མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིབས་བསྒྱུར་སྐོར་གྱི་རྩ་བ་དང་ཡལ་གའི་ཐོག་གླེང་བ། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་།

གུས་པའི་ཟིན་བྲིས་༼༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་སྒྱུར་སྐབས་ཀྱི་མྱོང་ཚོར།༽ ཞེས་པ་དེ་དུས་བབ་ཀྱི་ཟིན་བྲིས་སྟེང་བཀོད་པའི་ཐོག་དགོངས་ཚུལ་གསུང་མཁན་འགའ་ཞིག་འདུག་པས་ཁོང་ཚོར་ཐུགས་སྣང་གནང་བར་དགའ་བསུ་ཞུ་བ་དང་། ཁོང་ཚོས་དོགས་འདྲི་གནང་བ་དེ་ཚོར་ལན་གང་ཐུབ་ཕུལ་ཐུབ་ཐབས་ཞུ་རྒྱུ་ཡིན། དེ་བྱེད་དགོས་དོན་ནི་གུས་པའི་རེ་བར་ང་ཚོའི་སྤྱི་ཚོགས་ནང་དོན་གནད་དེ་འདྲའི་ཐོག་བགྲོ་གླེང་གཏིང་ཟབ་པ་ཡོང་ཆེད་ཡིན།
ཐོག་མར་གུས་པས་བྲིས་པ་དེ་ནི་ཟིན་བྲིས་མ་གཏོགས་གསར་འགྱུར་ མིན་ལ་སྤྱིར་བཏང་གི་རྩོམ་བྲིས་ཡང་མིན། གསར་འགྱུར་ལྟ་བུར་དོ་བདག་སོ་སོའི་སྐོར་བྲིས་མི་རུང་། འོན་ཀྱང་ཟིན་བྲིས་ཞིག་གི་དམངས་གཞིའི་ཁྱད་ཆོས་ནི་དོ་བདག་རང་གི་མྱོང་ཚོར་བཀོད་རྒྱུ་དེ་རེད་། གུས་པས་བརྗོད་དགོས་མེད་རུང་ཟིན་བྲིས་ནི་གནའ་སྲོལ་ཉིན་དེབ་ཡོད་པ་དེ་དེང་དུས་ཐབས་ལམ་ཐོག་བཀོད་པ་ལྟ་བུ་རེད། རྒྱབ་ལྗོངས་དེ་འདྲའི་འོག་འབྲེལ་ཡོད་ཟིན་བྲིས་དེ་ནང་གུས་པའི་ལས་འགན་ངོ་ སྤྲོད་ཞུས་པ་དེ་ནི་དོན་གནད་འདི་དང་འབྲེལ་བ་པཟོ་ཐབས་ཞིག་ལས་སྤྲེལ་ལད་ལྟ་བུ་གཞན་གང་ཡང་མིན། དེ་འདྲ་བྱེད་དགོས་དོན་ཡང་མེད། གལ་ཏེ་གོ་བ་དེ་འདྲ་ཡོང་གི་འདུག་ན་དེ་ནི་གུས་པའི་བརྗོད་བྱ་བཀོད་སྟངས་མ་འགྲིག་པ་ལ་རྩིས་གནང་རོགས།
དེ་ནས་ཨ་རི་གཞུང་གི་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་རེད་ཟེར་བ་དེ་ནི་ཕོ་བྲང་དཀར་པོའི་གསལ་བསྒྲཌ་ནང་༧གོང་ས་མཆོག་གི་དབུ་མའི་ལམ་ལ་ཁ་གསལ་ཐོག་བསྔགས་བརྗོད་གནང་བ་དེ་ལ་གོ་དགོས། དེ་ནི་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་ནས་ཐབས་ཤེས་སྣ་ཚོཌ་རྒྱུད་༧གོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་ལ་དམའ་འབེབས་དང་མཐོང་ཆུང་བཟོ་ཐབས་བྱེད་བཞིན་ཡོད་པར་དེ་རྒྱལ་སྤྱིའི་ནང་ལམ་ལྷོང་ཡོང་རྒྱུ་མིན་པའི་སྔོན་བརྡ་རེད་བསམ། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ནས་དེ་འདྲ་བའི་དབུ་མའི་ལམ་ཐོག་ཡོངས་བསྒྲགས་འགྲེལ་བརྗོད་གནང་བ་གུས་པར་བཤད་རྒྱུ་མེད།
ཡང་༧གོང་ས་མཆོག་བྱང་ཨ་རི་ལ་ཕེབས་སྐབས་ཆིབས་བསྒྱུར་གྱི་གོ་སྒྲིག་གནང་རྒྱུའི་འགན་གཙོ་བོ་དེ་ནི་ནིའུ་ཡོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་རེད། དེ་འོག་ས་གནས་སོ་སོར་མཛད་འཆར་ཡོད་པ་དེར་གོ་སྒྲིག་གི་རམ་འདེགས་ཞུ་རྒྱུ་དེ་འབྲེལ་ཡོད་གདན་ཞུ་འབུལ་མཁན་ནམ་འགན་ཡོད་པའི་སྒྲིག་འཛུགས་ལ་ཡོད། དཔེར་ན་གསུང་ཆོས་ལྟ་བུའི་མཛད་འཆར་ཡིན་ན་གདན་ཞུ་འབུལ་མཁན་ཆོས་ཚོཌ་དེས་རམ་ འདེགས་ཞུ་དགོས་ཀྱི་ཡོད་རེད། ད་རེས་ཆིབས་བསྒྱུར་འདིར་མཚོན་ན་ཁེ་ལི་ཕོར་ནི་ཡ་དང་ཕོ་ལི་རི་ཌའི་མཛད་འཆར་ཐོག་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཞུ་མཁན་ནས་གོ་སྒྲིག་དང་རམ་འདེགས་ཞུས་ ཡོད་པ་གསར་འགྱུར་བརྒྱུད་ལམ་ཐོག་གཟིཌ་གསལ་ལྟར་རེད། ཝ་ཤིང་ཊོན་ལ་ཆ་བཞག་ན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་འདིར་ཡོད་པ་དང་། ༧གོང་ས་མཆོག་དང་བོད་གཞུང་ནས་ཨ་རི་གཞུང་མཉམ་འབྲེལ་བ་ཞུ་ཡག་དེའི་ཐུགས་འགན་ཁོང་ལ་ཡོད་པ་དེ་ནི་བོད་གཞུང་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་གསལ་པོ་བཟོས་གནང་ཡོད་རེད་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འགན་ནི་ཕྱག་ལས་དེར་མཐུན་འགྱུར་ཞུ་རྒྱུ་དེ་རེད། འབྲེལ་བ་དེ་འདྲའི་འོག་༧གོང་ས་མཆོག་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་སྐབས་ང་ཚོས་དེ་འདྲ་བའི་ལས་འགན་འཁྱེར་བཞིན་ཡོད་པ་རེད། དེ་ཙམ་མ་ཟད་ས་གནས་གཞན་དུ་ཆིབས་བསྒྱུར་གནང་སྐབས་ཀྱང་དགོས་གལ་སྐབས་ང་ཚོས་ཕྱག་རོགས་ཞུ་སྲོལ་ཡོད་པ་རེད།
དེ་ནས་དྲི་བ་འགའ་ཞིག་༧གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་ མཇལ་ཕྲད་གནང་གྲུབ་རྗེས་ཕོ་བྲང་དཀར་པོའི་ར་བའི་ནང་གསར་འགོད་པར་བཀའ་མོལ་གནང་བར་ཕེབས་སྐབས་ཕེབས་ལམ་དེའི་སྐོར་རེད། དེར་དོན་ཚན་གཉིས་ཡོད་རེད། གཅིག་ནི་གད་སྙིགས་ཡོད་པ་དེ་རེད། སྐུ་པར་དེ་འདྲ་རང་གཞན་སུལའང་མཐོང་བདེ་པོ་མེད་རུང་ང་ཚོས་སྲིད་འཛིན་དང་ཨ་རི་གཞུང་ནས་༧གོང་ས་མཆོག་ལ་མཐོང་ཆུང་ཞུས་པར་རྩིས་རྒྱུ་མེད། ངའི་བསམ་པར་ཕོ་བྲང་དཀར་པོའི་ནང་གི་མཇལ་ཁ་གོ་སྒྲིག་ཞུ་མཁན་ལས་ཁུངས་དང་གད་སྙིགས་དོ་དམ་གནང་མཁན་ལས་ཁུངས་དབར་གྲོས་སྒྲིག་ཡག་པོ་ཞིག་མ་བྱུང་བའི་རྐྱེན་ རེད་བསམ།
དོན་ཚན་གཉིས་པ་དེ་ནི་ཕྱིར་ཕེབས་གནང་སའི་ཕེབས་སྒོ་དེ་རྒྱབ་སྒོ་ལྟ་བུ་ཞིག་ཡིན་པའི་སྣང་ཚུལ་སྐོར་རེད་། དེ་ནི་ཕྱི་རྒྱལ་གསར་འགོད་པས་རང་སྣང་གིས་བྲིས་པ་ཞིག་རེད། ཕོ་བྲང་དཀར་པོར་ཕེབས་མྱོང་མཁན་དང་ཡང་ན་དེའི་ཆགས་སྟངས་དྲ་ ཚིགས་ཐོག་ཡོང་བསྒྲགས་འདིར་གཟིགས་རྒྱུ་ཡོད་པ་ཐོག་ནས་གཟིགས་གསལ་ལྟར་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཀ་ནས་དེའི་ནང་ཕེབས་རྒྱུའི་སྒོ་མང་པོ་ཡོད་རེད། དེ་འདྲ་སོང་རྒྱབ་སྒོ་དང་མདུན་སྒོ་ཟེར་བ་དེ་འདྲ་མེད་པ་རེད། ད་རེས་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་ཡར་ཕེབས་སྐབས་ལྷོ་ཕྱོགས་གཟིམ་སྒོ་ཞིག་ནས་ཕེབས་པ་དང་། ཕྱིར་ཕེབས་སྐབས་བྱང་སྒོ་ཞིག་ནས་ཕེབས་པ་རེད་། དེའི་རྒྱུ་མཚན་ནི་གསར་འགོད་པ་ནམ་རྒྱུན་ནས་བྱང་ཕྱོགས་སྒོ་ཞིག་གི་མདུན་འདུ་འཛོམས་གནང་སྲོལ་ཡོད་པ་རེད་།
ལར་ནས་ང་ཚོ་བོད་མི་ཚོས་རང་རེའི་ཆབ་སྲིད་དོན་གནད་ཐོག་གཏིང་ཟབ་པའི་ཐོག་ནས་གཟིགས་ཐུབ་རྒྱུ་དེ་ནི་ང་ཚོའི་ཕུགས་རིང་གི་ཁེ་ཕེན་ཙམ་མིན་པར་སྐབས་བབས་ཀྱི་ལས་འགན་ཡང་ཡིན། དེ་ཐོག་ང་ཚོས་རྩ་བ་དང་ཡལ་གའི་དབར་ཁྱད་པར་གཟིགས་ཐུབ་པ་དང་གལ་ཆེ་ཆུང་རྩིས་ཐུབ་པ་གནང་དགོས་འདུག དཔེར་ན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་གཉིས་ཀྱི་མཇལ་ཕྲད་ཐོག་ཕེབས་སྒོ་དང་སྐུ་པར་དེ་ནི་ཡལ་ག་དང་མཇལ་ཕྲད་རྗེས་༧གོང་ས་མཆོག་ནས་གསར་འགོད་པར་བཀའ་གནང་བ་དེ་དང་ཕོ་བྲང་དཀར་པོའི་གཞུང་འབྲེལ་གསལ་བསྒྲགས་གནང་བ་གཉིས་ནི་རྩ་བ་ལྟ་བུ་རེད། དེ་དང་འབྲེལ་བའི་གནས་ཚུལ་ནི་བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་མ་འོངས་པ་དང་ འབྲེལ་བ་ཡོད་པས་བོད་མི་ཚང་མས་གནད་འགག་མཁྱེན་ཐུབ་ཐབས་གནང་དགོས། བདག་གི་ཟིན་བྲིས་དེ་ཡང་དོན་གནད་དེ་ཐོག་ཐུགས་སྣང་ཡོང་བ་བཟོ་རྒྱུའི་དམིགས་ཡུལ་ཟིན་ནས་བྲིས་པ་ཞིག་ཡིན། ང་ཚོས་བགྲོ་གླེང་དང་བཀའ་བསྡུར་དེ་འདྲའི་ཐོག་གནང་ན་སྤྱི་དོན་ལ་ཐུགས་ཕན་གསོས་པ་ཡོད་སྙམ། དེ་ནི་ང་རའི་རེ་སྨོན་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༣ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

མཆན། 18

  1. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    གནས་ལུགས་འདུག དོན་དག་ངོ་མས་ཀྱང་དེ་འདྲ་ཞིག་རེད་མོད། ཨ་རིའི་གཞུང་དང་ཨོ་བྷ་མས་གཙོ་བོ་༸གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་དང་དེ་ནས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་སྐད་ཆ་བཤད་རྒྱུ་ལས་༸གོང་ས་མཆོག་སྒོ་གང་ནས་ཕེབས་མིན་དང་ཕེབས་ལམ་ན་ཅི་ཞིག་ཡོད་མེད་དེ་གཙོར་བཟུང་བྱས་ཡོད་ཀྱི་མ་རེད་སྙམ།

    Reply
  2. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ཨོ་བྷ་མས་ཕེབས་བསྐྱེལ་བྱེད་སྟངས་སོགས་ལ་ང་ཚོའི་མི་སུས་ཀྱང་བཀོད་སྒྲིག་བྱེད་ཐབས་ཡོད་པ་མ་རེད། འོན་ཀྱང་བུ་ཆུང་དང་རྒྱ་རི་སོགས་ཀྱིས་རྗུན་བཤད་ནས་ང་ཚོས་མིག་གིས་མཐོང་བ་དེ་དངོས་ཡོད་མ་ཡིན་པ་དང་། ང་ཚོས་མིག་མ་མཐོང་བ་དང་རྣ་བས་མ་གོ་དེ་དངོས་ཡོད་ཡིན་མདོག་དང་། ང་ཚོས་མིག་གིས་མཐོང་བ་དང་རྣ་བས་གོ་བ་ལས་ལྷག་གི་གནས་ཚུལ་ཞིག་་ཡོད་མདོག་བྱས་ནས་དངོས་ཡོད་གནས་ཚུལ་གྱི་མདོག་གཞན་དུ་བསྒྱུར་ཐབས་བྱས་པ་ནོར་འཁྲུལ་རེད། བོད་རྒྱའི་གྲོས་མོལ་ལའང་རྒྱ་རིས་དངོས་ཡོད་གནས་ཚུལ་གསང་ནས་གྲོས་མོལ་དེར་དོན་སྙིང་མེད་ནའང་ཡོད་མདོག་མདོག་བྱས་ནས་རྒྱུན་རིང་པོ་བསྡད་སོང་། ད་དུང་བོད་གཞུང་ལ་བཟོ་ལྟ་བཟོས་ནས་རྒྱ་མའི་བཏོན་པའི་ཆ་རྐྱེན་ལ་སྙོབས་ཐབས་བྱས་པ་རེད།

    Reply
  3. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    བ་ལོའི་བཤད་པ་ལྟར་གསར་འགོད་པར་ནོར་འཁྲུལ་དང་ཁ་གཡོག་བྱེད་དྲགས་ན་བོད་དོན་ལ་གྱོང་རག་གི་རེད། ནོར་འཁྲུལ་དེ་གསར་འགོད་པ་དང་འབྲེལ་བ་སྤུ་ཙམ་ཡོད་མ་རེད། གད་སྙིགས་འགྱིག་ཁུག་དེ་ཚོའང་པར་ཆས་ཚོས་པར་པར་བླངས་པ་ལས་གསར་འགོད་པས་རྫུན་བཤད་པ་མ་རེད། གསར་པ་ཚོ་བུ་ཆུང་ལས་ཕོ་བྲང་དཀར་པོ་དང་དེའི་བྱེད་སྒོ་ཁག་ལ་རྒྱུས་མངའ་ཆེ་བ་ཡོད་ཤག་རེད། གསར་འགོད་པ་ཚོས་ཉིན་མ་རྟག་པ་ཕོ་བྲང་དཀར་པོའི་ཕྱི་ནང་གི་གནས་ཚུལ་ལ་དོ་སྣང་བྱས་ཡོད་པ་རེད། ཐེངས་དང་པོ་རྩ་བ་ནས་ཡིན་མིན་སྲིད། དེའི་ཕྱིར་གསར་འགོད་པ་ཕོ་བྲང་དཀར་པོར་རྒྱུས་མེད་ཚུལ་བཤད་པ་རྫུན་རེད་འདོད།
    ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གནས་ཚུལ་ལ་འདོད་ཚུལ་གཞན་པ་ཡོད། བློ་བསང་བརྙན་གྲགས་ལ་འཇོན་ཐང་མེད་པར་སྐྱོ་དྲགས་པ་ལས། མིང་དང་འགན་ཁོ་ཆེན་པོ་ཡོད་པས་སུས་ཀྱང་ཁོང་ལ་མཐོང་ཆུང་བྱེད་མི་སྲིད། དོན་གཅོད་བཀྲ་ཤིས་དབང་འདུས་ཡོད་དུས་དོན་གཅོད་ཁང་ལ་ཆེ་མཐོང་དང་ནུས་པ་ཆེན་པོ་ཡོད་པ་རེད། གནད་དོན་འདི་ནི་མིའི་འཇོན་ཐང་དང་དབང་ཐང་གི་ཁྱད་པར་རེད།

    Reply
  4. རྭ་ལོ། says:
    ལོ་ 15 སྔོན།

    སང་ཉིན་གནངས་ཉིན་གྲོས་ཚོགས་འཚོགས་སྐབས་འདིའི་ཐད་བགྲོ་གླེང་ཡོང་ཁོ་ཐག་ཡིན། དེ་དུས་འདི་ལས་ལྷག་པའི་གསལ་བཤད་ཅིག་མེད་ཚེ་དཀའ་ལས་ཁག་ས་རེད།

    རྒྱ་རི་རིན་པོ་ཆེ་དང་བུ་ཆུང་ཚེ་རིང་གཉིས་ཀས་དྲ་ངོས་དང་བརྙན་འཕྲིན་ནང་དུ་གསལ་བཤད་གང་ཐུབ་ཐུབ་རེ་གནང་གི་འདུག་ཀྱང་། འདི་ནི་གཙོ་བོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མ་བྱུང་བ་ཡིན་སྟབས། གསལ་བཤད་བྱེད་དགོས་པ་ཞིག་རེད།

    ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གཤེ་མགོ་བཙུགས་པ་འདི་ཡག་རྟགས་ཤིག་མ་རེད། བོད་པ་ཚོ་ས་གྲགས་གནམ་གྲགས་ལ་འགྲོ་བཞིན་པ་ནི་ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའི་དྲིན་རེད།

    རྒྱ་ནག་གིས་རྒྱ་སྒོར་ཐེར་འབུམ་འགའ་རེ་བཏང་སྟེ་གསར་འགྱུར་ལས་རིགས་ཇེ་མང་དུ་བཏང་སྟེ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཁ་གཏད་གཅོག་བཞིན་པ་ཡང་གཙོ་བོ་བོད་དོན་གྱི་ཕྱོགས་ནས་རེད།

    དེང་སྐབས་བོད་པ་ཚོའི་བཅོས་སྟངས་ལས་སྟངས་ལ་ཡི་ཆད་བཞིན་པའི་ཕྱི་རྒྱལ་བ་ཡང་ཇེ་མང་རེད། ན་ནིང་ལྡི་ལི་ནས་ཚོགས་ཆེན་ཞིག་གི་སྟེང་བོད་དོན་ཉམས་ཞིབ་པ་སྦིར་ལིང་གི་སྐད་ཤོར་བ་ཡང་གོ་ཡོད་རྒྱུ་རེད། དེ་དུས་སྐུ་མདུན་ཡང་ཚོགས་མགོན་དུ་བཞུགས་ཡོད་པཱ།

    ད་ཐེངས་སྐད་ཤོར་མཁན་གྱི་གྲས་སུ་གསར་འགོད་པ་ཙམ་མིན་པ་ཡང་ཤེས་དགོས་ངེས་རེད། དཔེར་ན། ལོ་རྒྱུས་སྨྲ་མཁན་ Historian A. Tom Grunfeld གྱིས་འདིའི་ཐད་ག་རེ་བཤད་འདུག

    ད་དུང་དྲན་དགོས་པ་ཞིག་ལ། སྔོན་ཆད་བཙན་བྱོལ་སྤྱི་ཚོགས་ཚུགས་མ་ཐག་པའི་སྐབས་དེར་ལྡི་ལི་ནས་གསར་ཁང་རེ་རེའི་སྒོ་རྡུང་ནས་བོད་དོན་བསྒྲགས་པར་ཕྱིན་པ་མ་བརྗེད་རོགས། དཀའ་ལས་ག་ཚོད་ཅིག་བསྐྱོན་གནང་ཡོད།

    ད་སྐབས་གསར་འགོད་པ་དག་གི་རྒྱབ་སྐྱོར་བརྟན་པོ་ཡོད་པའི་སྐབས་འདིར་ཕར་གཤེ་ཞིང་། ཁོང་ཚོས་མ་འགྲིག་མ་འཐུས་པ་རྐྱང་བཤད་བསྡད་ན། རྗེས་མ་ཞིག་ལ་སླར་ཡང་གསར་ཁང་སོ་སོའི་སྒོ་རྡུང་གི་འགྲོ་དགོས་དུས་དཀའ་ལས་ཁག་པོར་འགྱུར་རྒྱུ་ཐག་ཆོད་རེད།

    འདི་དག་གི་ཕྱོགས་ལ་ཡང་བསམ་བློ་གཏོང་རོགས་ཞུ་རྒྱུ་ཡིན།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གསལ་བཤད་ཁ་གསལ་ཡག་པོ་ཞིག་གནང་འདུག བཀའ་དྲིན་ཆེ་ཞུའོ།།

    Reply
  6. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    སྐབས་ཐོག་གསལ་བཤད་གནང་བར་ཐུགས་རྗེ་ཆེ། དྲི་བ་འགོད་མཁན་ཚོ་དགྲ་རུ་མ་བསམས་པར་གཉེན་དུའང་མ་འཛིན་རོགས། ང་ཚོས་གོ་སྐབས་ནམ་བྱུང་བ་དང་ཆབ་སྲིད་པ་དང་ཤེས་ཡོན་པ་ཚོར་དྲི་བ་ཡང་ཡང་གཏོང་འདོད་པ་ཁོ་ན་ཡིན། ང་ཚོའི་ལས་འགན་ནི་ཤེས་ཡོན་པ་ཚོ་ལྷོད་ལྷོད་དུ་བསྡད་འདོད་པའི་གོ་སྐབས་འཕྲོག་རྒྱུ་དེ་ཡིན།

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རང་གིས་རང་ལ་སེམས་གསོ་གཏོང་བ་དང་རང་གིས་རང་ལ་རྒྱལ་ཁ་སྤྲོད་པ་འདི་ལས་བྱེད་རྙིང་གྲས་ཁག་གི་ནད་རྙིང་རེད། བུ་ཆུང་ཅན་ཡང་ནད་རྙིང་འདིས་ཟིན་འདུག

    Reply
  8. གསང་གཏོར། says:
    ལོ་ 15 སྔོན།

    རིགས་ཀྱི་བུ་ཁྱོད་ཀྱི་བསམ་ཚུལ་རྒྱབ་སྐྱོར་༡༠༠་ཡོད།་ངོ་མ་རེད།་ཨ་རི་སྐུ་ཚབ་དོན་གཅོད་ཡོད་བཞིན་དུ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ཟེར་བ་འདིས་བར་དུ་འཛུལ་ནས་མི་ལས་དགུ་ལས་བྱེད་ཀྱི་ཡོད།་བཙན་བྱོལ་བོད་མི་ཁེ་ཕན་དེ་ལས་འགུལ་ཁང་དེའི་ནང་ཡོད་པའི་ཕྱི་རྒྱལ་འགོ་སེར་བ་འགའ་ཤས་ཀྱི་ཁེ་ཕན་ལེན་གྱི་ཡོད།་གང་ཡིན་ཟེར་ཨ་རི་གཞུང་གི་ལོ་ལྟར་བོད་མིར་རོགས་རམ་ཀྱི་ལས་གཞི་གང་མང་ཡོད་པ་དེ་དག་མང་ཆེ་བ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཐོབ་ཀྱི་ཡོད་ལ།་ལས་འགུལ་ཁང་དེའི་ལོ་གཅིག་འགྲོ་གྲོན་ལ་ཨ་སྒོར་ས་གསུམ་ནས་བཞི་བར་ཡིན་ཞིང།་ང་ཚོའི་བོད་པའི་སྤྱི་ཚོགས་ཕན་པའི་ད་བར་ལས་ཀ་ག་རི་བྱས་ཡོད།་བཙན་བྱོལ་སྤྱི་ཚོགས་ནང་རོགས་རམ་ཕྲན་བུ་བྱེད་ཀྱི་ཡོད་པ་དེ་རོ་བལ་ཐེབས་རྩ་ཁང་ཟེར་དེ་རེད།་དེ་ནི་ལོ་ལྟར་བཙན་བྱོལ་སྤྱི་ཚོགས་སྐྱིད་པོ་གཏོང་མཁན་མི་སྒེར་དང་ཚོགས་པ་འགའ་ཤས་ར་རག་གི་ཡོད་མ་གཏོགས་ལས་དོན་དངོས་སུ་བྱེད་མཁན་ལ་ད་བར་རག་མྱོང་མེད་པ་ཚང་མས་མཁྱེན་གསལ་རེད།་ལས་འགུལ་ཁང་དེའི་ནང་ལས་ཀ་འགན་ཁུར་བོད་མི་རེ་བཟུང་ཡོད་པའི་ནང་ནས་གཙོ་ཆེ་རྒྱལ་རི་དང་དེ་ནས་བུ་ཆུང་གཉིས་རེད།་དོན་དངོས་ཐོག་ཁོ་གཉིས་བཙན་བྱོལ་གཞུང་གི་གཞུང་ཞབས་ཟུར་པ་ཡིན་མ་ཟད།་ད་འྟའི་ཆར་དམིགས་གསལ་སྐུ་ཚབ་འགན་ཡོད་པའི་སྐད་ཆ་རེད།་ཡིན་ན་བོད་གཞུང་བརྩི་སྐུར་བྱེད་ཀྱི་མེད་པ་ཡོངས་གྲགས་རེད།་དཔེར་ན་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཀ་མང་ཆེ་བ་ཁོང་གཉིས་ཧམ་འཕྲོག་བྱེད་ཀྱི་ཡོད།་བོད་མི་ཚོར་འདི་ཚོར་སྐོར་ངེས་པར་དུ་མཁྱེན་དགོས་པའི་གནད་འགག་ཞིག་རེད་བསམ་གྱི་འདུག་་

    Reply
  9. ནགས་མེ། says:
    ལོ་ 15 སྔོན།

    བུ་ཆུང་ལགས། ཁྱོད་ཚོས་རང་མི་རིགས་ཆེད་འགན་རྐང་ལེན་བཞིན་པ་གུས་བརྩི་ཡོད། ངའི་མཐོང་སྣང་ལ་བོད་པའི་འགན་འཁུར་བ་མང་པོ་ཞིག་གིས་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་གང་མང་ཞིག༼ ཁ་གཡང་དང་ཁ་སྐྱིད ༽ ཤོད་པའི་གོམས་གཤིས་ཤིག་ཡོད་པ་དེ་དོར་དགོས་པ་མཐོང་གི་ཡོད། དོན་གནད་གང་ཡིན་རུང་རྒྱལ་སྤྱིའི་བཤད་སྟངས་ལྟར་དངོས་ཡོད་གནས་སྟངས་གང་ཡིན་པ་དེ་བཤད་རྒྱུ་གལ་ཆེན་རེད་སྙམ་ཡོད།

    Reply
  10. རྐང་རྗེན་པ། says:
    ལོ་ 15 སྔོན།

    བཀའ་མོལ་ལ་གནས་ལུགས་འདུག ཐུགས་རྗེ་ཆེ། དེ་དང་ཆབས་ཅིག་དོགས་འདྲི་ཞུ་རྒྱུ་གཅིག་ལ། ད་རེས་སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་གསུངས་པ་དེ་ཨ་རིའི་གཞུང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་གསུངས་པ་དང་པོ་ཡིན་པའི་བཟོ་འདྲ་ཞིག་ཁྱེད་རྣམ་པས་གསུང་གི་འདུག རྒྱ་རི་རིན་པོ་ཆེས་ཀྱང་དེ་འདྲ་ཞིག་བརྙན་འཕྲིན་ནང་གསུངས་པ་འདྲ་པོ་བྱས་སོང་། དེ་འདྲ་རེད་དམ། དབུ་མའི་ལམ་གྱི་ཐོག་ཨ་རིའི་རྒྱབ་སྐྱོར་ནི་སྔ་མོ་ནས་ཡོད་ཡོད་པ་མ་རེད་དམ། ང་ཚོར་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཚང་མས་བོད་རང་བཙན་མ་གཏོགས་དབུ་མའི་ལམ་ལ་རྒྱབ་སྐྱོར་སྔོན་མ་ནས་གནང་བསྡད་ཀྱི་ཡོད་པ་མ་རེད་དམ། དེ་ག་འདྲ་རེད། གསལ་པོ་ཞིག་གསུང་རོགས་གནང།

    Reply
  11. རིགས་ཀྱི་བུ། says:
    ལོ་ 15 སྔོན།

    ད་གནས་སྐབས་རིང་འདི་ཙམ་ཞུ་རྒྱུ་ཡིན།་་་་ཟིན་བྲིས་པ་གཞན་ཚོ་ལྟར་ཟིན་བྲིས་འབྲི་བར་སྔོན་འགྲོའི་གྲ་སྒྲིག་སོགས་གང་ཡང་མེད་པར།་་་་་ཐད་ཀར་དུས་ཚོད་དང་བསྟུན་ནས་ཤར་མར་བྲིས་པ་ཡིན་པས་ཡིག་ནོར་ལ་དགོངས་དག་ཞུ།
    བདེ་མོ་བྱོས།

    Reply
  12. རིགས་ཀྱི་བུ། says:
    ལོ་ 15 སྔོན།

    དགྲ་ཕྱོགས་ནས་རེ་བ་དང་ཚོད་དཔགས་བྱས་པ་ལྟར་ང་ཚོའི་བོད་གཞུང་འདི།་་་་མ་འོངས་པར་ངོ་ཚོས་མྱོས་པའི་བུ་མོ་གསར་པ་ཞིག་དང་འདྲ་བར་སུའི་ལག་པ་རིང་མིན་དང་ཤུགས་ཡོད་ན་ལས་ལྷ་བོར་བཀྱགས་ནས་ཁྱེར་ཆོག་ཆོག་རེད།་་་་
    ་མ་རེད་དམ།
    མདོར་ན་ཨ་རིའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་བོད་གཞུང་གི་ལས་དོན་ཐོག་ལག་པ་ཐུང་ཐུང་ཞིག་དང་།་་་་རང་འོས་ལས་འགན་ལ་དབུ་འཕངས་མཐོ་ཞིག་མགྱོགས་རོགས་གནང་།

    Reply
  13. རིགས་ཀྱི་བུ། says:
    ལོ་ 15 སྔོན།

    ཧ་ཧ་འདྲ་འདྲ་ཞིག་བཤད་འདུག

    Reply
  14. རིགས་ཀྱི་བུ། says:
    ལོ་ 15 སྔོན།

    འདི་ང་ཚོས་ཁ་དང་ཁ་སྤུ་སོ་སོར་མ་ཕྱེས་ན་མི་འགྲིག་པ་ཞིག་རེད།་་་་་་རྒྱུ་མཚན་ནི་དོ་གལ་ཆེན་པོས་བོད་གཞུང་དོན་གཅོད་ཁང་ཁག་རྒྱལ་ཁབ་གང་མང་ཞིག་ལ་བཙུགས་ཡོད་པས།་་་་་་་ཁོ་ཚོར་ཡུལ་དུས་དཔགས་པའི་ལས་དོན་མི་ཉུང་བ་ཞིག་ཡོད་པ་ལས་།་་་་་གོང་ས་མཆོག་ལ་ཕེབས་སྐྱེལ་དང་བདེ་འཇགས་ཀྱིས་མཚོན་ཆོས་སྲིད་ཀྱི་ལས་དོན་རིགས་མཐའ་གཅིག་ཏུ་དོན་གཅོད་ཀྱིས་ཐག་གཅོད་དགོས་པར་རྒྱུ་མཚན་མང་བོ་ཡོད་རེད།
    འོན་ཀྱང་ཨ་རི་ལྟ་བུར་མཚོན་ན་ནམ་རྒྱུ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སེར་བ་ལྟ་བུས།་་་་་་་་བོད་གཞུང་དོན་གཅོད་ཁང་ལ་བརྩི་མེད་དང་ཕྱིར་འདེད་བྱས་དང་བྱེད་བཞིན་པ་རེད།་་་་་་ལར་ནས་ངྷ་སར་ཡོད་པའི་བཀའ་ཤག་གིས་རྩ་འཁྲིམས་གསེར་བྲིས་མ་ཡིན་ཟེར་བ་ཙམ་ལས།་་་་་་དངོས་དོན་ལག་ལེན་གྱི་ཐོག་ནས་ཨ་རིའི་དོན་གཅོད་ཀྱི་ལས་འགན་དང་སྐུ་དབང་ཡང་བགོད་སྒྲིག་ཞུ་ཐུབ་ཀྱི་མེད་པའམ།་་་་་་ཞུ་འདོད་མེད་པ་ང་ཚོས་སྔ་ས་ནས་མཐོང་སོང་།་་་་་་་འདི་ལྟར་བྱས་ནས་བོད་གཞུང་གི་སྲོག་དབུགས་དངུབས་བཞིན་པ་དང་གོང་༸ས་མཆོག་གི་སྐུ་འཚོ་བཞུགས་ཡིན་མིན་ལ་མ་ལྟོས་པར།་་་་་་་

    Reply
  15. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    གནས་ལུགས་ལྡན་པ་ཞིག་བཤད་འདུག ཐུགས་རྗེ་ཆེ།

    Reply
  16. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། བུ་ཆུང་ཚེ་རིང་ལགས། རྒྱུན་དུ་ང་རང་ཁྱེད་ཀྱི་ཟིན་བྲིས་ལྟ་མཁན་ཞིག་ཡིན། ཁྱེད་ཀྱི་དགོངས་ཚུལ་ཡག་པོ་འདུག

    Reply
  17. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྐུ་ཉིད་ཀྱི་ཟིན་བྲིས་ཁག་ནམ་རྒྱུན་ཀློག་གི་ཡོད།

    Reply
  18. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྐུ་ཉིད་ཀྱིས་ཟིན་བྲིས་ཁག་ནམ་རྒྱུན་ཀློག་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese