མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱུང་འགྱུར་སྒེར་འཁོན་ཕྱོཊ་འཐེན་མི་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་། སྤྱི་ནོར་༧གོང་ས་མཆོག་གིས་ཆེད་དུ་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ཐད། སྤྱི་འཐུས་གྲོས་ཚོགས་ནས་བགྲོ་གླེང་བ་དང་། ཟུར་དུ་ཉན་ཞིབ་ཀྱི་ཚོགས་འདུ་བསྐངས་པ་བཅས་བརྒྱུད་དེ། གནད་དོན་རྣམས་ཁ་གསལ་གཏིང་གསལ་འཁྲུན་ཐག་ཆོད་པ་ཞིག་བྱུང་མཐར། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད་པ་དེ་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་འབེབས་ཐག་གཅོད་བྱུང་སོང་།

གྲོས་ཆོད་དེའི་སྔོན་གླེང་ནང་བཀོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༣ པའི་ཚེས་ ༨ འཁོད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༩ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་ཞུ་རྒྱུ་དང་། གསུང་འཕྲིན་ནང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་བླང་དོར་ཞུ་སྒོ་སྤྱི་དང་། ཁྱད་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ “བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནང་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས” ཞེས་སྤྱི་ཕེབས་བྱུང་བར་ད་ལམ་གྲོས་ཚོགས་སུ་བགྲོ་གླེང་དང་། འབྲེལ་ཡོད་ཡོངས་ལ་ཉན་ཞིབ་མཐིལ་ཕྱིན་བྱས་པའི་མཐའ་དོན་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོར་མཐོང་། ཞེས་བཀོད་འདུག

 

གྲོས་ཆོད་དངོས་གཞིར་དོན་ཚན་ ༤ བཀོད་ཡོད་པ་གཤམ་གསལ་ལྟར་ཡིན། དང་པོ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་སྤེལ་ཆེད་རང་ནུས་གང་ཡོད་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུངས་ཞུ་རྒྱུ་དང་། ད་བར་ང་ཚོའི་བསམ་སྤྱོད་ཀྱི་ནུས་པས་མ་འདང་བས་རྟོན་བཞིའི་འཇུག་ལྡོག་ནོར་བ་ཐམས་ཅད་ལ་བཟོད་གསོལ་ཞི་བ་དང་ཆབས་ཅིག་མཐོལ་བཤགས་ཞུ་རྒྱུ་དང་། འབྱུང་འགྱུར་སྒེར་འཁོན་ཕྱོགས་འཐེན་རིགས་སྤངས་ཏེ། མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་སྤང་བླངས་འཛོལ་མེད་ཞུ་རྒྱུ་ཡིན།

གཉིས་པ། བོད་རྒྱ་འབྲེལ་མོལ་ཀྱི་ལས་རིམ་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆའི་ནང་དོན་རྣམས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཡིན་པར་ངེས་རྙེད་གོ་རྟོགས་གསལ་པོ་བྱུང་ལགས་པ་དང་། ཡིག་ཆ་དེ་དག་གྲོས་ཚོགས་ལ་གྲོས་བསྡུར་གནང་དགོས་མ་མཆིས་པར་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ཕྱག་བསྟར་གནང་བར་ངོས་འཛིན་ཞུ་རྒྱུ།

གསུམ་པ། ཕྱི་ལོ་ ༡༩༩༧ ཟླ་ ༩ པའི་ཚེས་ ༡༨ ལ་བཞག་པའི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ད་ཕན་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་བཅས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་བཀྲིན་བསྐྱངས་པར་སྙིང་ནས་བཀྲིན་བསམ་ཤེས་ཞུ་རྒྱུའི་ཐོག་གོང་གསལ་གྲོས་ཆོད་ལ་བསྐྱར་དུ་མཇུག་གནོན་དང་འབྲེལ་འབྱུང་འགྱུར་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་རྒྱུའི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐག་གཅོད་དང་ཕྱག་བསྟར་གང་གནང་ལ་གྲོས་ཚོགས་ཀྱིས་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ།

བཞི་བ། བར་སྐབས་ཀྱི་བྱུང་རྐྱེན་འདི་དག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་གི་ལྷ་དགོངས་འཁྲུག་གཞིའི་རིགས་ཇི་གྱུར་ལ་སྙིང་ནས་བཟོད་གསོལ་འགྱོད་བཤགས་ཞུ་རྒྱུ་བཅས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༣ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 12

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འབྱུང་འགྱུར་སྒེར་མཁོན་མེད་པར་འདོད་ན།
    འབྱུང་འགྱུར་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་སྤངས་དགོས།
    འབྱུང་འགྱུར་ལྷག་བསམ་རྣམ་དག་གིས་བོད་སྤྱི་དོན་སྒྲུབ་ན།
    འབྱུང་འགྱུར་གྱི་བོད་མིའི་གནས་ཚུལ་ཡར་རྒྱས་འགྲོ་སྲིད།

    Reply
  2. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    ངོ་མ་བདེན་ན་ཡག་པོ་འདུག་ཀྱང་། ཨེ་བདེན་ན་ཡིན་ན། ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལ། ཚང་མ་སྔོན་ཐོན་གྲལ་ལ་སྐྱོལ།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྤྱིར་མི་ལ་ནོར་འཁྲུལ་མེད་པ་དང་། ཤིང་ལ་འཛེར་བ་མེད་པ་མེད། ཡིན་ན་ཡང་སྐྱོན་ཆ་ཡོ་བསྲང་དང་འཕགས་མཆོག་ཕྱག་ན་པདྨོའི་བཀའ་དགོངས་སྤང་བླངས་ཚུལ་བཞིན་བྱས་པར་བསྔགས་བརྗོད་དང་ཡི་རང་ཡོད།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམས་པས་ལམ་ནོར་བསྡོག་ཤེས་མནང་བར་དགའ་ཡོད། རྗེས་སུ་ཡང་སྤྱི་བསམ་སྙིང་བཅང་གིས་དགེར་མཁོན་འཐེན་ཁྱེར་རིག་ཏེན་ནས་མི་ཡོང་བ་མནང་རོག་ཞེས་བོད་འབང་ཞིག་གི་ངོས་ནས་གསོལ་བ་ལན་བརྒྱར་འདེབ་བཞིན་ཡོད།

    Reply
  5. སེམས་བཟང་། says:
    ལོ་ 16 སྔོན།

    དངོས་གནས་སྙིང་རྗེ། བཀའ་ཤག་གསར་རྙིང་གི་འགྲན་རྩོད་ཁྲོད་ནས་སྤྱི་མཐུན་ལྷན་ཚོགས་ནི་སྤྱི་ཚོགས་མདུན་བྱིས་པ་བསམ་མེད་ལྟ་བུར་ཆགས་ཤག །ཐོག་མར་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཟེར་མཁན་ཀྱང་སྤྱི་མཐུན་ལྷན་ཚོགས་མ་རེད་ལ། ད་ཐེངས་ཀྱི་གནོན་ཤུགས་སྤྲོད་མཁན་ཀྱང་སྤྱི་མཐུན་ལྷན་ཚོགས་མ་རེད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་མདུན་ནག་ཉེས་ངོས་ལེན་དང་བཤགས་སྡོམ་བྱ་མཁན་ནི་སྤྱི་མཐུན་ལྷན་ཚོགས་རེད། གནས་ཚུལ་འདིས་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་བཀའ་བློན་གསར་རྙིང་སོགས་ཀྱི་རྒྱུག་ཁྱི་ཙམ་ལས་སོ་སོ་རང་རང་ལ་དམིགས་འདུན་དང་ཤེས་འཇོན་གང་ཡང་མེད་པ་གསལ་སྟོན་བྱས་ཡོད།

    Reply
  6. ཕྱོགས་གླང། says:
    ལོ་ 16 སྔོན།

    ཕྱོགས་རིས་སྐོར། སྤྱི་ཡོངས་ནས་བཤད་ན་༧རྒྱལ་བ་རིན་པོ་ཆེའི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་དང་། བོད་མིའི་ཤེས་ཡོན་གནས་ཚད་གོང་མཐོར་ཕྱིན་པའི་ནུས་སྟོབས་ཟུང་སྦྲེལ་ལ་བརྟེན་ནས་བོད་ཀྱི་ཆོས་ལུགས་རིས་མེད་ཕན་ཚུན་གུས་བརྩི་དང་། འཆམ་མཐུན། དེ་བཞིན་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་བསྒྲིལ་གྱི་གནས་སྟངས་ད་ལྟ་ལས་ལྷག་པ་ཞིག་བྱུང་མྱོང་མེད་པ་ལྟ་བུ་རེད། འོན་ཀྱང་ལེགས་ཉེས་བླང་དོར་མི་ཤེས་པ་ཀླད་རྙིང་མཁྲེགས་བཟུང་ཅན་རེ་ཟུང་གིས་ལུང་ཚན་ཕྱོགས་རིས་ཀྱི་སྐད་ཆ་ཤོད་ཀྱི་ཡོད་པ་དེ་ཚོ་ནི་བོད་མི་རིགས་ཀྱི་མཐུན་བསྒྲིལ་དང་སྟོབས་ཤུགས་བསྟོར་བཤིགས་གཏོང་རྒྱུའི་དུག་རྫས་ནུས་ཤུགས་ཅན་ཞིག་དང་མཚུངས་པ་རེད། ང་ཚོར་ལུང་ཚན་རྩོད་གཞིའི་ས་ཁོངས་ལག་མཐིལ་ཙམ་ཡང་བདག་དབང་མེད་པ་དང་། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་མང་ཆེ་བ་ནི་མི་རབས་གསར་པ་ཕ་མ་བོད་ཀྱི་ས་ཁུལ་འདྲ་མིན་སྣ་ཚོགས་ནས་ཡིན་པ་གཉེན་སྒྲིག་བྱས་པའི་བུ་་ཕྲུག་སྐྱེས་ཡུལ་རྡ་ས་དང་། ཌལ་ཧོར། ཀ་སྦུག། མའི་སོར། བལ་ཡུལ་སོགས་ཡིན་པ་ཙམ་དུ་མ་ཟད། ཁོང་ཚོ་རྡ་རམ་ས་ལས་གཙོས་པའི་བོད་ཀྱི་བུ་གསོ་ཁང་དང་། བོད་ཁྱིམ། བོད་གཞུང་སློབ་གྲ་བཅས་པའི་ནང་མཉམ་དུ་འཚར་ལོངས་བྱས་པའི་ཕ་མ་གཅིག་གི་བུ་ཕྲུག་ལྟ་བུ་རེད། བྱས་ཙང་རྒྱུ་མཚན་ག་རེའི་ཐོག་ནས་ལུང་ཚན་ཕྱོགས་རིས་ཀྱི་སྐད་ཆ་བཤད་དགོས་དོན་འདུག་གམ། རང་སྲོག་རང་གིས་གཅོད་བྱེད་ཀྱི་དུག་རྫས་དེ་རིགས་ང་ཚོའི་མི་རབས་གསར་པའི་ཁྲོད་དུ་དར་ཁྱབ་མི་ཡོང་བའི་ཆེད་དུ་ང་ཚོ་བོད་རིགས་སྤུན་ཟླ་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་འཛེམས་ཟོན་མེད་པར་བཀག་འགོག་བྱེད་རྒྱུ་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ལས་དོན་གལ་ཆེི་ཤོས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁེ་ན་ཌ་ནས།།

    Reply
  7. kunsal says:
    ལོ་ 16 སྔོན།

    བོད་མི་མང་ནས་འགན་འཁུར་མ་བླངས་པ་མ་རེད། མ་འོངས་པའི་ཆེད་དུ་མང་གཙོའི་ལམ་བཟང་དུ་བསྐྱོད་རྒྱུའི་སྦྱོང་བརྡར་བྱེད་བཞིན་ཡོད་ལ་བཀའ་བློན་ཁྲི་པ་ཡང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་རེད། ད་ལྟའི་ཆར་མི་མང་གིས་འགན་རྐང་འཁུར་བར་གནས་དུས་དབང་གིས་ནུས་པས་འདེང་གི་མེད། མི་མང་གིས་འགན་རྐང་འཁུར་བར་རང་ལ་དབང་བའི་རྒྱལ་ཁབ་དང་ཁྲིམས་སྲུང་གི་ཆ་རྐྱེན་སོགས་ཚད་ལྡན་དགོས་པ་ལས་མིའི་ལུང་པར་ཡུལ་གྱར་ནས་བསྡད་ཡོད་པའི་མི་མང་ཉུང་ཤས་ཤིག་གིས་ཚད་ལྡན་མང་གཙོའི་རྒྱལ་ཁབ་ལྟར་བྱ་རྒྱུའི་བསམ་པ་ད་ལྟ་ཆེས་སྔས་སྐྱོན་མ་ཡིན་ནམ། སྤྱི་འཐུས་འཚོགས་དུས་བརྒྱད་པར་སྤྱི་འཐུས་འགའ་ཞིག་གིས་གནད་དོན་ཆུང་ངུ་ཞིག་ལ་ག་རེ་བྱས་སྐབས་དེའི་བརྙན་འཁོར་ནང་ཐོན་པའི་དགྲ་དགའ་གཉེན་སྡུག་དེ་མ་མཐོང་ངམ། ༧གོང་ས་མཆོག་ལ་ཡར་འབུལ་གང་ཐུབ་བྱེད་པ་འདི་༧གོང་ས་མཆོག་གིས་མ་གཏོགས་འཇོན་གྱི་མེད་པས་རེད། ༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ནང་བོད་དོན་ལ་རྒྱབ་སྐྱོར་ཇི་མང་དུ་འགྲོ་བཞིན་ཡོད་པ་འདི་ཤེས་རྒྱུ་གལ་ཆེ།

    Reply
  8. karma dorje says:
    ལོ་ 16 སྔོན།

    ཐུགས་རྗེ་གཟིགས། འབྱུང་འགྱུར་སྒེར་འཁོན་ཕྱོཊ་འཐེན་མི་བྱེད་པའི་དམ་བཅའ་དེ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ད་བར་དུ་དུས་བབ་ཚང་གི་ལྡེ་མིག་འདི་འདྲར་ཆག་པ་ཡང་མ་ཚོར།

    Reply
  10. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ལུས་པོ་རྙིང་པར་ལྟ་བ་གསར་པ་བླུག་པའི་ཐུགས་དགོངས་དེ་དངོས་ནས་རྗེས་སུ་ཡིད་རང་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཀྱང་རེད།
    དེས་ན་མཆོག་ཏུ་བཀུར་འོས་ཀྱི་སྤྱི་འཐུས་ལྷན་རྒྱས་ལ་འབངས་ཀྱི་གྲལ་མཐར་གནས་པ་བདག་གིས་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་འགན་ཁུར་ལེན་མ་ཐུབ་པ་དེར་ད་ལན་གསལ་པོ་བྱུང་སོང་། བོད་མི་རིགས་ཀྱི་རྩ་དོན་དེར་སྤྱི་འཐུས་རྣམས་ཀྱི་འགན་ལེན་མ་ཐུབ་པ་འདིས་བོད་མི་རིགས་ཀྱི་རྩ་དོན་དེར་བོད་མི་རིགས་ཀྱིས་འགན་ཁུར་ཐུབ་ཀྱིན་མེད་པར་མཚོན་གྱི་འདུག

    སྔར་ནས་ད་ལྟར་བར་དུ་བོད་མི་རིགས་ཀྱི་རྩ་དོན་འདི་༧གོང་ས་མཆོག་ལ་ཡར་ཕུལ་གང་ཐུབ་བྱས་པ་ལས་བོད་མི་མང་གི་འགན་ཁུར་ཡག་པོ་ལེན་ཐུབ་མེད་པར་གསལ་པོ་ཆགས་འདུག

    Reply
  12. kunsal says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ནས་འཇུག་བསྡོམས་ཡང་དག་པ་ཞིག་གནང་འདུག་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། འདིས་ཐ་མའི་རྒྱལ་ཁ་བདེན་པར་ཐོབ་ཟེར་བར་ངེས་ཤེས་འཕར་མ་ཞིག་ལོས་སྐྱེ། དེ་དོན་ཁུངས་མེད་སྐྲོག་རྐྱེན་བཟོ་མཁན་ཚོས་བསམ་ཤེས་ཀྱིས་བླང་དོར་འཇུག་ལྡོག་ཚུལ་བཞིན་ཡོང་བའི་རེ་བ་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྲིད་མཐར་བརྟན་པ་དང་། རླབས་ཆེན་དགོངས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་བསྒྲུབ་པར་ཤོག བཀའ་བཞིན་སྒྲུབ་པའི་མཛད་གཙོ་རྣམས་སྐུ་ཚེ་བརྟན་ཅིང་མཛད་པ་མཐར་ཕྱིན་ཡོང་བར་བསྟན་སྲུང་བརྒྱ་ཚོས་སྐྱབས་དང་མགོན་མཛོད་ཅིག བོད་རྒྱལ་ལོ༎

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese