དེ་རིང་ཁ་བརྡ་དྲ་རྒྱའི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དབུས་སྤྱི་ཁྱབ་ཁང་གི་རྒྱུན་ལས་མང་མོས་ཀྱིས་ཐག་གཅོད་བྱུང་དོན་ལྟར། ལས་གནས་ནས་ཕྱིར་འབུད་བཏང་བའི་སྐོར་ཞིག་བཀོད་ཡོད་ལ། གསར་འགྱུར་དེའི་ཡོང་ཁུངས་ནི་ཕ་ཡུལ་དྲ་རྒྱའི་ཧླེང་སྟེགས་སྟེང་མི་ཞིག་གིས་གླེང་གཞི་རུ་སྤེལ་བ་དེ་ཡིན་པ་དང་དེའི་ནང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་ཁག་གི་གཞོན་ནུའི་ས་རྒྱུན་ཁག་ལ་བཏང་བའི་ཕྱག་འཕྲིན་ཞིག་འདྲེན་བཀོད་བྱས་ཡོད།
གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་དེ་སྔོན་ནས་གཞོན་ནུའི་ཚོགས་གཙོར་བཀའ་འདྲི་ཞུས་ཡང་གཞོན་ནུའི་ནང་ཁུལ་གྱི་རྩོད་ཉོག་ཡིན་སྟབས། ཕྱིར་བསྒྲགས་བྱ་རྒྱུ་མིན་ཞེས་གསུངས་ཡོད་ཐོག དེ་རིང་གཞོན་ནུའི་ཚོགས་གཞོན་ལགས་སུ་བཀའ་འདྲི་ཞུས་སྐབས་ཀྱང་འདི་ཐད་དམིགས་བསལ་བསམ་ཚུལ་བཏོན་མ་སོང་།
དེ་ལྟར་ཡང་། ད་ལྟ་སྤྱི་ཚོགས་ནང་འདིའི་སྐོར་གྱི་གླེང་གཞི་ཤུགས་ཆེར་འགྲོ་བཞིན་ཡོད་ཐོག མང་ཚོགས་ནང་གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོང་དགོས་པའི་སྐོར་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཀྱང་བཤད་ཀྱིན་པ་མ་ཟད། ཕ་ཡུལ་དྲ་རྒྱའི་གླེང་སྟེགས་སྟེང་བཀོད་པའི་ངྷ་ས་དབུས་གཞོན་ནུའི་སྤྱི་ཁྱབ་ཡིག་ཚང་ནས་ས་གནས་ཁག་ལ་བཏང་བའི་འཕྲིན་དང་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་དབུས་རྒྱུན་ལ་བཏང་བའི་འཕྲིན་ཡིག་གཉིས་ཀྱི་སྐོར་འབྲེལ་ཡོད་གཞོན་ནུའི་དབུས་རྒྱུན་རྣམས་ཀྱིས་ཤེས་རྟོགས་བྱུང་མི་འདུག
དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་རྒྱུན་ཁག་ལ་བཏང་བའི་འཕྲིན་ཡིག་ནང་གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོང་དགོས་དོན་གནས་ཚུལ་བཀོད་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ནས་དབུས་རྒྱུན་ལས་མང་མོས་ཀྱིས་ཕྱི་ལོ་ ༡༠༡༠ ཟླ་ ༢ ཚེས་ ༢༥ ནས་མགོ་འཛུགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་གནང་བ་དང་། ད་བར་དབུས་རྒྱུན་སྐབས་བཅུ་གསུམ་པའི་རིང་དབུས་གཞོན་ནུའི་ལས་དོན་ཆེད། ཕྱི་རྒྱལ་དུ་དབུས་རྒྱུན་སུ་འགྲོ་མིན་ཚོགས་གཙོའི་འགན་དབང་ཐོག་ནས་ཐག་བཅད་པ་ལ་ད་བར་དབུས་རྒྱུན་ཚོས་རྒྱབ་སྐྱོར་མོས་མཐུན་གྱིས་རྙོག་གླེང་མེད་པར་ཕྱིན་ཡོད་པ་བཞིན། དེ་རིང་ཡང་ནེའུ་ཡོག་ཟས་བཅད་ལས་འགུལ་གོ་སྒྲིག་པ་ཚོགས་གཙོས་ཐག་གཅོད་གནང་སྟེ། ལས་འགུལ་གོ་སྒྲིག་པ་དང་ཟས་བཅད་པ་རྣམས་ཀྱིས་ཕྱི་སྐྱོད་ལག་འཁྱེར་ཨ་རིའི་གཞུང་ཚབ་ནས་མཆོག་མཆན་ཞུས་པའི་སྔ་རྗེས་སུ། ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིའི་གཞུང་ཚབ་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུས་ཏེ། གཞོན་ནུའི་ལས་དོན་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་ཞུ་རྒྱུ་དེ་ཉིད། ངན་ཇུས་མགོ་སྐོར་ཡིན་ཚུལ་བཤད་དེ། གལ་ཆེའི་ལས་དོན་ལ་འགོག་རྐྱེན་བཟོས་པར་བརྟེན། ཨ་རིའི་གཞུང་ཚབ་ནས་ཕྱི་སྐྱོད་ཆོག་མཆན་སྤྲད་ཟིན་པ་ཕྱིར་བསྡུ་བྱས་ཤིང་། ད་ཆ་ལས་འགུལ་དེ་བཞིན་གོ་སྒྲིག་མཚམས་འཇོག་དགོས་བཟོས་པ་མ་ཟད། དབུས་རྒྱུན་ལས་ཀྱི་ཐག་གཅོད་ཟིན་པའི་ལས་རིམ་ཁག་གཞན་ཡང་འགག་དགོས་བཟོས་ཡོད།
