དེ་རིང་ཞོགས་པར་༧གོང་ས་མཆོག་གིས་བདུན་ཕྲག་གཅིག་ལྷག་རིང་གི་ཨ་རིའི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་གནང་ཡོད།
དེ་རིང་སྟེ་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང། ༧གོང་ས་མཆོག་གིས་ཕྱི་ཚེས་ ༡༨ ནས་མགོ་འཛུགས་བྱས་པའི་ཨ་རིིའི་མངའ་སྡེ་ཁག་གི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ། དེ་རིང་ཞོགས་པར་གྷ་གྷིལ་གནམ་ཐང་དུ་ཞབས་སོར་བཀོད་ཡོད་པ་དང་། གནམ་ཐང་ནས་བཟུང་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པའི་ཆིབས་བསུ་དང་། ངྷ་སའི་དགོན་སྡེ་ཁག་གི་དགེ་འདུན་པའི་སེར་ཕྲེང་དང་བསང་གསོལ། དེ་བཞིན་མང་ཚོགས་རྣམས་ངྷ་ཤོད་ནས་བཟུང་ལམ་གྱི་གཡས་གཡོན་དུ་བང་བསྒྲིགས་ཤིང་། ལག་ཏུ་ཁ་བཏགས་བཟུང་སྟེ་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་ཡོད་ལ། སང་ཉིན་ནས་མགོ་འཛུགས་ཀྱིས་ཉིན་གསུམ་ལྷག་གི་རིང་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་སྐྱ་མི་མང་རྣམས་ལ་གསུང་ཆོས་དབུ་འཛུགས་གནང་རྒྱུ་རེད།
བོད་མི་ཚོ་རྟེན་འབྲེལ་ཞུ།༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ།
བོད་པ་ཚང་།༧གོང་ས་མཆོག་ལ་ངལ་གསོལ་ཅུང་ཙམ་མེད་པར་དེ་འདྲ་ད་ཨེ་ཡིན་ན།
ད་ལོའི་གསུངས་ཆོས་ཞུ་བའི་སྐལ་བ་་ཆད་སོང་ཐ
ངོ་མ་ལས་ངན་རེད་ཡ
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
ཕྲན་གྱིས་གོ་ཐོས་ལ་སང་ཉིན་ཞོགས་པ་སྐྱེས་རབ་གསུང་ཆོས་གནང་རྒྱུ་དང་། ཕྱི་ཚེས་གསུམ་ནས་བཟུང་བདུན་ཕྲག་གཅིག་རིང་འགྲེལ་བ་བཞི་སྦྲག་གི་བཀའ་ཆོས་གནང་རྒྱུ་ཡིན་པ་ལས། སང་ཉིན་ནས་མགོ་འཛུགས་ཀྱིས་ཉིན་གསུམ་རིང་གསུང་ཆོས་གནང་གི་ཡིན་པ་སུས་ཀྱང་ཤེས་རྟོགས་མིན་འདུག།
བོད་མི་རྣམས་ཀྱི་ཁོག་པའི་སྙིང་ལྟ་བུ་གོང་མཆོག་དངོས་ནི་སྤྱན་རས་གཟིགས་
མིན་ན་འདི་འདྲ་སྐུ་ལས་འཇིག་རྟེན་གྱི་མི་འཕལ་བ་སུ་བའི་ཐུབ།
དྲ་གྲོགས་རྣམས་ལ་ཞུ་རྒྱུར་གོང་༧མཆོག་ཞེས་མཆོག་གི་སྔ་རོལ་དུ་ཨང་གྲང་བདུན་པ་བྲི་དགོས་ཀྱི་འདུག་པའི་དོན་ཇི་ལྟར་ཡིན་གསུང་རོགས་
༧གོང་ས་མཆོག་ཕེབས་ཤུལ་རེ་རེ་ན་བོད་མིའི་བདེ་སྐྱེད་ཀྱི་འོད་སྣང་འཁྱིལ་བཞིན་ཡོད ། བོད་མི་ཚོའི་སེམས་ཀྱི་རྟེན་ས་དང་སྣ་བའི་ཉན་ས་ཡིན་ཁྱེད་ཁོ་ན་ཡིན་