་ཡ་་་་རྒྱས་བཤད་ཅིག་བྲིས་ཡོད་མོད་་་ཁྱེད་སྟོབས་ཆེ་བས་་དྲ་ལམ་འདིའི་གནོད་བྱས་དང་ཐ་་་་་་་་་གནོད་མི་ཉན་་་་་་སྐྱེས་ཕོ་རབ་ཁོག་ལ་མདའ་ཤོང་མདོང་ཤོང་ཟེར་་་་་ཧ་ཧ་ཧ་

    Reply
  7. སྟོབས་ says:
    ལོ་ 15 སྔོན།

    སྤྱིར་བོད་ཆོལ་གསུམ་ཞེས་པའི་མིང་འདིས་རྐྱེན་པས་ཕྱོགས་ཞེན་དང་འཐེན་འཁྱེར་ཤུགས་་ཆེན་འགྲོ་གི་ཡོད་པ་གསལ་པོ་རེད ། ཡིན་ནའང་འདུ་ཤེས་འདི་མེད་པ་བཟོ་ཐུབ་བྱེད་ཀྱི་ནི་ཧ་ཅིང་དཀའ་ཁག་ཆེན་པོ་ཞིག་རེད ། མིང་ཚིག་འདི་སྤྱི་མིང་ཞིག་ཡིན་འང་བྱེ་བྲག་དུ་བཀར་ན་མི་བྱེ་བྲག་པ་ཞིག་་གི་འདུ་ཤེས་ལ་ཐུག་ཡོད ། འདུ་ཤེས་འདི་མེད་པ་བཟོ་ཐབས་དང་། འདུ་ཤེས་འདི་ཇེ་མཁྲེགས་སུ་གཏོང་ཐམས་སོགས་གང་བྱེད་ཀྱང་ཐོག་མར་རང་ཉིད་མི་བྱེ་བྲག་པ་ཞིག་ཐུག་ཡོད ། མི་བྱེ་བྲག་པ་དེས་རང་གཞན་གྱི་འདུ་ཤེས་དོར་ནས་ཐམས་རྒྱུ་འབྲས་དྲང་ཐུག་གི་ལམ་ད་བསྐྱོད་ཐུམས་ན་ད་གཟོད་ཆོལ་གསུམ་ཞེས་པའི་མིང་ཡོད་ཀྱང་རུང་མེད་ཀྱང་རུང་སྐྲག་སྣང་སྐྱེ་ས་ཀྱི་མིང་ཞིག་ཡིན་མི་སྲིད

    Reply
  8. ལུང་རྟོགས། says:
    ལོ་ 15 སྔོན།

    ནགས་མེས་གསུང་པ་དེ་བདེན་པ་རེད། བོད་ཞེས་པ་ལས་ཆོལ་གསུམ་ཞེས་པའི་ཐ་སྙད་དེ་མི་དགོས་བ་ཞིག་རེད། དེས་ང་ཚོའི་ཆིག་བསྒྲིལ་ལ་གཏོར་བཤིགས་བཏང་གི་ཡ། གཞན་རྒྱལ་བཅེས་དཔའ་བོ་དཔའ་མོར་རྗེས་དྲན་རྡོ་རིང་བཞེང་པར་ཡི་རང་དང་རྒྱབ་སྐྱོར་ཡོད།

    Reply
  9. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན ཁྱེད་ཀྱི་ངར་འཛིན་འདུ་ཤེས་མཁྲེགས་པོ་དེ་གང་ན་ཡོད་པ་ཤེས་མི་སྲིད ། གལ་སྲིད་ཁྱེད་ལ་སྲ་མཁྲེགས་ཀྱི་འདུ་ཤེས་ང་རིན་པོ་ཆེ་ནམ་རྙེད་པ་ན་སྤྱི་འཐུས་སོགས་ལ་ཁག་མེད་པ་ཤེས་ཐུབ །

    Reply
  10. ཚེར་མ། says:
    ལོ་ 15 སྔོན།

    ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཟེར་བ་དང་བོད་ཆོལ་ཁ་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཟེར་བ་ལ་ཁྱད་པར་ཅིག་མི་འདུག་གམ།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཡ་ཡ་ད་བར་དུ་མ་གོ་ཐ་་་་བྱ་བ་འགྲུབ་ལ་ཉེ་འདུག་་་ད་ཉམ་ཆུང་ང་ཚོའི་བསམ་ཚུལ་རེ་བཏོན་ཀྱང་ཕན་པ་མེད་མོད་་་འོད་ཀྱང་ཅིག་མ་བཤད་ན་སེམས་པ་ཆུང་ཆུང་འདི་ལུག་གུ་ལྡང་ལྡང་བྱེད་ནི་ཞིག་རེད་་་བསེ་དང་ནགས་གཉེས་ཀྱི་གསུང་བ་བདེན་པ་རེད་་་ཆོལ་གསུམ་བོད་ཀྱི་ཞེས་བར་འདོད་པ་གཏད་ནས་མེད་་་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་།་ཞེས་འབོད་་་་་་་་་ངོ་མས་ཡ་མཚན་རེད་ཆོལ་གསུམ་ཞེས་བས་ཐ་སྙད་འདི་སྔ་ས་ཞིག་ནས་ཆ་ཤས་མང་བོ་ཞིག་ནས་ཕྱིར་ཕུད་བཏང་ཚར་བར་འདོད་་་འོན་ཀྱང་།སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།ཆོལ་གསུམ་ཞེས་འུ་ཚུགས་ཀྱི་དགག་ཁྲིད་བྱེད་འོང་དོན་ཅི་ཡིན་ནམ།།།།།

    Reply
  12. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    རྡོ་རིང་སྟེང་དུ་ཡི་གེ་དག་མོ་ཞིག་འགོད་རོགས། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོའམ། ཡང་ན་དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་ཞེས་གང་རུང་འབྲི་དགོས་པ་འདྲ།

    Reply
  13. བསེ་རུ། says:
    ལོ་ 15 སྔོན།

    ཆོལ་གསུམ་ཞེས་ཨུ་ཚུགས་ཀྱིས་བཅུག་ཡོང་དགོས་པ་དེར་རྒྱུ་མཚན་ཡོད་སྲིད་ཀྱང་།
    ནགས་མེས་བཤད་པ་ལྟར། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་ཞེས་བརྐོས་ན་བཟང་བར་ང་ཡང་འདོད། འོན་ཀྱང་རྡོ་ལ་རི་མོ་བརྐོས་ཟིན་པ་རེད། སྤྱི་འཐུས་རྣམ་པས་ཀྱང་གྲོས་བསྡུར་གནང་ཡོད་པ་རེད། ད་བོད་མི་ཚོ་གཙུག་ལག་ཁང་ལ་ཕེབས་ཐེངས་རེར་རྡོ་རིང་སྟེང་གི་ཚིགས་བཅད་ཤོ་ལོ་ཀ་དེ་ཚར་རེ་སྐྱོར་རོགས་གནང་།།

    Reply
  14. ནགས་མེ། says:
    ལོ་ 15 སྔོན།

    ཁྱོད་ཀྱི་བོད་ཀྱི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་རྡོ་རིང་བསླངས་བ་བཟང་མོད། ང་རང་ཉིད་ཀྱི་བསམ་ཚུལ་བྱས་ན་ཁྱོད་ཀྱི་ཁ་བྱང་དེར་འཐད་པ་མེད། ༼ ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང༽ ཞེས་འབོད་པ་ལས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་ཐད་ཀར་བོད་བཏང་བཟང་གི་རེད། རྒྱུ་མཚན་ནི ༼ བོད ༽ཅེས་པའི་ཐ་སྙད་འདིའི་ནང་དུ་མ་འདུས་པ་ཞིག་མེད་ལ། ཆོལ་ཁ་ཞེས་པའི་ཐ་སྙད་འདི་རིམ་གྱིས་བེད་མེད་དུ་བཟོ་དགོས། འདིས་བོད་ཀྱི་ཆིག་སྒྲིལ་ལ་ཕན་ནུས་འདིན་ཐུབ་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese