འདས་པའི་ལོ་ཕྱེད་ནང་ཐད་ཀར་མ་ཡིན་པའི་ཐོག་ནས་གྲོས་ཚོགས་དང་སྤྱི་ཚོགས། གསར་འགྱུར་བརྒྱུད་ལམ་ཁག་སོགས་བརྒྱུད་དེ། བཀའ་ཤག་ལ་ནག་ཉེས་གཉིས་བཙུགས་ཡོད། དང་པོ་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་གཞི་མིན་ཚུལ་དང་། གཉིས་པ་ཡིག་ཆ་དེ་གྲོས་ཚོགས་ལ་མ་བསྟན་སྐོར་བཅས་རེད། དེ་རིང་ཉན་ཞིབ་ཀྱི་གོ་སྐབས་འདི་བརྒྱུད་དེ་གནད་དོན་དེ་གཉིས་ཁ་གསལ་གཏིང་གསལ་བཟོ་རོགས། ཞེས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་ཡོད།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀ་ནས་མགོ་འཛུགས་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༦ བར། གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བཀའ་ཤག་ལྷན་རྒྱས་དང་བོད་མི་མང་སྤྱི་འཐུས་རྣམ་པ། དམིགས་བསལ་སྐུ་ཚབ་རྣམ་གཉིས། རྒྱ་གར་དུ་གནས་བཞུགས་བཀའ་ཟུར་རྣམ་པ། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་དང་རྔ་བ་ཚེ་རྒྱམ་གཉིས་གཙོས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་བཅས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་བསྐངས་ཡོད།
ཚོགས་འདུའི་མགོ་འཛུགས་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིར་ཉན་ཞིབ་ཀྱི་ཚོགས་འདུ་བསྐང་དགོས་པའི་རྒྱུ་མཚན་དང་ངོ་སྤྲོད་དང་སྦྲགས། ༧གོ་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དེ་བསྐྱར་དུ་སྒྲོག་འདོན་ཐེངས་གཅིག་བྱས་རྗེས། དེ་རིང་སྤྱི་འཐུས་རྣམ་པར་དུས་ཚོད་འདང་ངེས་ཤིག་སྤྲོད་རྒྱུ་ཡིན། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་རྒྱ་ལས་མ་བརྒལ་བའི་ཐོག་ནས་གནད་དོན་ཁག་གི་ཐད་དོགས་འདྲི་དང་ཉན་ཞིབ་གཏིང་ཟབ་གནང་སྟེ། ཐེངས་འདིར་ཕྱི་གསལ་ནང་གསལ་འཁྲུན་ཐག་གཅོད་པ་ཞིག་བཟོ་དགོས། ཞེས་གསུངས་སོང་ལ། བཀའ་བློན་ཁྲི་པ་མཆོག་གིས་ཀྱང་ཐེངས་འདིའི་ཉན་ཞིབ་ཀྱི་གནད་དོན་ངོ་སྤྲོད་དང་སྦྲགས། འདས་པའི་ལོ་ཕྱེད་ནང་ཐད་ཀར་མ་ཡིན་པའི་ཐོག་ནས་གྲོས་ཚོགས་དང་སྤྱི་ཚོགས། གསར་འགྱུར་བརྒྱུད་ལམ་ཁག་སོགས་བརྒྱུད་དེ། བཀའ་ཤག་ལ་ནག་ཉེས་གཉིས་བཙུགས་ཡོད། དང་པོ། རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་གཞི་མིན་ཚུལ་དང་། གཉིས་པ། ཡིག་ཆ་དེ་གྲོས་ཚོགས་ལ་མ་བསྟན་པ་བཅས་རེད། དེ་རིང་གི་ཉན་ཞིབ་གོ་སྐབས་འདི་བརྒྱུད་དེ་གནད་དོན་དེ་གཉིས་ཁ་གསལ་གཏིང་གསལ་བཟོ་རོགས། ཞེས་དང་།
སྤྱིར་༧གོང་ས་མཆོག་གི་གསུང་འཕྲིན་ནང་གི་གནད་དོན་ཁག་གི་ཐད་བཀའ་ཤག་གིས་གྲོས་ཚོགས་ལ་ལན་འདེབས་གསལ་བཤད་བྱས་ཚར་སོང་། བཀའ་ཤག་གིས་དེ་ལ་ཡང་བསྐྱར་གསལ་བཤད་ཅིག་དགོས་པར་མཐོང་གིན་མེད། ཆབ་སྲིད་དཔྱད་ཞིབ་པ་འགའ་ཞིག་གིས་ཀྱང་། སྤྱིར་གྲོས་ཚོགས་ཀྱི་བགྲོ་གླེང་དང་། ལྷག་པར་དུ་དེ་རང་གི་ཉན་ཞིབ་དེ་དགོས་པ་མེད་པ་དང་དུས་ཚོད་མ་རན་པ། ཆུ་དཀྲོགས་ཏེ་མར་འཐོན་རྒྱུ་མེད་པ་ཞིག་ལ་གཟིག་གིན་ཡོད། འོན་ཀྱང་ཆུ་དཀྲོགས་ནས་མར་འཐོན་རྒྱུ་མེད་ཀྱང་། ཆུ་མ་དཀྲོགས་པར་བཞག་ན་མང་པོ་ཞིག་གི་ཐུགས་དྭངས་གི་ཡོད་པ་མ་རེད། དེར་བརྟེན། ཆུ་དཀྲོགས་ན་མར་འཐོན་རྒྱུ་ཡོད་མེད་ལ་མ་བལྟས་པར་ཆུ་དཀྲོགས་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ། ཞེས་གསུངས་བྱུང་།
ཐེངས་འདིའི་ཉན་ཞིབ་ཀྱི་ཚོགས་འདུའི་སྟེང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་གསུམ་གཙོས་པའི་བཀའ་ཟུར་མདོ་སྔགས་བསྟན་འཛིན་དང་བཀའ་ཟུར་ས་འདུ་ཚང་རིན་ཆེན། བཀའ་ཟུར་བསྟན་འཛིན་དགེ་བྱེད། བཀའ་ཟུར་བློ་བཟང་དར་རྒྱས། བཀའ་ཟུར་ཀིརྟི་རིན་པོ་ཆེ། བཀའ་ཟུར་རིན་ཆེན་མཁའ་འགྲོ། བཀའ་ཟུར་བློ་བཟང་ཉི་མ་བཅས་ཞུགས་འདུག ཉན་ཞིབ་དངོས་གཞིའི་སྐབས། སྤྱི་འཐུས་ ༢༠ ལྷག་གིས་དྲི་བ་བཏོན་པ་དང་དགོངས་ཚུལ་གསུངས་པ་ཁག་ལ་བཀའ་བློན་ཁྲི་པ་མཆོག་གིས་ལན་འདེབས་དང་གསལ་བཤད་གནང་སོང་། འོན་ཀྱང་། ད་དུང་སྤྱི་འཐུས་མི་ཉུང་བ་ཞིག་གིས་ཕྱག་བརྐྱངས་ཏེ། དོགས་འདྲི་དང་དགོངས་ཚུལ་གསུང་རྒྱའི་རེ་འདུན་བཏོན་ཡོད་སྟབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སང་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་སླར་ཡང་སྤྱི་ཐབ་ཐོག་ཁང་དུ་ཚབ་འཛོམ་ཐོག དྲི་བ་དྲིས་ལན་དང་ཉན་ཞིབ་ཀྱི་ལས་རིམ་མུ་མཐུད་གནང་རྒྱུའི་ཐག་གཅོད་གནང་སོང་།
རང་བཙན་གཙང་མ། ཁྱེད་ཀྱིས་རྗེས་ལུས་ཀྱི་འདུ་ཤེས་ལས་ཐར་ཐབས་བྱེད་དགོས་ཞེས་ཧ་ཅིང་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བ་ལ་དཔའ་གདེངས་ཅི་ཞིག་ཡོད། ཁྱེད་ཀྱིས་འདུ་ཤེས་ ༼འདུས་ཤེས་ ༽ཞེས་པའི་ཚིགས་ཙམ་ཡང་འབྲི་མི་ཤེས་བཞིན་དུ་ད་དུང་ཡང་ཧམ་པ་རི་ལས་ཆེ། ཁྱེད་ཀྱིས་བོད་ཡིག་ཙམ་ཡང་འབྲི་མི་ཤེས་ན་དེ་རྗེས་ལུས་ནང་གི་ཡང་ལུས་རེད།
སྤྱིར་ད་ལྟའི་བཀའ་ཁྲི་ལས་ལྷག་འབྱུང་མི་སྲིད་པའམ་མེད་མི་སྲིད་མ་རེད་དེ། འོད་ཀྱང་བཀའ་ཁྲི་ཟམ་གདོང་ལ་མཚོན་ན་ཆོས་དང་འཇིགས་རྟེན་གཉིས་ཐད་ནས་ཆ་སྐྱེན་ཚང་བའི་མི་ཞིག་རེད་སྙམ།
རྗེས་ལུས་ཀྱི་འདུས་ཤེས་ལས་ཐར་ཐབས་བྱེད་དགོས་པ་རེད།
ཟམ་གདོང་བླ་མ་ལེགས་སྦྱར་ལ་མཁས་པ་ཡིན་གྱི་རེད། ཡིན་ན་ཡང་དེང་སང་ལེགས་སྦྱར་ཤེས་མཁན་དང་བེད་སྤྱོད་བེད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པས། སུས་མཁས་པ་ཡིན་མིན་ཤེས་ཀྱི་ཁག་པོ་རེད། དེ་མིན་རིག་གཞུང་གཞན་པ་ཚོའི་ཐད་ནས་ཟམ་གདོང་ནང་བཞིན་བརྒྱ་ཕྲག་མང་པོ་དང་སྟོང་ཕྲག་མང་པོ་ཡོད་ཀྱི་རེད། ཆབ་སྲིད་ཐད་ནས་ཀྱང་དེ་ལས་མཁས་པ་མང་པོ་ཡོད་ཀྱི་རེད། ལོ་ཆུང་ཚོའི་ནང་ཟམ་གདོང་ནང་བཞིན་མང་པོ་ཡོད་ཀྱི་རེད། བླ་རྒན་གཅིག་ལ་ཧ་ལས་དགོས་པ་ཡོད་མ་རེད། རྗེས་ལུས་ཀྱི་འདུས་ཤེས་ཐར་ཐུབ་དགོས་པ་རེད།
གྲགས་པ་རྒྱ་མཚོ་ལགས། ཁྱེད་ཀྱི་བསམ་འཆར་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཟམ་གདོང་བླ་མ་ལས་ལྷག་གི་བཀའ་ཁྲི་ཞིག་མེད་ཚུལ་བཤད་ན་དེ་ནི་དོན་ལ་བོད་རྒྱ་ཆེའི་མི་མང་ལ་བརྙས་གཅོས་དང་མཐོང་ཆུང་བྱས་པ་ཞིག་རེད།
དྲ་གྲོགས་ཚོ། བོད་ཀྱི་དུས་བབ་ནང་དུ་འཛུལ་སྟངས་ཁ་བརྡ་དྲ་ཚིག་ཏུ་བཀོད་འདུག་པས་དེར་གཟིགས་རྗེས་གཞན་དག་ལ་གསལ་བཤད་བྱས་ན་ཡག་པོ་འདུག ངས་ཀྱང་ཉིན་གཉིས་རིང་དུས་བབ་ཟིན་ཀློག་ཐུབ་མ་སོང་བས། དུས་བབ་ལས་ཁུངས་སུ་ཁ་པར་བཏང་ནས་དྲིས་པ་ཡིན།
དྲ་གྲོགས་ཚོ།
tibettimes ཞེས་བཀོད་ན་དྲ་ངོས་གཞན་འགའ་འབྱུང་བ་ལས་དུས་བབས་ཡོང་གི་མི་འདུག དེས་ན་དེའི་ཚབ་ཏུ་བོད་ཡིག་རང་གི་ཐོག་ནས་(བོད་ཀྱི་དུས་བབས་)་ཞེས་བཀོད་ན་ཡོང་གི་འདུག་ ཅེས་ཐུགས་ཕན་གསོ་རེ་དང་བཅས་ཏེ་ཕུལ།
གྲོས་ཚོགས་ལ་ཉན་བཞིན་ཡོད།http://www.tibetonline.tv/live/webcast.html
གྲོས་ཚོགས་ས་ཉན་བཞིན་ཡོད།http://www.tibetonline.tv/live/webcast.html
ད་ལྟ་བོད་པའི་སྤྱི་ཚོགས་སུ་ཟམ་གདོང་འདྲ་བ་སུ་ཡང་ཡོང་རྒྱུ་མེད་པའི་བཀའ་ཁྲི་ཨང་དང་པོ་དེ་ཡིན། བོད་ཀྱི་གཞུང་ལུགས་དང་། རིག་གནས། ལོ་རྒྱུས་ལ་མཁས་པ། ང་ཚོའི་སྡོད་གནས་རྒྱ་གར་གྱི་ཡུལ་སྲོལ་རིག་གཞུང་ཀུན་ལ་བྱང་ཆུབ་པ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་དང་རིག་གཞུང་ལ་ཆ་རྒྱུས་ཡོད་པ། དྷ་སར་བོད་པའི་སྐུ་དྲག་རྣམས་ཟིལ་གྱིས་གནོན་ཐུབ་མཁན། ད་སྐབས་རྒྱ་ནག་གིས་ཀྱང་དོགས་ཟོལ་བྱེད་དགོས་པའི་བཀའ་ཁྲི་ཁོང་ཡིན། ཁོང་དགོང་ཡོལ་རྫོགས་ཚར་ན་ཁོང་འདྲ་ཞིག་མི་ཡོང་ན་བཙན་བྱོལ་གཞུང་དེ་འཐོར་གཤིབ་མི་འདྲའམ་སྙམ་པའི་སེམས་འཕྲལ་འདུག ཁག་ཅིག་གིས་རྒྱ་རི་བློ་གྲོས་རྒྱལ་མཚན་ཡག་པོ་འདུག་ཞེས་དང་། ཡང་ཁག་ཅིག་གིས་སྐལ་བཟང་རྒྱལ་མཚན་ལེགས་ཞེས་བསྒྲགས།
དུས་བབ་ཁ་བྱང་རྙིང་བ་དེ་ godaddy.com་ཞེས་པ་དེས་དེབ་བསྐྱལ་བྱས་ཏེ་འཚོང་རྒྱུ་བཞག་ཡོད་པ་འདྲ། གླེང་མོལ་ཁང་ནས་ཁ་བྱང་གསར་བ་འདི་་རག་ནས་འཛུལ་ཐུབ་ཙམ་བྱུང་སོང་། ཡིན་ཡང་དཔར་ཤར་ཐུབ་ཀྱི་མིན་འདུག
ལྷན་རྒྱས་རྣམ་པ་གནས་སྐབས་རིང་དྲ་བྱང་ http://tibettimes.tibethosting.com/index.php?id=68&type=p འདི་བརྒྱུད་ནས་དུས་བབ་དྲ་ཐོག་ལ་ཕེབས་རོགས། གྲོགས་དང་རོགས་ཚང་མར་དེ་དོན་གྱི་བརྡ་ལན་རེ་འབུལ་རོགས། མི་འགྱངས་པར་དྲ་བྱང་བསྐྱར་དུ་འགོད་ངེས་ཡིན་པས་སྐབས་བསྟུན་བརྡ་ལན་འབུལ་ཆོག
གཤམ་དུ། ལས་རིམ་རྣམ་གཞག་ལ་མ་འགལ་བའི་སྒོ་ནས་འབྲེལ་ཡོད་གསར་འགྱུར་ནང་གི་དོན་གནད་ཁག་ལ་མུ་མཐུད་ནས་བགྲོ་གླེང་གནང་རོགས།
དུས་བབ་དྲྭ་རྒྱར་འཛུལ་སྐབས་googleབརྒྱུད་དེ་འཛུལ་དགོས་པ་ལས། དེ་མིན་དྲྭ་རྒྱ་གཞན་ཞིག་ཤར་ཏེ་འཛུལ་ཐུབ་ཀྱི་མི་འདུག
དུ་བབ་དྲ་རྒྱ་ནང་འཛུལ་སྐབ་དྲ་ངོས་གཞན་ཞིག་མཆར་ཡོང་གི་འདུག་རྒྱུ་མཚན་གང་ཡིན་དྲ་བདག་ནས་རྟགས་དཔྱད་མནང་རོག
གལ་སྲིད་༸གོང་ས་མཆོག་གི་གསུང་འཕྲིན་ཐོག་སྤྱིར་གྲོས་ཚོགས་ཀྱི་བགྲོ་གླེང་དང་། ལྷག་པར་ཉན་ཞིབ་དེའི་སྐོར་ཆུ་དཀྲོགས་ནས་མར་ཐོན་རྒྱུ་མེད་པ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་གསུངས་པ་དེ་མགོ་འཚོས་མ་སོང་ལ་དེ་ལྟར་གསུངས་ཡོང་དུས་ཚོགས་གཙོ་དེ་ལ་ཚོར་བ་ག་འདྲ་འདུག་གམ་གསར་འགོད་པ་ལགས།
དུས་བབ་ཚང་ལགས།
ང་རང་ཚོའི་དྲ་གྲོགས་མང་པོ་ཞིག་ལ་དུས་བབ་དྲ་བའི་ནང་དུ་མཛུལ་མི་ཐུབ་པའི་དཀའ་སྔལ་འཕྲད་བཞིན་པར་འདྲ། ང་ཡང་དེ་རིང་ཉིན་གང་པོ་མཆན་བཏབ་མ་ཐུབ་པ་གཀའ་ལས་བྱུང་སོང་། དུས་བབ་འགན་ཁུར་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་བ་ལ་གནས་ཚུལ་ག་རེ་བྱུང་མེད་གསལ་བཤད་རེ་ཡོད་ན་ཕན་ཐོག་ཆེན་པོ་འདུག
བཀྲ་ཤིས་བདེ་ལེགས།