ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་སྣ་ཚོགས་བྱས་པ་ཁག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་དང་གསལ་བཤད་རྒྱས་པ་ཞིག་གནང་སོང་ལ། བཀའ་ཤག་གི་གསལ་བཤད་དེ་ལ་དོན་ཚན་ ༥ འདུག་ཅིང་། དོན་ཚན་དང་པོ། ཐེངས་འདིར་བཀའ་ཤག་གི་སེམས་ཀྱི་ཚོར་བ་དང་། གཉིས་པ། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་དེ་དག་ཕེབས་དགོས་པའི་རྒྱུ་མཚན། གསུམ་པ། ༼ ཞི་བའི་གྲོས་འཆར་དོན་ཚན་ལྔ ༽ ནས་ ༼ བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ བར་གྱི་གནས་ཚུལ་གྱི་འགྱུར་ལྡོག་དང་འཕེལ་རིམ། བཞི་བ། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་དང་དོགས་འདྲི་ཁག་ལ་གསལ་བཤད། ལྔ་བ། གསུང་འཕྲིན་གྱི་དགོངས་དོན་སྙིང་པོ་ཐེངས་འདིར་ངེས་པར་དུ་ཐག་གཅོད་གནང་དགོས་པའི་འབོད་སྐུལ་བཅས་རེད། བཀའ་ཁྲི་མཆོག་གི་གསལ་བཤད་ཀྱི་ནང་དོན་རྒྱས་པ་དེ་རིང་ཕྱི་དྲོ་དུས་བབ་དྲ་བའི་གཙོ་ངོས་སུ་འགོད་འཆར་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
མཁས་དབང་འདྲ་པོ་ཞིག་མེད་ན་སྤྱི་འཐུས་རྣམས་པས་དོན་དངོས་ལ་མ་གཟིགས་པ་ཁ་བདེ་བདེ་བྱས་ཏེ་སྤྱི་ཚོགས་ནང་དགོས་མེད་ཧ་ཀྱང་མང་པོ་ཞིག་གླིང་སྡོད་གྱི་འདུག་
ང་ཚོས་སྐད་འཛེམས་ཟོན་མེད་པར་བཤད་པར་སྐྱོན་འཛུགས་བྱེད་ཀྱི་མེད། ཕྱོགས་ལྷུང་དང་སྤྱི་ལས་སྒེར་གཅིག་གཉིས་ཀྱི་གལ་ཆེར་བཟུང་ནས་བོད་ཀྱི་རྩ་དོན་ལ་ཕན་མི་ཐོགས་པའི་ཕྱག་ལས་གནང་སྟངས་ལ་སྐྱོན་འཕེན་གྱི་ཡོད། སྐད་ཆ་གསལ་པོ་བཤད་དགོས།
ཁྱེད་རྣམས་ཀྱིས་གྲོས་ཚོགས་འཚོག་བཞིན་པའི་སྣང་བརྙན་བརྙན་འཕྲིན་བརྒྱུད་ནས་གཟིགས་དང་གཟིགས་ངེས་བཞིན། སྤྱི་འཐུས་ཚང་མས་རྒྱུ་མཚན་ལྡན་པའི་བཀའ་མོལ་གནང་གི་འདུག་གམ། དཔེར་མཚོན་ན། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་༸གོང་ས་མཆོག་གི་ད་དུང་རང་བཙན་བཞེད་ཀྱི་ཡོད་པའི་རྒྱུ་མཚན་ལ་བདེན་ཚིག་སྨོན་ལམ་སོགས་བགྲངས་སོང་བ་གཟིགས་ཡོད་ཤག་ལ། ཡོན་ཏན་ཅན་གྱི་སྤྱི་འཐུས་ཡིན་ཁུལ་ཡང་། ༡༩༦༢ ནས་ ༢༠༡༠ བར་དུ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཕོ་འགྱུར་དེ་དག་དྲན་ཡུལ་ལ་མེད་པ་འདྲ། རང་བཙན་རྩོད་ལེན་ནས་དབུ་མའི་ལམ་སྔ་ཕྱིའི་འགྱུར་འགྲོས་ལ་གཟིགས་པའི་རྣམ་དཔྱོད་གང་དུ་འགག་པ་རེད་དམ། འགལ་བ་ལྟག་སྤྲོད་ཀྱི་བཤད་སྐད་དེ་འདྲ་བཤད་ན། གྲོས་ཚོགས་ཀྱི་དུས་ཚོད་གལ་འགངས་ཆེན་པོ་དེ་ཆུད་ཟོས་སུ་བཏང་བ་མ་རེད་དམ།
ཀརྨ་རྡོ་རྗེ་ལགས།
ཁྱེད་ཀྱིས། “བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོད་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།” ཞེས་གསུངས་ཀྱང་ངས་བལྟས་ན་ཁྱད་མཚར་གང་ཡང་མཐོང་གི་མི་འདུག གསུངས་སྟངས་དེ་ལ་བརྟེན་ན། ཁྱེད་ལའང་རང་དབང་དང་རང་བཙན་གཅིག་པའི་སྣང་བ་འཆར་གྱི་ཡོད་པ་འདྲ། གལ་ཏེ་དེ་ལྟར་སྣང་གི་ཡོད་ན། ངས་ཁྱེད་ལ་དྲི་བ་ཞིག་དྲིས་ན། ཁྱེད་རང་ལ་རྒྱ་གར་ནང་རང་དབང་འདུག་གམ། ཞེས་ན། ཁྱེད་ཀྱིས་ང་ལ་རྒྱ་གར་ནང་རང་དབང་འདུག་གསུང་ངམ་རང་བཙན་འདུག་གསུང་འདོད། དེ་གཉིས་གཅིག་པ་མིན་པ་དཔེར་བརྗོད་ལམ་ནས་གཟིགས་རོགས།
དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ། ༸གོང་ས་མཆོག་གི་བཀའ་དགོངས་དང་། མི་མང་གི་བསམ་ཚུལ་བརྒྱུད་ནས། སྤྱི་འཐུས་ཀྱིས་གཞུང་འཛིན་བཀའ་ཤག་ལ་སྟངས་འཛིན་བྱེད་དགོས་རྒྱུ་ཅིག་ལ། བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོད་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།
སྤྱི་འཐུས་ནང་སྐད་ཆ་འཛེམས་ཟོན་མེད་པར་བཤད་ན་སྤྱི་ཚོགས་ནང་ནག་པོ་ཆགས་ཀྱི་ཡོད་རེད། དེ་ཡང་སྔ་དུས་བོད་ཀྱི་སྐུ་དྲག་ཚོས་གཅིག་གིས་གཅིག་ལ་བསྟོད་ར་བྱས་ཏེ་དུས་ཚོད་ཕུད་པས་དེ་རིང་གི་བོད་འདི་བྱུང་བ་རེད། ད་ལྟ་ཡང་སྤྱི་འཐུས་མང་པོ་ཞིག་གིས་སོ་སོའི་རྐུབ་སྟེགས་སྲ་བརྟན་གྱི་ཆེད་དུ་ངོ་སོ་སྲུང་ནས་སྡོད་པ་ལས་སྤྱི་དོན་ལ་སྐད་ཆ་འཛེམས་དོགས་མེད་པ་ཤོད་མཁན་ཡོད་མ་རེད། ཚད་ལྡན་གྱི་སྤྱི་མི་རེ་འགའ་ཡོད་པ་དེ་ཚོ་སྐབས་རྗེས་མ་སྤྱི་འཐུས་ཆགས་ཐུབ་ཀྱི་མ་རེད།
དོགས་འདྲི་ཇི་ཙམ་བྱས་ན་ཡང་ བཀའ་ཁྲི་དང་ཐུབ་བསྟན་ལུང་རིགས་སོགས་ཀྱིས་ལེན་ཡག་པོ་ཞིག་འདེབས་རབ་ད་བར་དུ་ཚོར་མྱོང་མེད་ ཁོ་ཚོའི་དྲི་བ་བཏང་མཁན་དག་མཐོང་ཆུང་དང་ཁ་འགོག་ཅི་ཐུབ་བྱས་པ་ལས་ལྷགས་བསམ་རྣམ་དག་གིས་ལེན་ཞིག་འདེབས་རབ་མེད་
འཇིག་བྲལ་ལགས་ཀྱི་གསུང་པ་ཐབས་གཅིག་ཏུ་མ་རེད་ལབ་ན་འགྲིག་ཀྱི་མི་འདུག་
བོད་སྤྱི་བའི་དོན་དུ་རང་གི་བསམ་ཚུལ་གང་ཡོད་བཤད་པའི་རྐྱེན་གྱི་བར་སྐབས་
སྐད་ཆ་མང་པོ་བྱུང་བ་རེད།
རྒྱ་མི་གཞུང་འཛིན་པ་རྣམས་ལ་འདི་འདྲས་བཤད་ས་གོ་་སྐབས་ག་ལ་ཡོད།
བོད་མི་རིགས་ལ་ཤ་ཞེན་ཡོད་པའི་ཤེས་ཡོན་ཅན་རྣམས་ཀྱི་བཙན་བྱོལ་ནང་
མང་ཚོགས་ཚད་ལྡ་ཡོད་པའི་བྲས་རྟགས་རེད་གསུང་ནས་དགའ་བསུ་ཞུ་བཞིན་
ཡོད་རེད་
འཇིག་བྲལ་ཁོང་ཆབ་སྲི་ཧ་ཅང་ལེགས་པོ་ཡོད་པའི་རྟགས་ཞིག་རེད་བསམ་བྱུང་
དོགས་འདྲི་བྱེད་ན་ངེས་པར་དུ་གཞི་བཅོལ་ས་ཤིག་དགོས ། རི་བོང་གནམ་རྡིབས་ཀྱིས་སེམས་སྡུག་བྱེད་སྟེངས་བྱས་ན་དོན་མེད་རེད །
འཇིགས་བྲལ་ཟེར་བ་སྐབས་འཚོལ་བ་ཞིག་རེད། བཤད་མི་ཤེས་ན་དཀྲུགས་ཨེ་ཐུབ་ལྟ་གི་འདུག ཉི་མ་འདི་ཚོར་མི་འདི་དྲ་ཁང་ནང་བྲལ་བ་ཚ་ཤས་ཆགས་འདུག རྩོམ་འབྲི་མི་ཤེས་ན་ཨུ་ཚུགས་དང་ངོ་ཚ་མེད་པར་དོན་ཆེན་ཚང་མའི་ཐོག་ཉོག་བཤད་བྱེད་འདུག མི་ངན་འདིའི་རེ་བ་འདི་རེད། ཁོས་མཆན་ནང་”སྤྱི་འཐུས་ཚོས་བོད་སྤྱིའི་རྩ་དོན་རང་གི་ཆེད་དུ་ནང་འཛིང་བྱས་པ་ཡིན་ན་ཡག་པོ་ཡོད་རེད།” ཅེས་ངན་བསྐུལ་བྱེད་ཁུལ་བྱེད་ཀྱི་འདུག འོན་ཀྱང་བོད་མི་མང་གི་རེ་བ་དང་བསམ་ཚུལ་ནི་སྤྱི་འཐུས་ཚོས་བོད་སྤྱིའི་རྩ་དོན་རང་གི་ཆེད་དུ་ནང་འགྲིག་དང་མཐུན་སྒྲིལ་གནང་རོགས། འཁྲུགས་འཛིང་མ་བྱེད་ཟེར་ནས་རེ་བ་བརྒྱག་གི་ཡོད་པ་རེད། དེའི་ཕྱི་མི་ནག་འདིས་དག་དག་བོད་མི་མང་གི་རེ་འདོད་ཀྱི་ལྡོག་ཕྱོགས་དེ་འཛེམ་མེད་དུ་ཤོད་ཀྱི་འདུག
ངའི་རྣ་བ་ལེབ་ལེབ་འདིས་གོ་ནོར་ཐེབས་མེད་ན། ཉེ་ཆར་རང་གྲོས་ཚོགས་ནང་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་སྤྱི་འཐུས་རྣམ་པའི་བགྲོ་གླེང་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས།
གོང་ས་མཆོག་གི་དགོངས་པ་མཐར་ཐུག་དེ། རང་བཙན་རང་དུ་ཕེབས་ཀྱི་ཡོད་པའི་སྒྲུབ་བྱེད། སྲུང་མའི་འཕྲིན་སྐུལ་ཁག་དང་། བདེན་ཚིག་སྨོན་ལམ། དེ་མིན་གྱི་གསོལ་འདེབས་ཁག ཁ་ཕོ་མཐོན་པོ་དང་། སྐད་ངག་ཡོད་ཚད་ཀྱིས་ལུང་དྲངས་ཏེ།
བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནང་འུར་གཏམ་ལུང་པ་གང་རྒྱག་གི་འདུག སྒྲུབ་བྱེད་འདི་ཚོ་ང་ཚོས་བཀོད་མི་དགོས། དེ་སྔོན་ནས་རྒྱ་གཞུང་གིས་ཁ་ཟིན་རྣ་ཟིན་བྱས་ཏེ། རྣམ་པ་འགྱུར་བ་དང། མངོན་པ་མི་གསལ་བའི་རང་བཙན་ཡིན་ཚུལ་གྱི་ལུང་། དེ་དང་དེ་འདྲ་བ་འདྲེན་གྱི་ཡོད།
རང་ཉིད་རང་བཙན་གྱི་ལམ་དུ་འགྲོ་གི་ཡོད་ཀྱང་། བོད་མི་དམངས་དང་ལྷག་དོན་༸གོང་ས་མཆོག་གང་བྱུང་དུ་དྲུད་མི་ཉན། ༸གོང་ས་མཆོག་རྫུན་པར་གཏོང་མི་ཉན། ༸གོང་ས་མཆོག་རྒྱ་གཞུང་གི་ཁ་ནང་དུ་འཇུག་མི་ཉན།
སྤྱི་འཐུས་ཚོ་ལ་གསལ་བཤད་ག་ཚོད་གནང་ཡང་གསལ་བཤད་གནང་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་ཁག་པོ་མ་རེད། རེས་འགས་མགོ་འཚོས་ཀྱང་མ་འཚོས་ཁུལ་གྱིས་བཀའ་ཤག་ལ་བསྙོན་འཛུགས་བྱེད་རྐྱང་དང་། འགའ་ཤས་ཀྱིས་གྲོས་ཚོགས་སུ་ཁ་ཕྲན་བུ་བརྡར་བ་ཙམ་ལས་རྒྱབ་ལྗོངས་གནས་ཚུལ་ལ་དོ་སྣང་མི་བྱེད་པ་དང་། འགའ་ཤས་ནི་སོ་སོའི་ལྟ་གྲུབ་ལས་གཏམ་སྙན་གྲགས་གལ་ཆེ་བ་བཟུང་ནས་གྲོས་ཚོགས་རང་དུ་སོ་སོའི་ལྟ་གྲུབ་རང་བཙན་ཡིན་པ་སྤོབས་སེམས་ཆེ་མདོག་གིས་ཤོད་ཀྱང་། དབུ་མའི་ལམ་གྱི་ལྟ་གྲུབ་ལྡན་པའི་གྲོས་ཚོགས་སུ་ཞུགས་པའང་ཡོད། དེའི་རིགས་ནི་ཐ་ཤལ་ཞིག་རེད་ལ། དེའི་རིགས་ཀྱིས་དབུ་མའི་ལམ་ལ་ཕན་ཐོགས་པའི་ཕྱག་ལས་གནང་དཀའ། འོན་ཀྱང་རྐུབ་སྟེགས་གློད་མ་ཐུབ་པ་དེ་ནི། དེ་དག་གི་དཀའ་ངལ་ཆེ་ཤོས་རེད། ལྷག་པར་དུ་རིགས་ཤིག་ལ་བཟང་སྤྱོད་ཀྱི་ཆ་ནས་དགོངས་པ་ཞུ་དགོས་པ་བཤད་ཀྱང་། གཡག་གི་མཇིང་པ་ལྟ་བུ་བསྟན་ནས་ལན་འདེབས་ཕུལ་བའི་གནས་ཚུལ་ཡང་བྱུང་ཡོད། མདོར་ན། ལྟ་གྲུབ་དང་ཕྱག་ལས་གང་ཐད་ལ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས། ༸གོང་ས་མཆོག་གི་གྲོས་ཚོགས་ཀྱི་ཉིན་གཉིས་པའི་གསུང་འཕྲིན་རིན་པོ་ཆེ་གཟིགས་དང་། ༸སྐྱབས་མགོན་རིན་པོ་ཆེས་ཐུགས་དགྱེས་ཚོར་ངང་གནང་བ་ཞིག་ཡིན་ཚོད་མེད། སྤུན་ཟླ་ཚོ། རྡོག་རྩ་གཅིག་ཏུ་སྒྲིལ། གཅིག་ཏུ་སྒྲིལ། གཅིག་ཏུ་སྒྲིལ།
ཁ་ལས་བཤད་པ་ཙམ་གི་ཕན་འབྲས་མེད་ཟེར་ན་བསྒྲིགས་ཡིན་ན་ལག་ལེན་ངོ་མ་
ཞིག་ཡོད་ན་དགའ་བ་ལ་
ང་ཚོས་ཐེངས་འདིའི་གསལ་བཤད་ཀྱི་ཚིགས་བརྗོད་དེ་དག་གསལ་པོ་མཐོང་བ་ཡིན་ན་གནས་ཚུལ་འདིའི་དོན་གྱི་འཕེལ་རིམ་དེ་ཤེས་པ་འདུག དེ་མིན་ད་ལྟ་གསལ་བཤད་མ་མཐོང་ཙང་བརྗོད་ཤེས་ཀྱི་མི་འདུག
སྤྱི་འཐུས་ཚོས་བོད་སྤྱིའི་རྩ་དོན་རང་གི་ཆེད་དུ་ནང་འཛིང་བྱས་པ་ཡིན་ན་ཡག་པོ་ཡོད་རེད། ཞལ་ཟས་ཁྱི་ཡིས་ཟོས་ཀྱང་འཛུམ་དམུལ་དམུལ། ཟེར་བ་ལྟ་བུའི་སྤྱི་འཐུས་བྱས་ཀྱང་ཚོར་བ་མེད་བསྡད་པ་དེ་འདྲ་ཡིན་ན་དགོས་པ་གང་ཡང་ཡོད་མ་རེད།
ཐེངས་འདིའི་འཕེལ་ཕྱོགས་དེས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་ལོ་རྒྱུས་གསར་པ་ཞིག་གིས་ཉེན་བརྡ་བཏང་ཡོད་པ་རེད།
ཤེས་འཇོན་གཉིས་ལྡན་ཟེར་བའི་དོན་དམ་པའི་ཤེས་འཇོན་གཉིས་ལྡན་དེ་ཁོང་རེད་འབྱུང་གྱུར་གྱི་བཀའ་བློན་ཁྲི་པ་དེ་བཞིན་ཁོང་ལྟ་བུ་ཞིག་རྙེད་ཐབས་མེད་ནའང་ཁོང་གི་གསུང་ལས་སྐྐྱེས་པའི་སློབ་ཕྲུག་ཅིག་བྱུང་ནའང་འགྲིག་ངེས།
ད་ནི་དངོས་གནས་ཐག་གཅོད་ཅིག་བྱས་ན་ལེགས། ཡང་སྤྱི་འཐུས་རྣམ་པས་བཟའ་འཛང་བྱེད་མི་ཡོང་སྙམ་ནས་ཞེད་སྣང་ཞིག་འདུག