འཇམ་དབྱངས་ནོར་ བུས་ཕྱོགས་སྒྲིག་བྱས། དགེ་འདུན་རབ་གསལ་གྱིས་བསྒྱུར། ༼རྩོམ་ཡིག་འདིར་འཁོད་ པའི་པར་རིས་དང་དཔེ་དེབ། དེ་བཞིན་གནས་ཚུལ་དང་ཚིག་རིས་ཚུན་ལ་དཔྱད་ཞིབ་བྱེད་པའམ་ཐུགས་དྭོགས་མཆིས་ཚེ། www.jamyangnorbu.com བརྒྱུད་ནས་དབྱིན་ཡིག་གི་མ་ཕྱི་ལ་གཟིགས་རོགས། དགེ་འདུན་རབ་གསལ་གྱིས་བསྒྱུར།༽
ཆིངས་ཡིག
ཆིངས་ཡིག་ཆེས་གལ་འགངས་ཆེ་བའི་གྲས་ཀྱི་གཅིག་ནི་སྔོན་མ་སྤྱི་ལོ་ ༨༢༡-༨༢༢ བར་དེར་བོད་ཀྱི་བཙན་པོ་དང་རྒྱ་ནག་གོང་མ་གཉིས་བར་བཞག་པ་དེ་རེད། ཡིག་འབྲུ་དེ་དག་བོད་ཡིག་དང་རྒྱ་ཡིག་གི་ནང་དུ་རྡོ་རིང་གསུམ་གྱི་སྟེང་བརྐོས་ཡོད་པ་ལྷ་སའི་ཇོ་ཁང་གི་ཐག་ཉེར་ཡོད་ཅིང་། དེར་ “བོད་ཆེན་པོ་” དང་“”རྒྱ་ཆེན་པོ་”” གཉིས་ཕན་ཚུན་མཛའ་བཤེས་དང་འདྲ་མཉམ། གུས་ཞབས་བཅས་ཀྱི་ཐོག་ནས་ལས་ཀ་བྱེད་ཀྱི་ཡིན་ཞེས་འཁོད་འདུག
མཐའ་མཚམས་༼ད་ལྟའི་ཀན་སུའུ་དང་ཧྲན་ཞིས་ཀྱི་ས་མཚམས་དང་ཉེ་བ་ཞིག་༽སྐོར་གྱི་རྩོམ་ཡིག་གཞན་ཞིག་ཏུ། “དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་”ཅེས་གསལ་པོར་འཁོད་འདུག
༼ཞོལ་རྡོ་རིང་།༽
ཆིངས་ཡིག་རྡོ་རིང་འདི་ནི་མཚམས་རེར་པོ་ཏ་ལའི་མདུན་གྱི་ཞོལ་རྡོ་རིང་གྲགས་ཅན་དེ་ལ་འཁྲུལ་བ་ཡོད་ཅིང་། རྡོ་རིང་དེའི་སྟེང་དུ་ ཕྱི་ལོ་ ༧༦༣ ལོར་བོད་ཀྱིས་རྒྱ་ནག་གོང་མའི་རྒྱལ་ས་ཁྲང་ཨན་༼ Changan ༽བཟུང་བའི་བོད་ཀྱི་རྒྱལ་ཁ་ཆེན་པོ་གཞན་དེའི་ལོ་རྒྱུས་འཁོད་ཡོད་པ་རེད།
རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། བོད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དཔེར་ན། ༡༦༨༡ ལོར་བུ་ཤེར་དང་། ༡༦༨༣ དང་ ༡༨༤༢ ལོར་ལ་དྭགས། ༡༨༥༦ ལོར་བལ་ཡུལ་སོགས་དང་ལྷན་དུ་ཆིངས་ཡིག་བཀོད་ཡོད། བོད་ཀྱིས་དབྱིན་ཇིའི་གཞུང་དང་ལྷན་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་བར་དུ་གྲོས་མཐུན་དང་ཆིངས་ཡིག་མང་པོར་མིང་རྟགས་བཀོད་ཡོད་ཅིང་། སིམ་ལཱ་ཆིངས་ཡིག་ནང་རྒྱ་གར་གྱི་དབྱིན་གཞུང་དང་བོད་གཞུང་གིས་རང་གི་ཐུན་མོང་ས་མཚམས་ཐད་མོས་མཐུན་བྱས་ཡོད། དེང་སང་གི་རྒྱ་གར་གྱིས་ རང་གི་བྱང་ཕྱོགས་ཀྱི་ས་མཚམས་སུ་བཞེད་པའི་མཚམས་དེ་ཡང་། རྒྱ་ནག་གིས་མིན་པར་བོད་ཀྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་འདི་ལ་གཞི་བྱས་ཡོད།
༡༩༡༣ ལོའི་ཟླ་བ་དང་པོའི་ནང་བོད་སོག་གཉིས་ཀས་སོག་པོའི་རྒྱལ་ས་ཨུར་རྒ་ཞེས་པར་ཆིངས་ ཡིག་ཅིག་ལ་མིང་རྟགས་བཀོད་པ་དེའི་ནང་། “རང་རེ་བོད་སོག་གཉིས་མཉྗུའི་རྒྱལ་ཁབ་ཀྱི་མངའ་འོག་ ནས་ཐོན་ རྒྱ་ནག་པོ་དང་བྲལ་ཏེ་བོད་སོག་སོ་སོ་རྒྱལ་ཁབ་རང་བཙན་པ་བགྱིས་སྔར་དུས་ནས་ད་ བར་བོད་སོག་གཉིས་བསྟན་པ་ལར་རྒྱ་གཅིག་པས་ཉེ་འབྲེལ་ཆེ་སྟབས་ད་དུང་ཤིན་ཏུ་ བརྟན་ཐབས་སུ་ཆིང་ཡིག་བཞག་དོན་”ཞེས་འཁོད་འདུག དེའི་གཤམ་གྱི་དོན་ཚན་སྣ་ཚོགས་ནང་། མཛའ་འབྲེལ་དང་ཕན་ཚུན་རོགས་རམ། ནང་པའི་སྤུན་གྲོགས། ཕན་ཚུན་དབར་གྱི་ཚོང་འབྲེལ་སོགས་ཀྱི་བསྒྲགས་གཏམ་འཁོད་ཡོད་པ་རེད། བོད་ཀྱི་མིང་ཚིག་ “རང་ བཙན་”ཞེས་པ་དེ་ དབྱིན་ཡིག་གི་ “ཨིན་ ཌི་པེན་ཌེན་སི་-Indpendence” ཞེས་པའི་གོ་དོན་སྟོན་ཕྱིར་རྒྱུན་དུ་ནས་བེད་སྤྱོད་བྱས་ཡོད།
ཕྱི་འབྲེལ།
༼ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱ།༽
༧རྒྱལ་བ་རིན་པོ་ཆེ་པེ་ ཅིང་ནས་སླར་ལྷ་སར་ཆིབས་བསྒྱུར་གནང་གྲུབ་རྗེས་ ༡༩༠༩ ལོར་ བོད་ཀྱི་ཕྱི་རྒྱལ་ལས་ཁུངས་བཙུགས་པ་རེད་ལ། བོད་མི་ཚོས་རྣམ་པ་ཆེན་པོའི་ཐོག་ནས་ མཱན་ཇུའི་དབང་བསྒྱུར་ མཐར་སྐྲོད་བྱས་པ་དང་འབྲེལ་ ༧གོང་ས་ཆེན་པོར་རྒྱལ་ཡོངས་ཐམ་ཁ་ཕུལ་བ་རེད། ཕྱི་རྒྱལ་ལས་ཁུངས་འདི་ ༡༩༤༡ ལོར་སླར་གསོ་བྱས་ཡོད་པར་སྣང་། ལས་ཁུངས་འདིས་ དབྱིན་ཇི་དང་ཨ་མི་རི་ཀ བལ་ཡུལ། རང་བཙན་ཅན་གྱི་རྒྱ་གར་དང་རྒྱ་ནག་བཅས་ཀྱི་ལྷན་དུ་ཕྱི་སྲིད་ལས་དོན་བསྒྲུབས་ ཡོད་པ་རེད། བལ་ཡུལ་གྱིས་ ༡༨༥༦ ལོར་བོད་དུ་སྐུ་ཚབ་བཞག་ཡོད་ཅིང་། རྒྱ་ནག་གིས་ ༡༩༣༤ ལོར་དང་། དབྱིན་ཇིས་ ༡༩༣༦ ལོར་བཞག་ཡོད་པ་རེད། ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱེད་པས་ ༡༩༤༧ ལོའི་ཟླ་ ༣ ཚེས་ ༢༣ ཉིན་རྒྱ་གར་དུ་ འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཨེ་ཤ་ཡའི་གནས་བབ་ལ་རྟོག་ཞིབ་ཆེད་འཚོགས་ པའི་ ཨེ་ཤ་ཡ་ནང་ཁུལ་གྱི་མཛའ་འབྲེལ་ཚོགས་འདུའི་སྟེང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ ཅིག་ཡིན་པའི་ངོ་བོའི་ཐོག་ནས་སྐུ་ཚབ་ཏུ་ཕེབས་ཡོད་པ་རེད། བོད་ཀྱིས་ད་དུང་ ༡༩༤༨ ལོར་ཨ་ཧྥི་རི་ཀ་དང་ཨེ་ཤ་ཡའི་ཚོགས་འདུར་ཡང་སྐུ་ཚབ་བཏང་ཡོད་པ་རེད། དེ་དུས་ཚོགས་བཅར་བའི་སྐུ་ཚབ་རྒྱལ་ཁབ་མང་པོ་ད་དུང་རང་བཙན་ཐོབ་མེད་པ་ཡིན་པ་ དེས། བོད་ནི་ ཨེ་ཤ་ཡའི་མཛའ་འབྲེལ་འདུ་འཛོམས་འདིའི་སྔ་གྲས་སུ་སླེབས་པའི་རང་བཙན་རྒྱལ་ཁབ་ གྲས་ཀྱི་གཅིག་ཆགས་ཡོད་པ་རེད།
༡༩༤༩ ལོའི་ཟླ་ ༡༡ ཚེས་ ༢ འཁོད་བོད་ཀྱི་ཕྱི་རྒྱལ་ལས་ཁུངས་ཀྱི་ཡི་གེ་ཞིག་མའུ་ཚེ་ཏུང་ལ་བཏང་བའི་ནང་། བོད་འདི་ “གནའ་ སྔ་མོའི་དུས་”ནས་ ཆོས་ལྡན་གྱི་རྒྱལ་ཁབ་རང་བཙན་ཞིག་ཡིན་པ་དང་། དམར་པོའི་མགོ་དཔོན་ལ་རང་གི་དམག་དཔོན་རྣམས་བོད་ཀྱི་མཐའ་མཚམས་མི་བརྒལ་རྒྱུའི་ “བཀག་སྡོམ་བཀའ་ རྒྱ་གཏོང་དགོས་”པའི་ འབོད་སྐུལ་ཞུས་ཡོད་པ་རེད། དེ་སྔོན་རྒྱ་ནག་གིས་བོད་ཀྱི་ས་ཁུལ་འཇུ་བཟུང་བྱས་པའི་སྐོར་ལ་ཡི་གེ་དེའི་ནང་། “རྒྱ་ནག་གི་ནང་ འཁྲུག་དམག་ལྷོད་འཇགས་བྱུང་མཚམས་བོད་གཞུང་གིས་གྲོས་མོལ་བྱེད་འཆར་ཡོད་”ཅེས་བཀོད་ཡོད་པ་རེད།
ཕྱི་རྒྱལ་ལས་ཁུངས་ཀྱིས་ མའོ་ཚེ་ཏུང་ལ་བཏང་བའི་ཡི་གེ
འཛམ་གླིང་དམག་ཆེན་གཉིས་པའི་སྐབས་བར་གནས་རྒྱལ་ཁབ།
བོད་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཕྱིར་བསྒྲགས་བྱས་ཟིན་པའི་བར་གནས་རྒྱལ་ཁབ་ཅིག་རེད། བོད་གཞུང་གིས་ལམ་ལྷོང་དང་བཅས་དབྱིན་ཇིའི་གནོན་ཤུགས་དང་། རྒྱ་ནག་གི་བཙན་འཛུལ་ཉེན་ཁ། ཐ་ན་ཨ་རིའི་སྲིད་འཛིན་ རཱོ་སེ་ཝེལ གྱིས་རང་ངོས་ནས་བོད་ཀྱི་ས་ཁུལ་བརྒྱུད་ནས་དམག་ལམ་བཟོ་ཆོག་པའམ་ཡང་ན་དམག་ཆས་ དབོར་ཆོག་པའི་རེ་སྐུལ་བྱས་པ་རྣམས་སྔོན་འགོག་བྱས་ཡོད་པ་རེད། བོད་ཀྱིས་ རྒྱ་གར་གྱི་གཡུལ་སའི་བཙོན་ཁང་ཞིག་ནས་བྲོས་ཡོང་བའི་ཨའུ་སེ་ཊི་རི་ཡའི་མི་ གཉིས་ལ་ཆབ་སྲིད་སྐྱབས་བཅོལ་བསྩལ་ཡོད་པ་རེད། ད་དུང་ ༡༩༤༤ ལོར་བོད་དུ་གནམ་གྲུ་བརྡབས་པའི་ཨ་རིའི་གནམ་དམག་སྐོར་ཁག་གཅིག་ལ་སྣེ་ལེན་དང་ འགྲུལ་བསྐྱོད་ཀྱི་མཐུན་འགྱུར་བསྩལ་ཡོད་པ་རེད།
སྦྲགས་ཁང་དང་ཏར་འཕྲིན་གྱི་ལམ་སྲོལ།
བོད་ཀྱི་དེང་རབས་སྦྲགས་ ཁང་གི་ལམ་སྲོལ་དེ་སྔར་ཡོད་བཙན་པོའི་སྐབས་ཀྱི་ཕོ་ཉའི་ལམ་སྲོལ་རྙིང་པ་དང་ ཕྱིས་སུ་སོག་པོའི་ཡིག་སྐྱེལ་ལམ་སྲོལ་གཞི་བྱས་ནས་བཙུགས་པ་རེད། སྤྱིར་བཏང་གི་ཡིག་འབྲེལ་རིགས་ལ་སྦྲགས་པའམ་བང་ཆེན་གྱི་འགྲོ་ལུགས་ཡོད་མུས་ ཐོག་ གཞུང་གི་ཡིག་སྐྱེལ་ཆེད་ཨ་དྲུང་ཞེས་རྟ་ཐོག་སྐྱེལ་འདྲེན་བྱེད་པ་རེད། སྦྲགས་ཏར་སྤྱི་ཁྱབ་ལས་ཁུངས་དེ་ ༡༩༢༠ ལོར་བཙུགས་པ་དེས་བོད་ཀྱི་སྔར་ཡོད་རྟ་ཟམ་གྱི་འགན་ཚུར་བླངས་པ་རེད། དབྱིབས་རིས་སྣ་ཚོགས་ཡོད་པའི་སྦྲགས་འཛིན་དེ་དག་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཐོག་ནས་ཇུས་འགོད་དང་ལག་པས་པར་འདེབས་བྱས་ཡོད་ལ། དེ་དག་ནི་ད་ཆ་ རྙིང་མཛོད་སྒྲུབ་མཁན་ དག་གི་ཅ་ལག་ཁྲོད་ཡོད། རྒྱལ་སྤྱིའི་ནང་གི་སྦྲགས་ཁང་ཆིངས་ཡིག་གི་ནང་དུ་མངོན་གསལ་དོད་པོ་མེད་པ་ཡིན་ ན་ཡང་། ལམ་སྲོལ་ཞིག་ཚུགས་ཟིན་པ་དང་། བོད་ནས་ཡི་གེ་བཏང་བ་དེ་ཚོ་ཕྱི་རྒྱལ་གྱི་ཁ་བྱང་ཐོག་བསྐྱལ་ཐུབ་ལ། ཕྱི་རྒྱལ་ནས་འབྱོར་བའི་ཡི་གེ་དག་ཀྱང་བོད་ནང་ལ་བསྐྱལ་ཐུབ་པ་རེད།
༡༩༣༦ ལོར་ལྷ་སར་སླེབས་པའི་ སཱི་པེན་སཱར་ ཆེབ་མཱན་ གྱིས་ “སྦྲགས་ཏར་གྱི་ལམ་སྲོལ་ནི་ཧ་ཅང་ འདང་ངེས་པ་ཞིག་འདུག” ཅེས་བཤད་པ་རེད། ལམ་སྲོལ་འདི་རང་ ༡༩༥༠ རྗེས་སུའང་ལོ་ཤས་རིང་མུ་མཐུད་ཡོད་པ་རེད། པཱ་རག་ནས་རང་གི་ཁྱིམ་མིའི་ཡི་གེ་ཞིག་ ཅེག་ནས་ཡིན་པའི་གློག་བརྙན་བཟོ་མཁན་ ཝ་ལཱ་ཌི་མཱིར་ སཱེ་སི་ལ་ བོད་ཀྱི་ཐང་སྟོང་ཞིག་ཏུ་ སྦྲགས་མིས་བསྐྱལ་འབྱོར་བྱུང་བ་རེད།
རྒྱ་གར་ནས་ལྷ་ས་བར་ གྱི་ཏར་སྐུད་ཀྱང་ ༡༩༢༣ ལོར་ཡོང་སུ་འཐེན་གྲུབ་ཅིང་། དེ་དང་མཉམ་དུ་གཞི་རིམ་གྱི་ཁ་པར་འགྲོ་ལུགས་ཤིག་ཀྱང་ཚུགས་པ་རེད། འདི་དག་མི་མང་དཀྱུས་མས་བེད་སྤྱོད་བྱེད་རུང་བ་རེད། བྱ་བ་འདི་ ལོན་ཌོན་གྱི་ རྒྱལ་པོའི་ས་རྒྱུས་སྤྱི་ཚོགས་ ༼ Royal Geographical Society ༽ཞེས་པའི་དཔེ་དེབ་ཅིག་ཏུ་རྗེས་དྲན་བྱས་ཡོད་པ་རེད།
བོད་ཀྱི་རྒྱལ་ས་ཡང་ ༡༩༢༧ ལོར་གློག་ཁང་བཙུགས་པ་དང་གློག་ཏར་འཐེན་སྤྲོད་ཀྱི་ལས་ཀ་ཚང་མ་བོད་མི་ལོ་གཞོན་ འཕྲུལ་རྩལ་པ་ རིན་སྒང་ཞུ་བས་ ཧ་ལམ་ “མི་གཅིག་ལག་གཅིག་གི་” ཚུལ་དུ་བྱས་པ་རེད། ལས་འཆར་འདི་དག་ཚང་མ་བོད་གཞུང་གིས་མགོ་བཙུགས་ཤིང་གྲོན་དངུལ་བཏང་བ་རེད།
ལྷ་ས་རླུང་འཕྲིན་ནི་ ༡༩༤༨ ལོར་བཙུགས་ཤིང་། བོད་སྐད་དང་དབྱིན་སྐད། རྒྱ་སྐད་བཅས་ཀྱི་ཐོག་ནས་གསར་འགྱུར་བཏང་བ་རེད།
བོད་རང་བཙན་གྱི་དཔང་པོ།
བོད་འདི་ཞི་བདེ་དང་རང་ བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་དོན་འདི་ ཕྱི་རྒྱལ་གྱི་ཕྱོགས་ཞེན་མེད་པའི་ལྟ་ཞིབ་པ་དག་གི་ཡིག་ཆས་ ཁུངས་སྐྱེལ་བྱས་ཡོད་ལ། དེ་ཚོ་ནི་བོད་ལ་བཙན་འཛུལ་མ་བྱས་གོང་དེར་ བོད་དུ་ཕྱིན་པ་ཙམ་མིན་པར་དེར་དུས་ཡུན་གང་འཚམས་རིང་བསྡད་མྱོང་བ་དཔེར་ན་ཁོང་ ཚོའི་མི་ཚེའི་ལོ་རྒྱུས་ཀྱི་དེབ་དག་གི་ཁ་བྱང་གི་ཐོག་ནས་སྤོབས་པ་དང་བཅས་ བསྒྲགས་ཡོད་པ་སྟེ། བོད་ནང་ལོ་ཉི་ཤུ། ༼ཌེ་ཝེ་ཌི་ མེག་ཌོ་ནེལ་ཌི་༽ བོད་ནང་ལོ་བརྒྱད། ༼པི་ཊར་ ཨུ་ཤེ་ཏར།༽ བོད་ནང་ལོ་བདུན། ༼ཧེན་རིག་ཆི་ ཧཱ་རཱར།༽ ལྟ་བུ་རེད།
༼ལྷ་སར་གླིང་ག་གཏོང་སྐབས་པར་བརྒྱབ་པའི་ ཧཱུ་ རི་ཆར་ཌི་སཱོན།༽
བོད་ཀྱི་སྐོར་ལ་མཁས་པ་ གཙོ་བོ་ ཧཱུ་ རི་ཆར་ཌི་སཱོན་ བོད་ནང་དུ་ཁྱོན་བསྡོམས་ལོ་བརྒྱད་བསྡད་ཅིང་། ཁོང་གི་རྩོམ་ཡིག་མང་པོས་ བོད་ནི་འཛིན་སྐྱོན་ལྡན་ཅིང་གོ་རིམ་ཡོད་པ། ཞི་བདེ་ཅན། དེ་མཚུངས་ལོ་རྒྱུས་ཡུན་རིང་ལྡན་པའི་ཆབ་སྲིད་ཀྱི་རང་བཙན་དང་རིག་གཞུང་གི་ཐོན་ སྐྱེད་ཡོད་པ་ཞིག་ཡིན་པ་ཕྱིར་མངོན་པར་བྱས་ཡོད། ཕྱིས་སུ་ཁོང་གིས་བྲིས་དོན། “ནུབ་ཀྱི་རྒྱལ་ཁབ་ཚོའི་ནང་ནས་ བོད་དང་ཆིངས་དོན་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཉག་གཅིག་ཡིན་པ་དབྱིན་ཇིའི་གཞུང་ གིས་བོད་འདི་བཙོངས་པ་རེད།” ཅེས་དང་། ཡང་ཁོང་གིས་ “དབྱིན་ཇིའི་གཞུང་གིས་བོད་འདི་ལོ་རྒྱུས་ཐོག་ནས་རང་ བཙན་ཡིན་པའི་ངོ་བོ་དེ་ཁས་ལེན་མ་བྱས་པ་དེ་ལ་ཧ་ཅང་ངོ་ཚ་པོ་བྱུང་།” ཞེས་ངོས་ལེན་བྱས་ཡོད་པ་རེད།
ཡང་མཁས་པ་ཆེན་པོ་དང་ཕྱི་འབྲེལ་ལས་དོན་པ་ཡིན་པའི་ ཆེལ་སི་ བྷེལ་ལ་མཚོན་ན་ “དབྱིན་ཇིའི་བོད་དོན་སྲིད་བྱུས་ ཀྱི་བཀོད་སྒྲིག་པར་”བརྩི་ཞིང་། ཁོང་གིས་ དབྱིན་ཇི་དང་ཨ་མི་རི་ཀས་བོད་རང་བཙན་ངོས་འཛིན་བྱེད་རྒྱུ་ཁས་ལེན་མ་བྱས་པ་དེ་ ནི་ ༼ཡིན་ན་ཡང་། ཁོང་ཚོས་མཚམས་རེར་རང་ལ་ཁེ་ཕན་ཡོད་པའི་སྐབས་སུ་ བརྒྱུད་ནས་ བོད་རང་བཙན་ཡིན་པར་ངོས་འཛིན་བྱས་ཡོད།༽རྒྱ་ཆེ་ས་ཞིག་ནས་ ཁོང་ཚོས་ “རྒྱ་ནག་ནང་དུ་ཚོང་ཁེ་ཇེ་ཆེར་ གཏོང་རྒྱུའི་”འདོད་ རྔམ་གྱིས་ཁ་ལོ་བསྒྱུར་ཡོད་པར་ཡིད་ཆེས་བྱས་ཡོད་པ་རེད།
རྒྱ་ནག་གི་དཔེ་དེབ་ཁག་ གི་ནང་ བོད་འདི་ཀླ་ཀློར་བསྒྱུར་བའི་ རྒྱ་གཞུང་གི་དྲིལ་བསྒྲགས་ལས་བྱེད་པ་དེ་ཚོའི་གྲས་ཀྱི་གཅིག་གིས་ཀྱང་བོད་རྙིང་ བའི་སྐབས་ཀྱི་མི་ཚེ་མཐོང་མྱོང་མེད་པ་ནི་ཏན་ཏན་བཤད་ཐུབ་པ་ཞིག་རེད། ངོ་མ་བཤད་ན། པེ་ཅིང་གི་དྲིལ་བསྒྲགས་པ་ནུབ་ཕྱོགས་སུ་ཡོད་པ་དག་༼མཱེ་ཀཱལ་ པེ་རེན་ཊི། ཊོམ་ གྷིར་ཧྥིལ་ཌི། བྷེ་རེ་ སའུ་ཊི་མེན། མེལ་ཝིན་ གྷོལ་ཌི་སེ་ཐེན་སོགས།༽གི་ཁྲོད་ནས་གཅིག་ཀྱང་ ༡༩༨༠ ཡར་སྔོན་ལ་བོད་ལ་འགྲོ་མྱོང་མེད་པ་རེད། ཁོང་ཚོས་སྐབས་མང་པོར་ ༡༩༠༤ ལོའི་དབྱིན་ཇིའི་བཙན་འཛུལ་དམག་དང་ལྷན་དུ་བསྐྱོད་མཁན་དང་། བོད་ཀྱི་སྤྱི་ཚོགས་དང་སྒྲིག་འཛུགས་དེ་ཀླ་ཀློར་བསྒྲུབས་ནས་རང་གིས་བོད་ནང་དུ་ དྲག་པོའི་བཙན་འཛུལ་བྱས་པ་དེ་ཚུལ་མཐུན་དུ་སྒྲུབ་མཁན་དེ་ཚོའི་ལས་བྱ་དང་གསར་ འགོད་པས་༼དཔེར་ན། ཨེལ་ ཨེ། ཝེ་ཌེལ། པེར་སི་ཝེལ། ལཱན་ཌོན། ཨེ་ཌི་མོན་ཌི་ ཁེན་ཌཱི་ལར། དམག་དཔོན་ ཌཱབ་ལིའོ་ ཨེ་ཧྥ་ ཊི་ ཨོ་ཁོ་ནཱོར།༽ བྲིས་པ་ལས་འདེམས་གསེས་ཀྱིས་ལུང་འདྲེན་བྱས་ཏེ་ བོད་གཞུང་དང་བོད་ཀྱི་སྤྱི་ཚོགས་འདི་ལ་ངོ་སྤྲོད་ནོར་བ་བྱས་ཡོད་པ་རེད།
༼ཌཱོག་ཊར་ ཤེན་ བོད་ཀྱི་ཕྱི་འབྲེལ་དྲུང་ཆེ་ ཟུར་ཁང་ཛ་སག་དང་ལྷན་དུ།༽
མཁས་པའི་རིན་ཐང་ཡོད་ ཐོག་ བོད་རྙིང་པའི་སྐབས་སུ་དུས་ཚོད་རིང་ཙམ་བསྐྱལ་མྱོང་མཁན་གྱི་ རྒྱ་མིའི་ལས་བྱ་གཅིག་རང་གཅིག་ཡོད་པ་ནི་ ལྷ་སར་བཅའ་སྡོད་ ༼༡༩༤༤-༡༩༤༩༽གོ་མིན་ཏང་གི་སྐུ་ཚབ་ ཌཱོག་ཊར་ ཤེན་ ཚུང་ལཱེན་ རེད། ཁོང་གི་དེབ་ བོད་དང་བོད་མི་རྣམས་ཞེས་པའི་ནང་། ཌཱོག་ཊར་ ཤེན་གྱིས་ རྒྱ་ནག་ལས་ཧ་ཅང་ཐ་དད་ཡིན་པའི་རྒྱལ་ཁབ་ཅིག་དང་། “༡༩༡༡ ལོ་ནས་རང་བཙན་ཆ་ཚང་བར་སྤྱད་པ་”ཞིག་ཡིན་པ་བྲིས་ཡོད་པ་རེད། ཁོང་གིས་དྲང་བདེན་གྱི་ཐོག་ནས་ “སྔར་གྱི་དུས་རབས་མང་པོའི་རིང་འཇགས་པའི་” གྲལ་རིམ་དབང་བསྒྱུར་དང་ ཀླད་རྙིང་གི་སྤྱི་ཚོགས་ཤིག་བྲིས་མོད། འོན་ཀྱང་བོད་ཀྱི་མི་དམངས་ནི་ གོ་རིམ་ཡོད་པ་དང་། ཞི་བདེ་དགའ་པོ་དང་འདྲིས་བདེ་པོ་བཅས་ཡིན་པར་བཤད་ཡོད། ད་དུང་ “ཁ་མཆུ་ རྒྱག་མཁན་སྐད་གྲགས་ཅན་”ཞིག་སྟེ། “ཁ་གསལ་ཞུ་གཏུགས་དེ་འདྲ་བྱེད་པ་འཛམ་གླིང་ནང་ ཁ་མཆུ་བཤད་མཁན་མཁས་པོ་བོད་མི་ལྟ་བུ་མི་ཉུང་ཤས་ལས་མེད།”ཅེས་བསྣན་ཡོད། ཤེན་གྱིས་ད་དུང་བཤད་དོན་ལ། “རྩོད་རྙོག་ཡོད་སའི་སོ་སོའི་ལས་ཁུངས་གང་འདྲ་ཞིག་ཡིན་ན་ཡང་ཞུ་ གཏུགས་བྱས་ཆོག་ལ། ཐ་ན་༧རྒྱལ་བ་རིན་པོ་ཆེ་དང་རྒྱལ་ཚབ་ལ་ཡང་ཞུ་གཏུགས་བྱས་ཆོག” ཅེས་བྲིས་ཡོད།
གྲི་ཤུབས་དང་ལག་ཤུབས་རྗེས་ལ་་་་་་ཤུབས་འདི་བྱུང་བ་ཡིན་ཙང་གཟབ་དགོས།
ཤུབས་དང་སྐོགས།
ཤུབས་ནི་དངོས་པོ་རང་རང་དང་ཚད་མཐུན་པའི་ཕྱི་ཐུམ་ལ་ཟེར། སྐོགས་ནི་སྐོགས་པའི་སྡུས་མིང་སྟེ་ཤུན་པ་དང་དོན་གཅིག ཡིག་ཤུབས་བྲིས་ན་རྒྱུན་འཇགས་སུ་ཡོད་པའི་ཤོག་བུའི་ཡིག་སྐོགས་ལ་སྦྱོར་མི་བདེ་ཡང་ཨ་རིའི་སྲིད་འཛིན་རཱོ་སེ་ཝེལ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཕུལ་བའི་ཕྱག་བྲིས་བླུག་ས་སྤོས་མདོང་ལྟ་བུ་དེར་ཡིག་སྐོགས་བྲིས་པ་ལས་ཡིག་ཤུབས་བྲིས་ན་འཇུག་པ་བདེ། དེ་བཞིན་གྲི་ཤུབས། ལག་ཤུབས་སོགས་ཤིན་ཏུ་མང་བས་རླིག་ཤུབས་དང་ཉེ་དོན་མ་མཆིས་སྙམ།
དགེ་འདུན་རབ་གསལ་ལགས། སྤྱི་དོན་ལ་རྩོད་པ་ནི་དཀར་པོ་དགེ་བའི་ལས་ཡོད་པས་ད་དུང་དགའ་བ་སྒོམས་ཤིག དེ་དོན་དགོངས་འཇགས་ཞུ།
ཀརྨ་རྡོ་རྗེ་ལགས་ཀྱི་ལན་ཞིག་ཕུལ་བ་དེ་ཏོག་ཙམ་ཐལ་དྲགས་འདུག ཚིག་ཤོར་བ་འཛིན་ཐབས་མེད་ལུགས་དེ་དངོས་གནས་བདེན་འདུག ད་ཅི་བྱ། ཡིག་དང་རླིག་སྒྲ་ཉེ་བ་དང་། དེ་བས་ཡིག་ཤུབས་ལ་ཡིག་སྐོག་མཛེས་ཚུལ་དེ་གསལ་པོར་གོ་བྱུང་། དེ་མིན་གྱི་ཚིག་མི་བདེ་བ་ཡོད་ནའང་གསུངས་རོགས་གནང་། རིམ་གྱིས་བཟོ་བཅོས་ཞུ་འཆར་ཡོད་ལགས།
དེ་ནས་རྩོམ་འདི་རྒྱ་ཡིག་ཏུ་བསྒྱུར་ཡོད་མེད་སྐོར་གསུངས་འདུག རྒྱ་ཡིག་ཏུ་བསྒྱུར་ཟིན་པ་རྩོམ་པ་པོས་ཕྲན་ལ་གསུངས་བྱུང་། ཏན་ཏན་ཐོན་ཡོང་གི་རེད།
ལགས་སོ། ཀར་རྡོར་ལགས།
དེས་ན་ ལག་ཤུབས་འདི་ཡང་ལག་སྐོགས་ལ་བསྒྱུར་ན་གང་འདྲ་འདུག གྲི་ཤུབས་འདི་ཡང་གྲི་སྐོགས་ལ་བསྒྱུར། དེ་ནས་ག་རེ་ཡོད།
དགེ་རབ་ལགས་སུ། བསྒྱུར་བཅོས་ཀྱི་རང་དབང་ཁྱེད་རང་ལ་ཡོད་པ་བདེན་པ་རང་རེད། འོན་ཀྱང་ཡིག་ཤུབས་དེ་སོ་སོའོ་ཡུལ་སྐད་དབང་གིས་མཛེས་མ་མཛེས་མ་ཡིན་པར་ཐ་སྙད་གསར་པའི་བརླིག་ཤུབས་དང་ཉེ་དྲགས་པའི་དབང་གིས་ཞུས་པ་ཡིན། དེ་དོན་དགོངས་འཚལ།
ཀརྨ་རྡོ་རྗེ་ལགས་ཡང་བསྐྱར་ཕེབས་ནས་གསུངས་པ་ལ་ཐུགས་རྗེ་ཆེའོ།། ཁྱེད་ཀྱི་དགོངས་ཚུལ་རྣམས་སེམས་ལ་ངེས་བྱུང་། ཡིན་ན་ཡང་། འགྱུར་བཅོས་ད་དུང་ཞུས་མེད། རྒྱུ་མཚན་ཡང་མེད། འགྱུར་ལེགས་ཉེས་ཀྱི་བཀའ་མོལ་ཡིན་སྟབས་ནོར་བཅོས་ཀྱི་གྲས་སུ་བརྩིས་མེད། དེ་དགོངས་འཇགས་ཞུ། དེ་ནས་ཡིག་སྐོགས་ཀྱི་སྐད་ཆ་དེ་རེད། སྐད་ཆ་འདི་མཛེས་མི་མཛེས་ཀྱི་སྐོར་དེ་ནི་སུའི་རྣ་བ་ལ་ཞེས་དྲི་བ་དྲི་དགོས་བྱུང་། ང་ཚོའི་ཡུལ་སྐད་ཀྱི་དབང་གིས་ཁ་ཤས་ལ་ཡིག་སྐོགས་མཛེས་ལ་ཁ་ཤས་ལ་ཡིག་ཤུབས་མཛེས།
ཕྱོགས་སྒྲིག་པ་དང་སྒྱུར་མཁན་གཉིས་ཀར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས།
FUNCTIONING STATE = བྱེད་སྒོ་ནུས་ཡོད་ཀྱི་སྲིད་གཞུང་།
Although insular, theocratic and not a modern democracy འབྲེལ་མེད་ཟུར་གནས། ལྷ་ཆོས་རིང་ལུགས་པ་ཞིག་ལས་དེང་དུས་མང་གཙོ་ཅན་ཞིག་མིན་ན་ཡང་། ཡང་སྲོག་ཐོག་གཏོང་བའི་ཁྲིམས་གཅོད་གཏན་འགོག་བྱས་ཡོད་ཅེས་པའི་འགྱུར་དེ་ཉེ་བ་ འདུག ཡིག་ཤུབས་ལས་ཡིག་སྐོགས་ཞེས་པའི་ཚེག་དེ་ཅུང་ཟད་མཛེས་སྙམ།
ཁང་གསར་རྡོ་རྗེའི་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ལུང་རིགས་ལགས། ཚིག་དུམ་འདི་འདི་ལྟར་བཅོས་རོགས་གནང་། ” བོད་འདི་ཁེར་རྐྱང་་དང་ཆོས་ལྡན་རྒྱལ་ཁབ། དེང་རབས་དམངས་གཙོ་མིན་པ་བཅས་ཡིན་མོད། རང་གི་མཐའ་མཚམས་ནང་ཁུལ་དུ་ཁྲིམས་ལུགས་སྟངས་འཛིན་བྱས་ཡོད་ཅིང་།”
དེ་ནས་ Insular ཞེས་པ་དེ་ རྗེས་ལུས་ལ་ཅིའི་ཕྱིར་བསྒྱུར་བ་ཡིན་གསུངས་འདུག དེ་ངས་ཀྱང་མི་ཤེས། ཁྱེད་ཀྱིས་གསུངས་པ་དང་དོ་སྣང་བྱུང་བ་ལས་གཞན་ང་ལ་ཡང་དོ་སྣང་མ་བྱུང་། མཐའ་གཅིག་ཏུ་བདག་ནོར་འདུག་ཅེས་ཞུ་བ་ཡིན། ནོར་བ་དེ་ནོར་བར་མཐོང་བྱུང་། མཐོལ་ལོ། བཤགས་སོ། སླད་ཕྱིན་མི་བྱེད་དོ། ཞེས་ཞུ་བ་ཡིན།
དེ་ནས་ FUNCTIONING STATE སྐོར་དེ། ཁྱེད་ཀྱིས་གསུངས་པ་ལྟར་རེད། བདེ་བོ་མ་བྱུང་། དབྱིན་ཚིག་གི་གོ་བ་ངས་ཀྱང་ལོན་གི་འདུག འོན་ཀྱང་བོད་སྐད་ལ་རྙེད་དཀའ་བ་བྱུང་། མཐར་རྩོམ་པ་པོ་ལ་དགོངས་སྐོར་ཞུས་ནས་རྩོམ་པ་པོས་དེ་འགྲིག་གི་འདུག་ཅེས་གནང་བ་ཐོབ་པ་ཡིན་ལགས།
དེ་ནས་ capital punishment སྐོར་དེ་རེད། བདག་གིས་ཀྱང་འགྱུར་ངོ་མའི་ནང་ཁྱེད་ཀྱི་ཚིག་སྔོན་མ་ཇི་བཞིན་ “སྲོག་ཁྲིམས་གཅོད་པ་གཏན་འགོག་བྱས་ཡོད་” བསྒྱུར་ཡོད་ལགས། འོན་ཀྱང་”སྲོག་ཁྲིམས་”ཞེས་པའི་ཚིག་འདི་གསོད་པའི་ཁྲིམས་ལས་གསོན་པའི་ཁྲིམས་ལ་ནོར་ཉེ་ཆེ་བ་འདུག་ཅེས་རྩོམ་པ་པོ་དང་གླེང་མོལ་བྱུང་ནས་བཅོས་པ་ཡིན།
མཐའ་མ་དེར། དྲ་གྲོགས་ཚང་མས་ད་དུང་ཚིག་རིས་ལ་ནོར་འཁྲུལ་ཡོད་ན། ཞལ་བསངས་པོ་གནང་རོགས། ཐུགས་རྗེ་ཆེ་ཞུའོ།།
དགེ་འདུན་རབ་གསལ་ལགས་ཀྱིས་ཡག་པོ་བསྒྱུར་འདུག ༡༦༨༡ ལོར་བུ་ཤེར་དང་ཆིངས་བཞག་སྐོར་གསལ་བའི་བུ་ཤེར་དེ་ལ་དྭགས་ཀྱི་ཕྱོགས་ཤིག་མིན་ནམ། གསལ་པོ་ཧ་གོ་མ་སོང་། མ་ཚིག་FUNCTIONING STATE ཞེས་པ་དེ་ལས་འགན་སྒྲུབ་བཞིན་པའི་རྒྱལ་ཁབ་ཅེས་བསྒྱུར་བ་དེ་བདེ་བོ་རང་མཐོང་མ་སོང་། ཕལ་ཆེར་བྱེད་ནུས་འདོན་བཞིན་པའི་རྒྱལ་ཁབ་བམ། བྱེད་ལས་མ་ཉམས་པའི་རྒྱལ་ཁབ་ལྟ་བུར་བསྒྱུར་ན་ལེགས་སྙམ།
Although insular, theocratic and not a modern democracyཞེས་པ་དེ། རྗེས་ལུས་དང་ཆོས་ལྡན་རྒྱལ་ཁབ། དེང་རབས་དམངས་གཙོ་བཅས་མིན་ན་ཡང་། ཞེས་བསྒྱུར་བ་དེས་གོ་དོན་ནོར་བ་སྟོན། དངོས་གནས་བྱས་ན། ཕྱི་དང་འབྲེལ་བ་མེད་ཅིང་ཆོས་སྲིད་ཟུང་འབྲེལ་ཡིན་པ་ལས་མང་གཙོ་མིན་ན་ཡང་ཞེས་བསྒྱུར་དགོས་པར་འདུག
insular ཅིའི་ཕྱིར་རྗེས་ལུས་སུ་བསྒྱུར་བ་ཡིན། ཉིད་ཀྱིས་བསྒྱུར་བ་ལྟར་ན། རྗེས་ལུས་མིན་ལ་ཆོས་ལྡན་རྒྱལ་ཁབ་ཀྱང་མིན་པ། དམངས་གཙོ་ཡང་མིན་པ་ཞེས་གོ་གི་འདུག གང་ཡིན་ཟེར་ན་མཇུག་ཏུ་《བཅས་མིན་ན་ཡང་》ཞེས་བྲིས་པས་སོ།། འདི་ནི་དུས་ཐུང་ནང་བམ་ཀློག་བྱས་རྗེས་ཕུལ་བའི་བསམ་ཚུལ་ཡིན། སྐུ་ཉིད་ཀྱིས་འབད་བརྩོན་གནང་བར་ཐུགས་རྗེ་ཆེ།
རྩོམ་ཡིག་འདི་འདྲ་རྒྱ་ཡིག་ཏུ་བསྒྱུར་ཏེ་སྤྱི་ཚོགས་སུ་བཀྲམ་རྒྱུ་གལ།
རང་ཉིད་ལ་མཚོན་ན། བོད་རང་བཙན་ཡིན་བསམ་པའི་བློ་དེ་ལ་དོགས་པ་སྐྱེས་མྱོང་མེད། ཕྱི་གླིང་བ་ཞིག་གིས་བོད་རང་བཙན་རེད་ལབ་ན། ཁྱོད་ཚོས་མ་ཤེས་པ་མ་གཏོགས། བོད་རང་བཙན་ཡིན་ཡིན་པ་རེད་སྙམ་པ་ཞིག་དྲན་གི་ཡོད། རྒྱ་ནག་གིས་བོད་རང་བཙན་མིན་པའི་ཡིག་ཆ་འདྲེན་པ་དང་སྐད་ཆ་བཤད་སྐབས་ཁོང་དགོད་འདྲ་ཤོར་གིན་ཡོད།
ད་ནི་བོད་པ་ཚོས་ཀྱང་བོད་རང་བཙན་ཡིན་ཚུལ་ལ་ཡིག་ཆ་སྣ་ཚོགས་བཙལ་བ་དང་། ཁུངས་སྣེ་ཤོག་ལྷེ་རེ་བརྙེད་སྐབས་ཧུར་ཐག་འབད་ཐག་གིས་ཁུངས་སྐྱེལ་འདྲ་ཞིག་བྱས་ཡོང་དུས་གཞི་ནས་བོད་རང་བཙན་ཨེ་ཡིན་ནམ་སྙམ་པའི་དོགས་པ་དེ་སྐྱེས་ཡོང་གི་འདུག
ང་ལ་བོད་རང་བཙན་ཡིན་མིན་གྱི་དོགས་པ་སློང་མཁན་ནི་བོད་པ་ཚོ་ཡིན།
རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་དགོས།དེ་ལ་རྒྱུན་དུ་བསམ་ཤེས་བྱེད་རོགས་ཞུ།བོད་ཞིག་དང་མི་རིགས་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན་ན་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་བྱེད་རོགས།རྡོག་རྩ་གཅིག་ལམ་ཁ་གཅིག་ཁ་ཕྱོགས་གཅིག་སྒྲིག་འཛུག་གཅིག་ཡོངས་ཐུབ་ལ་བོད་མི་རེ་རེས་འགན་ལེན་བྱེད་རོགས།དེ་ལྟར་བྱེད་དགོས་པའི་དུས་ལ་ཐོན་ཡོད།འཐུས་ཤོར་ཏུ་མ་སོང་བ་ཞིག་བྱེད་རོགས་ཞུ་ཞུ།།།
འཇམ་དབྱངས་ནོར་བུ་ལགས་རྩོམ་ཡིག་འདིར་དྲངས་པ་ཧ་ཅང་བཟང་གི འདི་ཤེས་རྟོགས་བྱེད་དགོས་གལ་ཆེན་པོ་རེད།འོན་ཀྱང་ངས་ལོ་རྒྱས་མ་ཤེས་པ་དང་ལོ་རྒྱས་ཡོད་པ་མེད་རེད་ཟེར་བ་གཏན་ནས་མིན་ལོ་རྒྱས་ཐོག་རང་བཙན་ཡིན་ཡང་ད་ལྟས་བོད་ཀྱི་གནས་བབས་ལ་ལྟ་ཤེས་དགོས་རེད་མ་གཏོགས་རྗེས་སྐྱོང་ཁག་པོ་རེད་གལ་སྲིད་རྗེས་སྐྱོང་བ་ལ་གྲ་སྒྲིག་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ།རང་བཙན་རྩོད་པ་ལ་གྲ་སྒྲིག་གང་དང་གང་ཡོད་དམ་ཤེས་ཚུལ་ཐོག་གང་འདྲ་ཡོད་དམ།བློ་ཁེལ་ཐུབ་པའི་མི་ག་ཚོད་ཡོད།སློབ་སྤྱོང་མེད་ན་ལམ་ཁ་མེད་ཤེས་སོང་ངམ།སྒེར་སེམས་ཀྱི་བྱ་འགལ་ཇི་ལྟར་སྤེལ་ཀྱང་སྤྱིའི་དོན་ལ་ལམ་འགྲོ་རྒྱུན་སྐྱོང་ཡང་དཀའ་བ་དེ་ཚོ་ཤེས་སམ།གྲ་སྒྲིག་མེད་པའི་ཁ་བཤད་ཙམ་གྱི་བོད་སྤྱིའི་དོན་ལ་ནོར་འཁྲིལ་མ་བཟོ་རོགས།ཐུགས་རྗེ་གཟུགས།སེམས་ཤུགས་རང་རེད་ལོ་རྒྱུན་སྐྱོང་བྱེད་དགོས།འོན་ཀྱང་བོད་ས་ཡོངས་རྡོག་རྩ་གཅིག་དུ་ཡོངས་པ་ལ་འགལ་རྐྱེན་མི་ཡོང་བའི་འགན་ལེན་ཐུབ་དགོས་རེད།
ངའི་སེམས་ནང་གི་ཆེས་མི་སྣ་དགའ་ཤོས་དེ་མཆོག་ཏུ་བཀུར་འོས་མཁས་དབང་འཇམ་དབྱངས་ནོར་བུར་ལགས་ཡིན། ངས་དུས་རྒྱུན་བོད་པ་ཚང་ལ་ཁོང་ལྟ་བུ་གསོན་ཤུགས་ཅན་གྱི་མི་སྣ་མི་ཉུང་བ་ཞིག་ཡོད་ན་ཅི་མི་རུང་བསམ་གྱིན་ཡོད། ཡིན་ནའང་དེ་ནི་ཆེས་དཀོན་པོ་ཞིག་རེད་བཞག ཁོང་གིས་འདི་ལྟ་བུ་རླབས་ཆེ་ཡི་ལས་འགུལ་དག་ལ་བོད་མི་ཡོད་དོ་ལྕོག་གིས་སེམས་སུ་བརྗེད་མི་རུང་བའི་རླབས་ཆེ་ཡི་སྒྲུབ་བྱ་ཞིག་ཏུ་ངོས་འཛིན་གསལ་བོ་ཐུབ་དགོས།
འཇམ་ནོར་གྱི་རྩོམ་ཡིག་འདི་རྩོམ་པ་པོ་ཁོང་དང་དགེ་རབ་གཉིས་ལ་ཆོག་མཆན་ཞིག་ཞུས་ཏེ་དུས་བབ་ཚགས་ཤོག་སྟེང་བཀོད་ན་བཟང་སྙམ། དྲ་ཐོགས་ནས་ལྟ་མ་ཐུབ་མཁན་མང་པོ་ཞིག་ཡོད་པ་མ་ཟད། དུས་བབ་ཚགས་ཤོག་གི་གྲངས་དང་མཉམ་པའི་ཀློག་མཁན་གྱི་སྤྱན་སྔར་འབུལ་ཐུབ་གི་རེད། ད་དུང་ཡིག་ཐོག་ནས་རང་སོ་སོས་ཡིག་ཚགས་སུ་ཉར་ཆོག་གི་རེད།