ད་དུང་ཚོགས་གཞོན་གྱིས་ ༢༠༡༠ ཟླ་ ༢ ཚེས་ ༡ ཉིན་ནེའུ་ཡོག་ས་རྒྱུན་ཡོངས་ལ་གློག་འཕྲིན་ནང་། བཤད་མི་འོས་པའི་གནས་ཚུལ་གལ་ཆེན་ཞིག་བཏང་བ་དང་། དེ་རྗེས་ཚེས་ ༣ ཉིན་ནེའུ་ཡོག་ས་གནས་ཚོགས་གཙོའི་གློག་འཕྲིན་ཁ་བྱང་ཧེག་བྱས་པའི་ཚབས་ཆེའི་གནས་ཚུལ་ཐོན་ཏེ། དགྲ་ཕྱོགས་ཀྱི་འཁྱོགས་བཤད་ལ་དགོས་མཁོ་སྐྲུན་པ་ལྟ་བུ་ཆགས་ཡོད།
གལ་སྲིད་རྒྱུན་ལས་ནང་ཁུལ་བསམ་ཚུལ་མ་མཐུན་པ་བྱུང་བའི་དབང་དུ་བཏང་ཡང་། བསམ་ཚུལ་མ་མཐུན་པ་དེ་དག་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས། དབུས་རྒྱུན་ཟུར་བའི་ལྷན་ཚོགས་སོགས་ནང་མོལ་ཐག་གཅོད་བྱེད་པའི་བརྒྱུད་ལམ་ཡོད་བཞིན་དུ། དོན་གྲུབ་རྡོ་རྗེས་དེ་དག་གང་ཡང་མ་བརྒྱུད་པར། ཐད་ཀར་ཨ་རིའི་གཞུང་ཚབ་ལ་ཞུ་གཏུགས་བྱས་ཏེ། དེ་རིང་གི་ལས་དོན་ལ་འགོག་རྐྱེན་བཟོས་པ་ཙམ་མ་ཡིན་པར། མ་འོངས་པར་རྒྱལ་སྤྱིའི་སྡེངས་ཆའི་ཐོག་སྒྲིག་འཛུགས་ཀྱི་ལས་དོན་དང་ཆེ་མཐོང་ལ་བསམ་མི་ཕོད་པའི་དོ་ཕོག་དང་། དེ་བཞིན་གལ་གནད་ཧ་ཅང་ཆེ་བའི་འབྲེལ་ཡོད་སྡེ་ཚན་གཞན་གྱི་ཆེ་མཐོང་ཡང་བརླག་གཞི་བཟོས་ཡོད་ཅིང་། དབུས་དང་ས་གནས་བར་གྱི་འབྲེལ་ལམ་དང་ཡིད་ཆེས་ལ་ཡང་དོ་ཕོག་བཟོས་པ་མ་ཟད། ཚོགས་འདུའི་ཐོག་ནོར་འཁྲུལ་ངོས་ལེན་ཙམ་ཡང་མ་གནང་བར་བརྟེན། མ་འོངས་པར་བར་ལམ་གྱི་གནས་ཚུལ་བཞིན། ངན་པ་རྒྱ་ཡན་དང་རང་སྣང་གང་ཤར་གྱིས་སྒྲིག་འཛུགས་རྩིས་མེད་བྱས་པ་འདི་བཞིན་སླར་ཡང་མི་ཡོང་བ་དང་། སྒྲིག་འཛུགས་སྲ་བརྟན་ཡོང་སླད། སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་། ལེ་ཚན་དགུ་བའི་ནང་གསེས་ ༧ འབྲུ་དོན་འོག དོན་གྲུབ་རྡོ་རྗེ་ལགས་དེ་རིང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་མི་བྱེད་ཀ་མེད་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ ཉིན་དབུས་རྒྱུན་ལས་ངོ་ཡོད་སུམ་ཆ་གཉིས་མང་མོས་ཀྱིས་ཁོ་རང་གཞོན་ནུའི་ཚོགས་མི་ནས་ཕྱིར་འབུད་ཟིན་པ་ཡིན། ཞེས་དང་ཡིག་ཆ་དེའི་ནང་སྒྲིག་འཛུགས་ལ་བསམས་ནས་ཐག་གཅོད་འདི་ཉིད་མ་བྱས་ཀ་མེད་གྱུར་ཡོད་ཅེས་འཁོད་ཡོད་ལ། ཡིག་ཆ་དེ་ནི་ཟླ་སྔོན་མའི་ཚེས་ ༡༡ ཉིན་ས་རྒྱུན་ཁག་ལ་བཏང་བ་ཞིག་ཡིན་འདུག
དེ་བཞིན་ཚོགས་གཞོན་དོན་གྲུབ་རྡོ་རྗེས་ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཡོངས་ལ་ནང་གསེས་དོན་ཚན་དྲུག་ཅན་གྱི་འཕྲིན་ཡིག་ཅིག་བཏང་བའི་ནང་། ཕྱི་ཟླ་ ༢ ཚེས་ ༨ ཉིན་སྤྱི་ཁྱབ་ཚོགས་གཙོ་ནས་གཞོན་ལྷན་དབུས་རྒྱུན་ལས་པའི་ཚོགས་འདུ་སྐོང་ཚོགས་ཀྱིས་སྐབས་དེར་གུས་གཞོན་ལྷན་ཚོགས་གཞོན་དོན་གྲུབ་རྡོ་རྗེ་གཞོན་ལྷན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་ལེ་ཚན་དགུ་བའི་ནང་གསེས་ ༧ པའི་འབྲུ་དོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་བྱ་རྒྱུར་མང་མོས་ཀྱིས་ཐག་གཅོད་གནང་བ་ནི་གཞོན་ལྷན་གྱི་སྒྲིག་གཞི་དང་ཡོངས་སུ་འགལ་བས་ཤིན་ཏུ་ནས་བློ་ཕམ་ཆེན་པོ་ཞིག་བྱུང་། ལྷག་པར་ཚོགས་འདུའི་ཐོག་ཕྲན་དང་རྒྱུན་ལས་ཕྱག་རོགས་ནས་དེ་ལྟར་སྒྲིག་གཞི་དང་འགལ་འཛོལ་ཆེ་སྐོར་གསལ་བཤད་ནན་པོ་ཇི་ཙམ་ཞུས་ཀྱང་གཙོ་སྐྱོང་གིས་གསན་འཇོག་གཏན་ནས་མ་གནང་བར་མུ་མཐུད། དེ་ལྟར་རྒྱུན་ལས་ཚོར་མང་མོས་ཀྱིས་ཕྱག་བརྐྱངས་བཅུག་སྟེ་ཐག་གཅོད་གནང་བ་ནི་བློ་ཕམ་གྱི་རང་བཞིན་དང་། སེམས་འཚབ་ཆེ་བས་ད་ལམ་གུས་པས་འགན་འཁུར་བཟོད་བྲལ་གྱིས་ཡིག་ཐོག་གནས་ཚུལ་འགའ་འབྲི་དགོས་བྱུང་། ཞེས་གསལ་འདུག་ལ། ཁོང་གིས་གཤམ་གྱི་དོན་ཚན་དྲུག་གིས་གཞོན་ནུའི་དབུས་རྒྱུན་རྣམས་ལ་དོགས་འདྲི་དང་དགག་རྒྱག་གནང་འདུག
༡ ༽ སྤྱིར་ད་རེས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱིས་མང་མོས་ཐག་གཅོད་བྱས་པའི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་། ལེ་ཚན་དགུ་པའི་ནང་གསེས་ ༧ གཉིས་ནི་ས་གནས་ཚོགས་མིའི་གནད་དོན་ཐག་གཅོད་བྱ་རྒྱུ་ཞིག་ལས་སྤྱི་ཁྱབ་དབུས་རྒྱུན་ལས་པའི་ཕྱིར་འབུད་ཀྱི་གནད་དོན་ནི་གཏན་ནས་མིན་པར་འདི་ལྟར་དབུས་རྒྱུན་ལས་མང་མོས་ཀྱིས་ཐག་གཅོད་གནང་བ་འདི་དག་སྒྲིག་གཞིའི་འབྲུ་དོན་དང་འགལ་ཡོད་དམ་མེད།
༢ ༽ ཚོགས་མི་གསར་ཞུགས་དང་ཕྱིར་འབུད་ཀྱི་གནད་དོན་ས་གནས་ནས་ཡོང་དགོས་པ་ཞིག་ལས་དབུས་ནས་ཚོགས་མི་གསར་འཇུག་དང་ཕྱིར་འབུད་དང་པོ་མི་ཆོག་པ་ཡིན། དེ་ལྟར་སྒྲིག་གཞི་ལེ་ཚན་དགུ་པ་ས་གནས་རྒྱུན་ལས་ཀྱི་ནང་གསེས་ ༧ གསལ་ཡོད། གལ་ཏེ་ས་གནས་ཀྱི་ཐག་གཅོད་ལ་དོ་བདག་ཚོགས་མི་ནས་བདེན་པ་རྩོད་བཤར་གྱིས་དབུས་སུ་ཞུ་གཏུགས་བྱུང་མཚམས་དབུས་ནས་ཞི་ཐབས་བྱ་རྒྱུ་ཞེས་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ ནང་གསལ་ཡོད་པས། དེ་ལྟར་ཕྱི་ནས་ཚོགས་མི་ཞིག་གིས་དབུས་སུ་ཞུ་གཏུགས་མ་བྱུང་སྔོན། དང་ཐོག་ནས་དབུས་རྒྱུན་ལས་ནང་ནས་ཞུ་གཏུགས་བྱ་རྒྱུ་དང་། ཚོགས་མི་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་དེ་སྒྲིག་གཞི་དང་འགལ་བ་མ་ཡིན་པའི་རྒྱུ་མཚན་གསལ་བཤད་ཡོང་བ་ཞུ།
༣ ༽ སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་པ་གང་ཞིག་ཕྱིར་འབུད་ཀྱི་གནད་དོན་ནི་སྒྲིག་གཞི་ལེ་ཚན་བདུན་པ་འགན་འཛིན་ལྷན་ཚོགས་ཀྱི་ནང་གསེས་ ༤ ། སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་པ་གང་རུང་ནས་སྒྲིག་གཞི་དང་འགལ་བའི་ལས་དོན་ཚགས་ཆེའི་རིགས་བྱས་རྐྱེན་རྒྱུན་ལས་ནས་ཕྱིར་འབུད་དགོས་རིགས་ཚོགས་མི་ངོ་ཡོད་སུམ་ཆ་གཉིས་མོས་ཀྱིས་ཐག་གཅོད་བྱ་རྒྱུ། འོན་ཀྱང་དོ་བདག་ནས་བདེན་པ་དག་སྐྱེལ་བྱ་བློ་ཡོད་ཚེ་ཚོགས་ཆེན་ཐོག་ཞུ་གཏུགས་ཆོག་པ་དང། ཚོགས་ཆེན་ནས་བདེན་པ་དག་ཐེར་བྱུང་ཚེ་སྐྱུར་དུ་སྤྱི་ཁྱབ་དབུས་རྒྱུན་ལས་པའི་འོས་མིའི་གྲས་སུ་དོ་བདག་ནས་འཛུལ་ཞུགས་བྱ་བློ་ཡོད་ཚེ་ལས་རྒྱུན་ཚང་མིན་ལ་མ་ལྟོས་པར་དམིགས་བསལ་གྱིས་འཇོག་རྒྱུ། ཞེས་དང་། ཡང་ལེ་ཚན་དྲུག་པ་ཚོགས་ཆེན་གྱི་ནང་གསེས་ ༡༢ ། སྤྱི་ཁྱབ་དབུས་རྒྱུན་ལས་པ་གང་རུང་འགན་འཛིན་ལྷན་ཚོགས་ནས་ནག་ཉེས་ཀྱིས་ཕྱིར་འབུད་བྱས་པར་དོ་བདག་ནས་བདེན་པ་དག་སྐྱེལ་བྱ་བློ་ཡོད་ཚེ་ཚོགས་ཆེན་ཐོག་ཞུ་གཏུགས་ཆོག་རྒྱུ་དང་། གལ་ཏེ་ཚོགས་ཆེན་ནས་བདེན་པ་དག་ཐེར་བྱུང་ཚེ་བསྐྱར་དུ་སྤྱི་ཁྱབ་རྒྱུན་ལས་པའི་འོས་མིའི་གྲས་སུ་དོ་བདག་གནས་འཛུལ་ཞུགས་བྱ་བློ་ཡོད་ཚེ་ལས་རྒྱུན་ཐེངས་གཉིས་གཙང་མིན་ལ་མ་ལྟོས་པར་དམིགས་བསལ་གྱིས་འཇོག་རྒྱུ། ཞེས་གསལ་ཡོད་པ་དེས། སྤྱི་ཁྱབ་རྒྱུན་ལས་པ་གང་ཞིག་ཕྱིར་འབུད་སླད་འགན་ལྷན་ཐོག་ཉུང་མཐར་ཚོགས་མི་ངོ་ཡོད་སུམ་ཆ་གཉིས་མོས་ཀྱིས་ཐག་གཅོད་དགོས་པ་གསལ་བོ་བཀོད་ཡོད་པས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཕྱིར་འབུད་དང་འབྲེལ་བའི་གནད་དོན་དེ་དག་འགན་འཛིན་ལྷན་ཚོགས་དང་། གཞན་ཡང་ཚོགས་ཆེན་ནས་ཐག་གཅོད་དགོས་པ་ཞིག་མ་ཡིན་ནམ།
༤ ༽ གུས་ནས་བཞུགས་སྒར་ཁུལ་འབྲེལ་ཡོད་གཞོན་ལྷན་དབུས་རྒྱུན་ཟུར་བ་གཞོན་ལྷན་གྱི་སྒྲིག་འཛུགས་ཐོག་མ་གསར་འཛུགས་མཛད་གྲས་དང་སྒྲིག་གཞི་གཏན་འབེབས་མཛད་གྲས་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། གཞན་ཡང་ཚོགས་ཟུར་ལྷ་བཟང་ཚེ་རིང་ལགས། རྒྱུན་ཟུར་བློ་གྲོས་བཟང་པོ་ལགས། ཚོགས་ཟུར་སྒོ་དྲུག་སྐལ་བཟུང་ཕུན་ཚོགས་ལགས། གཞོན་ནུའི་ཚོགས་གཞོན་ཟུར་བ་ཀརྨ་ཡེ་ཤེས་བཅས་ལ་ད་ཐེངས་དབུས་རྒྱུན་ལས་ནས་སྒྲིག་གཞི་ལེ་ཚན་གཉིས་ཀྱི་ཐོག་ཐག་གཅོད་གནང་བ་སྒྲིག་གཞི་གཞིར་བཟུང་ཐག་གཅོད་ཆོག་མིན་བཀའ་འདྲི་ཞུས་པར་དེ་ལྟར་ཆོག་གི་མེད་པ་དང་། སྒྲིག་གཞི་དང་འགལ་སྐོར་གསལ་པོ་འགྲེལ་བརྗོད་གནང་སོང་བས་དབུས་རྒྱུན་ལས་ནས་དེ་ལྟར་དབུས་རྒྱུན་ཟུར་པ་རྣམས་ཀྱི་ལམ་སྟོན་ལ་ཆ་འཛིན་ངོས་ལེན་གནང་དགོས་ཀྱི་རེད་དམ་མ་རེད།
༥ ༽ སྤྱི་ཁྱབ་དབུས་རྒྱུན་ལས་པར་གཞོན་ལྷན་གྱི་སྒྲིག་གཞི་དང་འགལ་བའི་གནད་དོན་ཐད་རྒྱུན་ལས་མང་མོས་ཐག་གཅོད་གནང་རྒྱུའི་ཐོབ་ཐང་ཡོད་དམ་མེད།
༦ ༽ད་རེས་དབུས་རྒྱུན་མང་མོས་ཀྱིས་རྒྱུན་ལས་ཕྱིར་འབུད་ཀྱི་ཐག་གཅོད་འདི་དག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་འབྲུ་དོན་དང་འགལ་ལས་གཞོན་ལྷན་སྒྲིག་འཛུགས་ལ་བསམ་གཞིགས་ཀྱིས་བཟང་སྤྱོད་ཐོག་ནོར་འཁྲུལ་ངོ་བཞེས་གནང་དགོས་སམ་མི་དགོས། ཞེས་གསལ་ཡོད་འདུག
ཁ་བའི་མེ་ཏོག་ལགས་ཁྱེད་ཀྱི་བཤད་པ་ཞིག་ཟུང་བྱས་ན་ང་རང་གཉིས་ཕ་ཡུལ་ལོ་རྒྱུས་བཤད་པ་ལ་དེ་འདྲ་བཤད་ན་ག་ལ་ཚར།
ང་རང་གཉིས་ཉིན་ཤས་རིང་ཇ་ཡག་པོ་ཞིག་བཟོས་ཏེ་མཉམ་འཛོམས་བྱེད་ནས་བཤད་ན་གང་འདྲ་འདུག་གམ་། ཁ་བའི་མེ་ཏོག་ལགས།
སྤྱི་བཏང་བྱས་ན་ང་ཚོ་ཕ་ཡུལ་ལོ་རྒྱུས་མང་པོ་བཤད་ན་བཙན་འབྱོལ་གཞུང་གི་ཙ་ཁྲིམས་དང་འགལ་གྱི་མེད་དམ།
སྨར་ཁམས་བུ་ལགས། ཁྱོད་ཀྱི་མིང་འདོགས་ལ་ལྟོས་ན་སྨར་ཁམས་བར་ཞིག་ཡིན་པ་འདྲ་སྨར་ཁམས་གང་ནས་ཡིན། ང་གཉིས་ཀྱི་སྨར་ཁམས་བསྐོར་བསྒྲོལ་གླེང་ཞིག་བྱེད་ན་གང་འདྲ་འདུག།
གནས་ཚུལ་གང་འདྲ་ཞིག་བྱུང་ཡོད་པ་དེ་དག་མི་མངས་ཀྱི་ཤེས་རྟོགས་དགོས་པ་ནི་ཤིན་ཏུ་གལཆེ། ད་ལྟ་ང་རང་ཚོ་རང་དབང་ཡུལ་དུ་གནས་ཀྱང་ད་དུང་དེ་འདྲ་གནང་པ་ཡིན་ན། སྐྱར་དུ་སྔར་རབས་ལུགས་སྲོལ་ལྟར་མི་མངས་རྣམས་ལྐུག་པ་བཟོས་འདོད་བྱུང་ངམ་།
གནད་དོན་གང་ལ་ཡང་མ་འགྲིག་མ་འཐུས་པ་དེ་འདྲ་མང་པོ་ཡོང་གི་རེད། ཡིན་ན་ཡང་དག་བཅོས་དང་ཡོ་བསྲང་བྱ་དགོས་པ་མ་ཟད་ཕྱི་གསལ་ནང་གསལ་བྱ་དགོས་རྒྲུ་དེ་བས་གལ་ཆེ་བ་རེད།
ང་ཚོས་ཡིད་ཆེས་དང་རེ་བ་ཆེ་ས་ནི་གཞོན་ནུ་ཚོགས་པ་ཡིན་ཀྱང་། དེ་ཡི་ལས་སྣེ་དུ་མའི་བྱ་བ་ལ་བློ་དོགས་ཀྱི་གནས་སུ་ལགས་པས། ད་སྐབས་ཚོགས་གཞོན་ཕྱིར་འབུད་གཏོང་དགོས་པའི་རྒྱུ་མཚན་ཕྱི་གསལ་ནང་གསལ་བྱས་ན་བཟང་།
གྲགས་པ་རྒྱ་མཚོ་ལགས། གཞོན་ནུའི་ཚོགས་གཞོན་ཟུར་པ་དོན་གྲུབ་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་རྒྱང་འབུད་གཏོང་དགོས་ན། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། གཞོན་ནུའི་ཚཽགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས་གཉིས་རྒྱང་འབུད་སྔོན་ནས་གཏོང་རོགས། བཀའ་དྲིན་ཆེ།
ཁོ་རང་ཕྱིར་ཕུད་བཏང་བ་མ་ཟད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ན་དེ་ཡང་རྒྱང་ཕུད་བཏང་རྒྱུ་རེད།
ཁོ་རང་ཕྱིར་ཕུད་བཏང་བ་མ་ཟད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ན་དེ་ཡང་རྒྱང་ཕུད་བཏང་རྒྱུ་རེད།
ཚོགས་གཞོན་ཁོས་ལས་ཀ་དེ་ལྟ་བུ་ཞིག་བྱེད་དགོས་པ་ལ་རྒྱུ་མཚན་ཞིག་གསལ་བཤད་བྱེད་ཀྱི་ཡོད་རྒྱུ་རེད། ཁོས་ཁོ་རང་ཚོགས་ཁོང་ནས་ཕུད་སྟངས་དེ་སྒྲིག་འགལ་ཆགས་ཡོད་རབས་གཅིག་བུ་ལས་མ་བཤད་ན་ཁོས་རྙོག་དྲ་ཞིག་སླངས་འདོད་ལས་གཞན་ཅི་ཡང་མེད་ཀི།
གཞོན་ལྷན་རྒྱུན་ལས་པ་ཚོས་གནད་འདི་ཚོར་ནས་སྒྲིག་གཞི་དགོས་མཁོ་དང་བསྟུན་ཡོད་ན་དེ་ལ་མ་ལེགས་པ་ཅི་ཡང་མི་འདུག རབ་ཡིན་ན་ད་རྩོད་གླེང་འདི་མཚམས་བཞག་ན་རེད།
དྲ་གྲོགས་ཚོ། གནས་ཚུལ་འདི་ཚོ་བདེན་པ་ཡིན་ཚེ། གནས་དབྱུང་བཏང་བ་དགོས་པ་ཞིག་རེད་སྙམ།
བཙོན་དེ་བཙན་ལ་བཅོས་རོགས་།
བསྟན་འཇམ་ལགས་།སྔ་ཕྱིར་འགལ་བའི་གཏམ་དེ་བཙོན་བསྐུལ་སུ་ཡི་བཏང་སོང་།
དངོས་གནས་བོད་མི་རྣམས་ཕྱིན་ཆད་ཚོགས་པ་གང་གི་ཁོངས་སུའང་འདི་འདྲ་རིགས་ལས་ཀ་རྩ་བ་ནས་མ་བྱེད་རོགས་ཞུ། སྙིང་ཁོང་གི་རེ་བ་ཡིན།
བོད་དོན་ལ་བསམ་ནས་ཚང་མས་བསམ་བློ་ཡག་པོ་ཞིག་གཏོང་རོགས། ནང་ཁུལ་ཕྱོགས་རེ་དང་སྒེར་གྱི་ལྟ་བ་དག་འདོར་རོགས། གཞོན་ནུ་མེད་ན་བོད་ཀྱི་བདག་དབང་དེ་ཤོར་ཚར་འགྲོ། བོད་ཀྱི་གཞོན་ནུ་ལྷན་ཚཽགས་ཀྱི་སྒྲིག་འཛུག་དེ་ལོ་རེ་བཞིན་ཉམས་འགྲོ་བ་དེ་དོན་དག་འདི་འདྲ་ཞིག་རེད་འདུག་ཨ། ད་གོ་བྱུང་།
ང་རང་སྒེར་ངོས་ནས་དེ་ཐོག་བློ་ཕམ་ཆེན་པོ་ཡོད་གང་ཡིན་ཟེར་ན་ངོ་ཚོ་ཚོགས་པ་ཕལ་མོ་ཆེར་ནང་ཁུལ་སྒེར་ཀྱི་ཐོག་དོན་དག་ཆུ་ངོ་རིག་ལ་རྩོས་པ་རྒྱབ་པར་ནང་ཁུལ་ལ་མ་འཆམ་པ་དེ་ཐབས་རྐྱོ་བོ་རེད་བསམ་གྱི་ཡོད། གལ་སིས་ཁོང་རྣམས་བོད་རང་བཙན་དང་བོད་མི་ས་ཡ་དྲུག་གི་ཆེད་དུ་རྩོས་རྒྱུ་དེ་ཡིན་ན་རྒྱས་སུ་ཡིད་རང་ཡོད།
གཞོན་ནུས་ཚོགས་གཞོན་བྱས་པའི་ལས་དེ་ཚོ་གསལ་བཤད་རྒྱས་ཐག་ཆོད་ཞིག་ དབུས་གཞོན་ནུ་ཚོགས་ངོའི་ནས་བྱས་རོག་ མི་ངན་དེ་ཚོ་རྒྱ་ཡན་དུ་གཏང་ན་ ལས་བཟང་པོ་དང་འབྲས་བུ་བཟང་པོ་ག་འདྲ་བྱས་ནས་འོང་ ད་དུང་བོད་པ་ཡིན་འདོག་འདོག་བྱས་ནས་ བྱ་ངན་དེ་ཚོ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་གིས་བྱས་རྗེས་རེད
གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོངས་དགོས་པའི་རྒྱུ་མཚན་གསལ་ཐག་གཅོད་པ་ཞིག་ལྷང་ལ་ཕུད་རོགས་ཞུ། གལ་སྲིད་དེ་ལྟར་མ་བྱུང་ཚེ་མ་འོངས་གཞོན་ནུ་ཚོགས་པའི་མདུན་ལམ་ལ་དོགས་པ་མང་པོ་འབྱུང་ངེས། འདི་ལྟ་བུའི་གསལ་ལ་མི་གསལ་དོན་སྐྱེན་གྱིས་མི་མང་གི་བསམ་བློ་ཐེ་ཚོམ་ཅན་དུ་བཟོ་འགྲོ།
ཁ་གདངས་ན་གློ་བ་རིག་ནི་ཞིག་བྱས་ན་བཟང་གི་རེད་་་་གང་ལྟར་གླེང་གཞི་ཞིག་བྱུང་འདུག
དྲང་བདེན་མང་ས་ན་རྫུན་པས་འཚང་ཁ་རྒྱབ ། སུ་ལ་གནས་ལུགས་ཡོད་མེད་ཤེས་དཀའ་བ་རེད
དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིའི་གཞུང་ཚབ་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུས་ཏེ། གཞོན་ནུའི་ལས་དོན་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་ཞུ་རྒྱུ་དེ་ཉིད། ངན་ཇུས་མགོ་སྐོར་ཡིན་ཚུལ་བཤད་དེ། གལ་ཆེའི་ལས་དོན་ལ་འགོག་རྐྱེན་བཟོས་པར་བརྟེན། ཨ་རིའི་གཞུང་ཚབ་ནས་ཕྱི་སྐྱོད་ཆོག་མཆན་སྤྲད་ཟིན་པ་ཕྱིར་བསྡུ་བྱས་ཤིང་། ད་ཆ་ལས་འགུལ་དེ་བཞིན་གོ་སྒྲིག་མཚམས་འཇོག་དགོས་བཟོས་པ་མ་ཟད། དབུས་རྒྱུན་ལས་ཀྱི་ཐག་གཅོད་ཟིན་པའི་ལས་རིམ་ཁག་གཞན་ཡང་འགག་དགོས་བཟོས་ཡོད། ཟེར་བ་འདི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་རྒྱུན་ཁག་ལ་བཏང་བའི་འཕྲིན་ཡིག་ནང་གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོང་དགོས་དོན་གནས་ཚུལ་བཀོད་པ་ལྟར་ཡིན་ལུགས་བཀོད་པར་གཞིགས་ན་བདེན་པ་ཡིན་སྲིད་ཀྱང་གཞོན་ལྷན་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཏང་གནས་མ་མཐོང་བར་ཡིད་ཆེས་དཀའ་མོད། ཡང་ཁ་བརྡར་བཀོད་པའི་དོན་རྡོར་ནས་གཞོན་ནུའི་དབུས་རྒྱུན་ལས་ལ་དོགས་འདྲི་ཕུལ་བའི་ནང་ཕྱིར་འབུད་བྱེད་སྟངས་སྒྲིག་འགལ་ཡིན་སྐོར་ལས་སྐྱོན་འཛུགས་བྱས་པར་དག་སེལ་གང་ཡང་བྱས་མི་འདུག རང་ཉིད་ལ་ནག་སྐྱོན་མེད་ན་དང་ཐོག་དེའི་སྐོར་དག་འབུད་བྱེད་དགོས་པ་ཡིན། གལ་ཏེ་དངོས་འབྲེལ་ཡིན་ན་ཕྱོགས་གླང་ལགས་ཀྱིས་གསུངས་པ་བཞིནརང་དོན་ཞིག་མ་འགྲིགས་ན་རྒྱལ་ཁབ་དང་། མི་རིགས་ཀྱི་རྩ་དོན་ལ་གནོད་འགལ་བཟོ་མཁན་དེ་གྲས་ནི་ལས་འབྲས་ལ་བརྩི་མེད་དང་། ངོ་ཚ་ཞེ་ཁྲེལ་མེད་པ། མ་རབས་ཐ་ཤལ་ལས་མ་འདས།
གནས་ཚུལ་ངོ་མ་ཇི་ལྟར་ཡིན་མིན་ལམ་སེང་ཐག་གཅོད་ཞུ་དཀའ་ཡང་ད་ཐེངས་དོན་རྡོར་གྱི་འདྲ་པར་དུས་བབ་གསར་ཤོག་ཐོག་ཐོན་པ་ཙམ་གྱིས་སྤྱི་ཚོགས་ནང་ཁོེང་གི་མ་འོངས་པའི་གནས་བབ་དེ་ག་འདྲ་ཞིག་ཆགས་སམ། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་རང་ཉིད་སྒེར་གྱི་འདོད་དོན་ཕྲན་བུ་རེ་མ་བསྒྲུབ་ན་ཡང་རང་གི་ནོར་འཁྲུལ་ལ་ཇི་མི་སྙམ་པར་སྤྱི་ཚོགས་ལ་གནོད་གཞིའི་ངན་སེམས་དང་། གཏམ་འཆལ་སྤེལ་མཁན་གྱི་གྲངས་ཚད་ཀྱང་དམའ་བོ་མིན་པས་མི་ངན་དེ་དག་གིས་བསམ་ཤེས་ཀྱིས་སླད་ཕྱིན་བསམ་ངན་མཁྲེགས་བཟུང་དང་མ་རབས་ཅོལ་ཆུང་དགྲ་དགའ་གཉེན་སྡུག་གི་ལས་རིགས་མཚམས་འཇོག་དང་། བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་དོན་སྣ་རེ་ལས་མེད་ཀྱང་བསྒྲུབ་པའི་རེ་བ་ཡོད། དེ་མིན་གསར་ཤོག་ཐོག་བང་བསྒྲིགས་ནས་འདྲ་པར་ཐོན་དུས་ཕྱིས་དྲགས་པས་དེ་དོན་འཇུག་ལྡོག་མ་འཛོལ་བ་བྱེད་གལ།
དྲ་གྲོགས་ཚོ།
རང་བཙན་གཙང་མ་རྩོད་ལེན་བྱས་མཁན་དང་བསྒྲིགས་གཞི་བཟོ་མཁན་གྱི་ཚོགས་པ་སྐྱིད་ཁག་གི་ནང་དུ་ལོ་ངོ་བཅུ་ཅོ་ལྔའི་ནང་དུ་མུ་མཐུད་ནས་ཉོག་དྲག་ཡོང་རྒྱུ་ཡིན་པར་ཤེས་ཤེས་པ་རེད།
ཆུ་སྒང་དང་གཞོན་ནུ་བོད་རང་དབང་སློབ་གྲོགས་ཚོགས་པ་བཅས་རེད་སྙམ། ཡིན་ནའང་བདེན་མཐའ་གསལ་རྒྱུ་ཡོད་པས་བོད་རེ་བའི་རྫོགས་མ་སོང་ན།
བྲོང་བསད་པས་མ་ཟད་རྔ་མའི་དར་ལྕོག་ཟེར་ན་མི་དེ་ཚོ་ཡིན། ད་དུང་ཚང་འབྲུས་ན་རྒྱབ་མདུན་སྟོད་སྨད་བཅས་ལ་སུ་ཡོད་མིན་ལྟ་རྒྱུ་ཡོད། མི་དེ་ཚོ་རྒྱའི་དངུལ་སྒོར་ལྐོག་བཟའ་མི་བྱེད་པའི་ངེས་པ་མེད། སྤྱི་ཚོགས་ཀྱི་སྤྲན་དེ་ཚོ་རྩ་རྐོག་བཏང་དགོས།
དོན་འགྲུབ་རྡོ་རྗེ་ཁྱོད་ཀྱིས་སྒྲིག་གཞི་བཤད་པ་དང་གཞན་ལ་སྐད་ཆ་དྲིས་རིབ་བཤད་ན་མི་ཕན།དེ་ལས་ཁྱོད་ཀྱི་ཨ་རི་གཞུང་ལ་སྙན་ཞུ་ཕུལ་ཡོད་དངམེད།ཡོད་ན་ཕུལ་དགོས་པའི་རྒྱུ་མཚན།མེད་ན་མེད་པའི་རྒྱུ་མཚན་སོགས་བཤད་ནས་སྤྱི་ཚོགས་ནང་གསལ་པོ་བཟོ་དགོས་པ་ལས་ཁྱོད་དང་ང་བཤད་ན་མི་འགྲིག།གལ་སྲིད་ཁྱོད་ཀྱི་གསལ་པོ་བཟོ་མ་ཐུབ་ཚེ་ས་ཆ་ག་བ་འགྲོ་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད།གཞོན་ལྷན་ཚོགས་གཙོས་ཡང་དཔང་རྟགས་ཡོད་ན་གསར་འགྱུར་ཚགས་ཤོག་ཁག་དང་དྲ་རྒྱ་ཁག་ཏུ་སྤེལ་ནས་མི་མང་ལ་གསལ་པོ་བཟོ་དགོས་པ་ལས་ཡིག་ཚང་ནང་དུ་གཏེར་དུ་སྦས་ན་མི་འགྲིག།
སྔར་ཡིན་ནག་རྒྱ་གཞུང་ལ་དགྲ་ཆེ་ཤོས་དེ་ཆུ་བཞི་སྒང་དྲུག་གི་ཚོགས་པ་དེ་ཆགས་ཡོད་པ་རེད།ཡིན་ཡང་ད་ལྟ་ཡན་ལག་རྐྱེན་ཅན་དུ་གྱུར་ནས་ལངས་ཐབས་མེད་པ་བཟོས་ཡོད།ད་སྐབས་གཞོན་ནུ་ཚོགས་པ་དེ་ཁོ་ཚོས་མིག་འབེན་ཡིན་པའི་དེ་ལ་ཡང་ནད་འབུ་མང་པོ་གཏང་ནས་དྲག་ཐུབ་མེད་པ་བཟོ་རྩིས་ཡོད་པ་ཚང་མས་མཁྱེན་གསལ་རེད།དེ་ལུགས་ཀྱི་གཞོན་ལྷན་དབུས་རྒྱུན་དང་བོད་མི་ཡོངས་ནས་དེ་ཡི་ཐད་ལ་གང་གཟབ་གཟབ་གནང་དགོས་པ་རེད།སྒང་དྲུག་སྐལ་བཟང་ལ་ཡང་རྒྱ་སྒོར་ལེན་པའི་ཉེ་པ་ཡོད་ཀྱང་ཁོང་གི་གསལ་བཤད་གང་ཡང་བྱས་མེད་པའི་དོན་དེ་ངོ་མ་ཡིན་པ་འདྲ།དེ་ལྟར་ཡིན་ན་ཁོང་ཚོ་ལ་བོད་མི་གཅིག་གི་འགོ་ལ་སྡོད་ནས་གཏམ་བཤད་སྤེལ་བའི་དབང་ཆ་མེད་པ་བཟོ་དགོས།
གཞོན་ནུའི་ཚོགས་གཞོན་གྱིས་ཨ་རིའི་གཞུང་ཚབ་ཁང་ལ་བཤད་པའི་གནས་ཚུལ་རྣམས་དངོས་འབྲེལ་ཡིན་ན་ཕྱིར་འབུད་གཏོང་རྒྱུ་ལས་འོས་ཅི་ཡོད། གཞི་ནས་རང་དོན་ཞིག་མ་འགྲིགས་ན་རྒྱལ་ཁབ་དང་། མི་རིགས་ཀྱི་རྩ་དོན་ལ་གནོད་འགལ་བཟོ་མཁན་དེ་གྲས་ནི་ལས་འབྲས་ལ་བརྩི་མེད་དང་། ངོ་ཚ་ཞེ་ཁྲེལ་མེད་པ། མ་རབས་ཐ་ཤལ་ཞིག་ཡིན་པ་ལས་གཞན་ཅི་ཡིན།
རྐང་རྗེན་པ་ཡིས་འདྲ་ཆགས་པོ་ཞིག་གསུངས་འདུག སྤྱིར་ན་ཚོགས་གཞོན་དེ་ཡིས་ཚོགས་པའི་ནང་ཁུལ་ནས་གནད་དོན་ཅི་ཡོད་ཐག་གཅོད་མ་གནང་བར་ཁ་ཐུག་ཨ་རིའི་གཞུང་ཚབ་ཁང་དུ་བསྐྱོད་ནས་བྱབ་ཆུང་གི་ལས་ཀ་བྱས་པ་དེ་ཡིས་ཁོ་རང་གཞོན་ལྷན་གྱི་སྒྲིག་འཛུགས་ལ་མོས་པ་མེད་པ་དང་། གཞོན་ལྷན་གྱིས་གཏན་འབེབ་བྱས་པའི་ལས་དོན་ཁག་ལ་བློ་མོས་མེད་པས་རྟགས་རེད། བྱས་ཙང་། ཁོ་ཚོགས་གཞོན་ཟུར་བའི་མིང་ཡང་བླངས་སྟེ་ཕྱིར་ཕུད་བྱས་ན་ཏག་ཏག་རེད། དེང་གི་གཞོན་ལྷན་གྱི་ཚོགས་གཙོ་འདི་རྒྱ་ནག་གི་ཁྱབ་བསྒྲགས་ནང་ཁ་ཕྲལ་བའི་མགོ་ཁྲིད་ཆེན་པོ་བཞི་ཟེར་བའི་ནང་ཡོད་པ་དང་། རང་ཕྱོགས་སུ་བཟང་བ་རྒྱ་ཕྱོགས་སུ་ངན་གཏེ་ཆགས་ཡོད་པས་མང་མང་གིས་བསམ་ཤེས་བྱེད་ཤེས་དགོས།
གཞོན་ནུ་ལྷན་ཚོགས་འདི་རང་རེའི་ནང་ལོགས་ནས་ཚོགས་པ་ནུས་ཤུགས་ཆེ་ཤོས་དང་། རྒྱ་གཞུང་གིས་དོགས་ཟོན་བྱ་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ཕྱིར། གཞོན་ནུའི་ཚོགས་མི་ཙམ་མིན་པར་བོད་དོན་ལ་བློ་ཁ་ཕྱོགས་པའི་རང་གཞན་ཚང་མས་ནམ་རྒྱུན་ནས་གཟབ་ནན་བྱ་དགོས། གལ་སྲིད་རྒྱ་གཞུང་གི་རྒྱུག་ཁྱི་ཞིག་གཞོན་ནུའི་ཚོགས་གཙོ་གཞོན་ནམ་རྒྱུན་ལས་ལ་འཛུལ་ཤོར་ན་དངོས་གནས་དཔེ་བསགས་པ་རེད།
ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་ལ་རེ་བསྐུལ་ཞུ་རྒྱུ། རླུང་འཕྲིན་ཁང་གི་ལས་བྱེད་ཡོངས་ལ་་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་ན་ཁྱེད་རྣམས་པའི་ལྷག་བསམ་དང་ཤེས་འཇོན་ལ་ང་ཚོས་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། འོན་ཀྱང་ཁྱེད་ལས་ཁུང་གི་ལས་བྱེད་རྣམས་པའི་བོད་ཆས་གྱོན་མི་ཐུབ་པ་གནད་འགག་དང་དཀའ་ངལ་གང་ལ་ཐུག་ཡོད་དམ། ང་ཚོས་ངོས་ཤུགས་རྒྱུད་གསུམ་ནས་ཁྱེད་ལས་ཁུང་ལ་ཐང་མང་རེ་བསྐུལ་ཞུས་ཡོད་མེད། དེང་སང་བོད་ནང་གི་རླུང་འཕྲིན་ཁང་དང་ཡུལ་ཁ་སོ་སོས་མཛད་སྒོ་ཆེ་ཆུང་ག་འདྲ་ཞིག་འཚོགས་རུང་གཙོ་བོ་བོད་རང་གི་ཐུན་མོང་མ་ཡིན་པའི་བོད་ཆས་གྱོན་དགོས་པ་རྩ་འཛིན་གནང་གི་ཡོད་པ་ཁྱེད་ལས་ཁུང་གི་མ་ཤེས་པ་མིན་ནམ། བཙན་བྱོལ་བོད་གཞུང་གི་དྲ་བརྙན་ཁང་དང་ཨ་ཤེ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་པར་གཟིགས་དང།
ཚོགས་གཞོན་ནས་ཁོ་རང་ཕྱིར་འབུད་གཏོང་སྟངས་སྒྲིག་གཞི་དང་འགལ་རབས་རྐྱང་རྐྱང་མ་གཏོགས། ཁོ་རང་ཕྱིར་འབུད་གཏོང་དགོས་པའི་གནད་དོན་ངོ་མའི་ཐོག་གསལ་བཤད་དང་དག་སྐྱེལ་གང་ཡང་བྱས་མི་འདུག དེས་ན་ཁོ་རང་ལ་ཉེས་པ་དེ་ཡོད་པ་བདེན་པ་ཡིན་པ་འདྲ། དེ་ཡིན་ན་ཕྱིར་འབུད་གཏོང་སྟངས་སྒྲིག་གཞི་དང་མཐུན་མིན་གང་ལྟར་ཡང་ཕྱིར་འབུད་གཏོང་དགོས་པ་ཞིག་རེད་སྙམ།
ཨ་ཧོ་ཧོ། ད་གང་དྲག་རྙོག་འདྲ་གཅིག་མར་ཅུང་ཟད་འཇག་དུས། ཡང་གཞན་གཅིག་ཡར་ལང་ཡོང་གི་འདུག སྐུ་མཁྱེན། གཞུང་དང་གཞུང་འབྲེལ་མིན་པའི་ལས་བྱེད་ཚོ། བོད་ཕྱི་ནང་གི་མི་མང་ཚོ་ལ་བསམ་ཤེས་ཞིག་མནང་རོག
ཁོ་དེ་འདྲ་ཞིག་མིན་པར་སྨོན། གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཁོ་ལའང་རྒྱུ་རྐྱེན་ཞིག་ཡོད་པ་རེད། ཨ་རིའི་གཞུང་ལ་ཡིག་ངག་གཉིས་ཀའི་ཐོག་ནས་འབྲེལ་བ་བྱས་ཏེ་ལས་དོན་དེ་་བཀག་འགོག་བྱེད་དགོས་་དོན་མི་འདུག་ག ད་དུང་རྙོག་དྲའི་རྒྱབ་ལྗོངས་ལ་བསམ་ཞིབ་གནང་དགོས་འདོད་ཀི
ཁོ་དེ་འདྲ་ཞིག་མིན་པར་སྨོན། གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཁོ་ལའང་རྒྱུ་རྐྱེན་ཞིག་ཡོད་པ་རེད། ཨ་རིའི་གཞུང་ལ་ཡིག་ངག་གཉིས་ཀའི་ཐོག་ནས་འབྲེལ་བ་བྱས་ཏེ་ལས་དོན་དེ་་བཀག་འགོག་བྱེད་དགོས་་དོན་མི་འདུག་ག ད་དུང་རྙོག་དྲའི་རྒྱབ་ལྗོངས་ལ་བསམ་ཞིབ་གནང་དགོས་འདོད་ཀི
དེ་རིང་གི་གསར་འགྱུར་འདི་མཐོང་ནས་ང་ངུ་བཞིན་ཡོད། མ་གཞི་ཚོགས་གཞོན་འདི་སྔོན་མ་ང་ཚོས་ལྡི་ལིའི་ནས་ལས་འགུལ་སྤེལ་སྐབས་སུ་་མང་པོ་མཐོང་མྱོང་ཡོད། གཞོན་ནུ་འདི་ཚོ་རྙོག་དྲ་ཚ་བོ་རེད་ཡ།
ངས་བསམ་ན་དྲ་གྲོགས་ཚོས་གསུང་མོལ་གནང་སྐབས་ཐུགས་གཟབ་ཅིག་གནང་ན་གང་འདྲ་འདུག ཇི་ལྟར་བཤད་རུང་རྒྱུ་རྐྱེན་ཞིག་ཡོད་པ་རེད་ལ། ང་ཚོས་ད་ལྟའི་ཆར་གནས་ཚུལ་འདིའི་འཁྲུན་ཐག་གསལ་བོ་ཆོད་མེད། དེ་ཡང་གཙོ་བོ་ཚིག་མཚོན་བེད་སྤྱོད་བྱེད་པར་གཟབ་རྒྱུའི་རེ་སྐུལ་ཞུ་སྙིང་འདོད།
དེ་ནི་རེ་སྐུལ་ཙམ་ལས་གཞན་ཅི་ཡང་མིན།
ཁོས་ཨ་རིའི་གཞུང་ཚབ་ལ་འབྲེལ་བ་བྱས་ནས་རྙོག་དྲ་བཟོས་པ་བདེན་ན། གཞོན་ནུ་ཙམ་མ་ཡིན་པར་བོད་པའི་སྤྱི་ཚོགས་ནས་གཏན་འབུལ་བྱེད་དགོས་པ་རེད། ཕྱིར་འབུད་བྱས་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ང་ཡང་གཞོན་ནུའི་ཚོགས་མི་ཡིན།
གཞོན་ནུའི་ལས་དོན་ལ་རྒྱུས་མངའ་ཆེར་མེད་།
ཚོགས་གཞོན་གྱིས་ཨ་རི་གཞུང་ཚབ་ལ་བྱུས་ཕྱི་ནང་བརྗེ་བའི་གནས་ཚུལ་འདི་ཁུངས་ཡོད་ཡིན་ན་ བློ་ཕམ་ཚད་མེད་ཡོད་།
ཐུགས་རྗེ་ཆེ།་
རྩོམ་སྒྲིག་པ་ལགས། གསར་འགྱུར་གྱི་མགོ་བརྗོད་ནོར་འདུག་ན་གང་མགྱོགས་ཅི་མགྱོགས་ཀྱིས་ལེགས་བཅོས་གནང་རོགས།
གསར་འགོད་པས་ཁ་བྱང་༼ གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད།༽ཅེས་བཅོ་གནང་ཡོད་པར་ཞུ། མ་གཞི་གསར་འགྱུར་ཨ་མའི་ནང་གསལ་བོ་བཀོད་འདུག
གསར་འགོད་པ་ལགས།
ཁ་བྱང་དང་ནང་དོན་གཉིས་མཐུན་གྱི་མི་འདུག ཁ་བྱང་ཐོག་༼གཞོན་ནུའི་ཚོགས་གཙོ་ལས་གནས་ནས་ཕྱིར་འབུད།༽་ཞེས་གསལ་བ་དང། ནང་དོན་ལ་གཞིགས་ན་༼གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་
འབུད་སྐོར་གསལ་བ་༽་ལས་ཚོགས་གཙོའི་སྐོར་གསལ་མི་འདུག་པས། ནོར་བཅོས་གནང་རོགས་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ།