མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་གནས་ཚུལ་རྟོག་ཞིབ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་སྒྲུབ་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢ ཉིན་ཨ་རི་དང་ཉི་ཧོང་། ཨབ་གྷ་ནི་སི་ཐན། ཧོང་ཀུང་། ཨའོ་མིན། དེ་བཞིན་རྒྱ་ནག་ནང་ལོགས་བཅས་ཀྱི་གསར་འགོད་པ་ ༡༥ ཙམ་བོད་ཀྱི་རྒྱལ་ས་ལྷ་སར་གནས་ཚུལ་རྟོག་ཞིབ་ཆེད་འཁྲིད་ཡོད་འདུག ཁོང་ཅག་ཐེངས་འདིར་ལྷ་ས་དང་ཉིང་ཁྲི་བཅས་སུ་བསྐྱོད་དེ་དགོན་པ་དང་མང་ཚོགས་ཀྱི་སྡོད་ཁང་། སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་ཐད་རྟོག་ཞིབ་བཅར་འདྲི་བརྒྱུད་དེ། ཉེ་ལམ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༥ ཚོགས་པའི་གྲོས་དོན་ཁག་ལག་བསྟར་བྱེད་ཀྱིན་ཡོད་མེད་རྒྱུས་ལོན་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་གནས་ཚུལ་ཐོན་འདུག 

དེ་རིང་ཞོགས་པར་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་གོང་གི་གནས་ཚུལ་དེའི་སྐོར་བཀོད་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བོད་སྐྱོད་མཉམ་འབྲེལ་བཅར་འདྲི་ཚོགས་པས་སྤྱི་ཚེས་ ༢ ཉིན་ནས་ལྷ་སར་བཅར་འདྲིའི་ལས་དོན་སྤེལ་མགོ་བརྩམས་ཤིང་། ཁོང་ཚོས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་ལམ་ནས་བོད་ལྗོངས་ཀྱི་འཕེལ་འགྱུར་ཉམས་སུ་མྱོང་རྒྱུ་རེད། ད་ཐེངས་ཀྱི་བོད་སྐྱོད་བཅར་འདྲི་ཚོགས་པའི་ནང་ལྗར་པན་རྒྱང་བསྒྲགས་མཐུན་ཚོགས། ཨ་རིའི་མཉམ་འབྲེལ་རྒྱལ་ཁམས་ཀུན་གསལ་བརྙན་འཕྲིན། ཕ་ཁི་སི་ཐན་མཉམ་འབྲེལ་འཕྲིན་གཏོང་ཁང་། ཞང་ཀང་ཡ་གླིང་བརྙན་འཕྲིན་ཁང་། ཨའོ་མོན་ཉིན་རེའི་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་གསར་འགོད་པ་ ༡༥ ཙམ་ཡོད། བཅར་འདྲི་ཚོགས་པའི་གསར་འགོད་པས་ལྷ་ས་དང་ཉིང་ཁྲི་ས་ཁུལ་དུ་མང་ཚོགས་ཀྱི་སྡོད་ཁང་དང་། དགོན་པ། སྐྱེ་ཁམས་འདམ་ར་བཅས་ཀྱི་ཐད་ལ་བཅར་འདྲི་བྱ་རྒྱུ་ཡིན་པ་མ་ཟད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་རྗེས་སུ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། དམངས་འཚོའི་ལེགས་བཅོས་ཐད་འགྱུར་ལྡོག་གང་འདྲ་བྱུང་མིན་སྐོར་ལ་ཤེས་རྟོགས་བྱ་རྒྱུ་ཡིན་པ་རེད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 9

  1. གངས་དགའ says:
    ལོ་ 17 སྔོན།

    ཡང་རྒྱ་ནག་གཞུང་གི་སྐྱག་རྫུན་བཤད་གི་འདུག་ག

    Reply
  2. karma dorje says:
    ལོ་ 17 སྔོན།

    བོད་ཀྱི་རྒྱལ་ས་ལྷ་སར་གནས་ཚུལ་རྟོག་ཞིབ་ཆེད་དུ་འཁྲིད་པ་དང་། རང་དབང་གིས་འགྲོ་ཆོག་པ་གཉིས་ལ་ཁྱད་པར་ཅུང་ཟད་ཡོང་ངེས།

    Reply
  3. གླིང་ཚང་བྱ་གླག says:
    ལོ་ 17 སྔོན།

    ཁོང་རྣམས་དངོས་ཡོད་ཀྱི་གནས་ཚུལ་རྒྱུས་ལོན་མི་ཐུབ་པ་མ་ཚད་ཁོང་རྣམས་ལ་མགོ་བསྐོར་ཐེབ་སྲིད་པ་ཞིག་རེད།

    Reply
  4. གླིང་ཚང་བྱ་གླག says:
    ལོ་ 17 སྔོན།

    ཕྱི་ཡི་རྒྱལ་ཁབ་ཁག་ནས་ཕེབས་པའི་གསར་འགོད་པ་ཚོ་ལ་རང་དབང་མེད་པའི་ཐོག་ནས་བོད་ཁུལ་ལ་བལྟ་སྐོར་བྱས་ན་གྲུབ་འབྲས་གང་ཡང་མི་ཐོན་པ་ཡིད་ཆེས་ཡོད།
    གསར་འགོད་པ་ཚོ་སྙིང་རེ་རྗེ།
    རྒྱལ་ནག་གི་བཙན་གནོན་འོག

    Reply
  5. བློ་བཟང་ཐུབ་བསྟན་ says:
    ལོ་ 17 སྔོན།

    ཨ་ཁ་ཡང་དེ་བའི་རིང་བོད་མི་རྣམས་ལ་སྡུག་པོ་ག་ཚད་བཏང་ཡོ་མ་རེད་པ་མགོ་
    རྣམས་གཙན་པའི་བཀག་ཉར་བྱས་ནས་སྦས་ཡོད་མཐད་བཅོད་རེད།སུམ་ཅུ་དུས་
    སླེབས་ལ་ཉེ་བའི་སྐབས་བོད་མི་རྣམས་སྲིན་བུ་ངན་པ་ཞིག་གི་ཁ་ལ་སླེབས་པ་ལྟ་བུ་
    འཇིགས་སྣང་འོག་གནས་ཀྱི་ཡོད་རེད་དངོས་ནས་བོད་མི་རྣམས་སྡུག་པོ་མཐོང་
    སོང
    གསར་འགོད་པ་རྣམས་ཙ་ཡག་ས་ཆུ་ཡོད་ས་ཉི་མ་དྲོ་ས་འཁྲིད་འགྲོ་གི་ཡོད་གྱི་
    རེད།
    ཁཽང་ཚོའི་མི་བའི་ངོས་སུ་འདྲ་ཆག་འདོག་བྱེད་ཀྱང་རུང་མ་བྱེད་རུང་འཛམ་གླིང་
    སྟེ་ཚོའི་ལ་ཡིད་ཆས་མི་དཀོན་པོ་རེད།

    Reply
  6. སྒྲོན་མེ་རྐང་གཅིག says:
    ལོ་ 17 སྔོན།

    ཡང་འདི་བ་ཚང་གིས་ཟློས་གར་ཆུང་ཆུང་ཞིག་གི་མགོ་བཟུང་འདུག ངོ་མའི་ཞེན་པ་ལོག་གི་ཡ།

    Reply
  7. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    ཡང་འཁྲབ་སྟོན་གསར་བ་ཞིག་ལས་དོན་དངོས་ཀྱི་འབྲས་བུ་སུས་ཀྱང་བརྗོད་མི་ཐུབ་པ་ཞིག་རེད། ཡིད་ཆེས་མེད།

    Reply
  8. lobsang says:
    ལོ་ 17 སྔོན།

    དེང་སྐབས་ཡར་འཐོན་ཅན་གྱི་རྒྱལ་ཁབ་ཁག་ནས་མི་མིག་ཞར་བོ་ཡང་འཁྲིད་དགོས་ཀྱི་མི་འདུག ཡར་འཐོན་ཅན་གྱི་རྒྱལ་ཁབ་གྱི་གསར་འགོད་པ་རྣམས་ཅི་ཕྱིར་འཁྲིད་དགོས་ནི་རེད རྒྱ་གང་ཁྲན་ལ་ཞན་པ་ལོག་གི་

    Reply
  9. བསྟན་འཛིན་ཤེས་རབ། says:
    ལོ་ 17 སྔོན།

    རྒྱ་ནག་གི་བཀོད་སྒྲིག་འོག་ནས་བོད་དུ་ཇི་ཙམ་རུང་། གནས་ཚུལ་ཇི་ཙམ་སྤེལ་རུང་ཡིད་ཆེས་རྩ་བ་ནས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese