མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་གྲོང་ནས་རྙེད་པའི་གནད་དོན། བསོད་ནམས་དཔལ་ལྡན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བསོད་ནམས་དཔལ་ལྡན།

ད་ལམ་ང་རང་དུས་ཚོད་ཡོད་པ་དང་བསྟུན་གཞིས་གྲོང་ཞིག་ཏུ་དཔེ་མཚམས་སུ་སོང་སྟེ་ཉིན་ཉི་ཤུ་ལྷག་ལ་སྡོད་རྒྱུ་བྱུང༌། དུས་ཡུན་འདིའི་རིང་ངས་དགོན་གྲོང་དང་སྐྱ་སེར་བར་འཚོ་བ་སྐྱེལ་སྟངས་དང་བསམ་བློ་འཁུར་སྟངས་སོགས་གཅིག་མཚུངས་མིན་པའི་གནས་སྟངས་དེ་ཤེས་རྟོགས་བྱུང་ཞིང༌། གནས་ཚུལ་གང་ཐད་ནས་སྐྱ་སེར་བར་ཧེ་བག་ཤུགས་ཆེ་ཡོད་པའང་ཤེས་སོང༌།

གཞིས་གྲོང་འདི་ཚོའི་ཁྲོད་དུ་རྒྱལ་སྤྱི་དང་བོད་དོན་གནས་ཚུལ་སོགས་ཀྱི་ཐད་གོ་རྟོགས་ཧ་ཅང་ཉུང་ཞིང་ཤེས་རྟོགས་ཅུང་ཙམ་ཡོད་པ་ནི་མ་འགྲོ་ན་མི་ཆོག་པའི་ཚོགས་འདུའི་ས་ནས་གོ་བའི་སྐད་ཆ་ཁ་ཤས་དེ་རེད་འདུག ང་རང་ཡང་འདིར་སྡོད་དུས་རིང་དྲ་རྒྱ་ལྟ་ཀློག་རག་རྒྱུ་ཕར་ཞོག ཚགས་པར་ཞིག་ཀྱང་ཀློག་རྒྱུ་མི་རག་པའི་དཀའ་ངལ་ཧ་ཅང་བྱུང་ཞིང༌། འདིའི་ཐད་ནས་ངས་གྲོང་དང་དགོན་པ་གཉིས་གོ་ལྡོག་པའི་གནས་སྟངས་ཤིག་ཏག་ཏག་ཆགས་འདུག་ཨང་བསམ་བྱུང༌། ཐ་ན་རང་གི་སྐད་ཡིག་རང་གི་སྤྱི་ཚོགས་ནང་དུ་ཁྱབ་མ་ཐུབ་པའི་གནད་དོན་ཚབས་ཆེན་འདི་འདྲ་ཡོད་པ་གནད་ཡོད་མི་སྣ་ཚོས་མ་ཤེས་པ་འདྲ། ཡང་ན་གཞུང་དང་ཚགས་པར་ལས་ཁུང་ཁག་གིས་འདི་ཉིད་གནད་དོན་ཞིག་ལ་མ་བརྩིས་པ་ཞིག་ཡིན་ཚེ་དེ་ནི་ཤེས་བཞིན་དུ་གཡང་ལ་མཆོང་བཅུག་པ་རེད། མིག་སྔའི་གནས་ཚུལ་འདི་འདྲ་ཅི་མགྱོགས་ཐག་གཅོད་བྱ་དགོས་པ་ནི་བདག་དབང་འཐབ་རྩོད་བྱེད་མཁན་ཞིག་ལ་དགོས་ངེས་ཀྱི་ལག་ཆ་ནི་མི་མང་གི་གོ་རྟོགས་དང་རྒྱུན་ཤེས་ལ་ཐུག་ཡོད་པས་ཡིན། མི་མང་ལ་གོ་རྟོགས་དང་རྒྱུན་ཤེས་ཅུང་ཙམ་ཡང་མེད་ན་སྤྱི་ཚོགས་ཀྱི་འགན་འཁྲི་དང་གཞུང་སྲིད་ཀྱིས་སྤྲད་པའི་ཐོབ་ཐང་ཇི་ལྟར་བེད་སྤྱད་བྱེད་ཐུབ། གོ་རྟོགས་འདི་འདྲའི་འོག་ནས་གཞོན་སྐྱེས་ཚོར་ཕ་མའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོ་བཟང་པོ་དེ་རག་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཅིང༌། དེང་གི་གཞོན་སྐྱེས་ཚོ་ཡ་རབས་གོམས་གཤིས་དང་ཚད་ལྡན་ཤེས་ཡོན་ལ་ལྟ་ས་མེད་པའི་གནད་དོན་ཞིག་ཆགས་ཀྱིན་ཡོད་པ་དེའང་གནད་དོན་འདི་དག་དང་འབྲེལ་བ་ཤུགས་ཆེ་ཡོད། ད་ནས་བཟུང་གཞུང་དང་ཚགས་པར། གསར་འགྱུར་ལས་ཁུངས་སོ་སོས་ཐབས་ལམ་གསར་པ་ཞིག་མ་བཀོལ་བར་སྔར་རྒྱུན་བཞིན་སྡོད་ན་གོ་རྟོགས་ཅི་ཡང་མེད་པའི་སྤྱི་ཚོགས་ཤིག་ཆགས་ལ་ཉེ་ཞིང་རང་གི་སྐད་ཡིག་དེ་འཁོར་རྒྱུགས་བྱ་ས་གཏན་ནས་མེད་པ་ཞིག་འགྱུར་ཉེན་འདུག

སྡུག་ཅིག་མ་འཕྲད་ན་སྐྱིད་དེ་མི་མཐོང་ཟེར་བ་ལྟར་ད་ཐེངས་ང་ལ་ཕྲད་པའི་དཀའ་ངལ་ཆུང་ཆུང་དེས་རང་ཉིད་སྡོད་སའི་དགོན་སྡེ་དེ་དུས་རབས་ཀྱི་རྗེས་སུ་སླེབས་འདུག་ཨང་སྙམ་སྟེ་དགའ་བ་ཞིག་ལྷག་ཏུ་བྱུང༌། མ་ཟད་གཟའ་མིག་དམར་ནམ་ཡིན་ལ་དགོན་པའི་སྲང་ལམ་དུ་དུས་བབ་དང་བང་ཆེན། ནོར་སྡེ། སྤྱི་ཚོགས་མེ་ལོང་། ཕ་ཡུལ། ལྗང་རླུང་ཤེས་བྱ་སོགས་གཞུང་སྒེར་གྱི་ཚགས་པ་དང་དུས་དེབ་འདྲ་མིན་བཙོང་མཁན་དང་ཉོ་མཁན་བར་འཚང་ཁ་དང་འུར་ཟིང་གིས་འཁྲུག་ཆ་ཧ་ཅང་དོད་པོ་འདི་དྲན་བྱུང་ལ། ང་ཆེས་དགའ་སའི་དུས་བབ་དང་བང་ཆེན་ལྟ་བུའི་ཚགས་ཤོག་འདི་ཚོས་ང་ལ་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་འཕེལ་འགྲིབ་དང་བོད་རྒྱའི་གནད་དོན། བཙན་བྱོལ་བའི་གནས་སྟངས་མང་གཙོའི་ཀ་བ་གསུམ་གྱི་མཛད་ཕྱོགས་སོགས། གལ་ཆེའི་ཤེས་བྱ་དེ་དག་བརྒྱུད་སྤྲོད་བྱས་ཏེ་ཀ་མད་སུམ་ཅུ་མ་གཏོགས་ངོ་མི་ཤེས་པའི་གླེན་པ་ཞིག་ད་ཆ་དེབ་དང་ཚགས་པར་ཀློག་རྒྱུ་མེད་ན་འཚོ་བ་རོལ་མི་ཤེས་མཁན་ལ་གྱུར་བའི་བརྒྱུད་རིམ་འདིའང་དྲན་བྱུང་ཨང༌།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 19

  1. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    གྲོགས་རིན་དོན་ལགས་ལ་ཐུགས་རྗེ་ཆེ་ཞུ།
    རིན་སྤྲོད་མི་དགོས་པར་དེང་སོང་འདི་ལྟར་བསམ་ཚུལ་བསྟན་མཁན་རག་པ་ནི་ཧ་ཅང་དཀའ་མོ་རེད།
    ཁྱེད་ཀྱིས་རིན་མེད་ཀྱི་ཞལ་འདེབས་འདི་ནི་ཆུ་བོའི་རྒྱུན་ལྟར་ཡོད་པའི་རེ་བ་ཞུ།

    Reply
  2. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    གྲོགས་བསོད་ནམས་དཔལ་ལྡན་ལགས། ཁྱེད་ཉིད་རྩོམ་ཡིག་འབྲི་རྒྱུར་དགའ་ན་དེ་ནི་ཡོན་ཏན་ཞིག་ཡིན། མུ་མཐུད་དུ་འབད་བརྩོན་གྱིས་དང་རྩོམ་པ་པོ་ཚད་ལྡན་ཞིག་ཆགས་རྒྱུའི་རེ་བ་ཆེན་པོ་ཞིག་སྤྱི་གཙུག་གིས་གནམ་ལ་བཏེགས་ཡོད། རྗེས་སུ་ཡིག་ནོར་ལ་གཟབ་གལ། ཡིག་ནོར་འགའ་བཅོས་ཡོད། ཆེན སྒྱུ ལྟུ ནོར། བཅོས་ ཆེ སྒྱུར ལྟ།

    Reply
  3. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    ཁ་བའི་འོད་མདངས་ལགས།
    དགེ་གྲོང་གཉིས་གོ་ལྡོག་པ་མ་ཟད་། མི་བུ་འགའ་རེའི་བྱ་སྤྱོད་ནི་དེ་ལས་ཀྱང་གོ་རྡོག་ནས་འདུག
    ཁྱེད་ཀྱིས་ཀྱང་མཁྱེན་ངེས་རེད།

    Reply
  4. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    བློ་མཐུན་གྲོགས་རིན་དོན་ལགས།
    ཁྱེད་ཀྱིས་བདག་ལ་དྲང་གཏམ་བརྗོད་པར་བདག་གིས་སྙིང་དབུས་ནས་ཐུགས་རྗེ་ཆེན་ཞུ།
    བདག་གིས་རྩོམ་ཡིག་ཡག་པོ་ཞིག་འབྲི་མི་ཤེས་ཀྱང་རྩོམ་ཡིག་འབྲི་རྒྱུ་ལ་དགའ་བ་ནི་ནམ་ཡང་སྒྱུ་ཐུབ་པ་མི་འདུག དེར་བརྟེན་གནས་ཚུལ་འདི་ལྟུ་བུ་ཆགས་པ་རེད།

    Reply
  5. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    གྲོགས་བསོད་ནམས་དཔལ་ལྡན་ལགས། རྩོམ་ཡིག་གི་བརྗོད་བྱ་ཧ་ཅང་ལེགས་པར་མཐོང་། སྒྱུ་རྩལ་དང་སྡེབ་སྦྱོར་ཞན་ཚོད་དུ་འདུག བདག་ནི་སྐད་ཆ་དྲང་མོ་བཤད་རྒྱུར་དགའ་བས་ཐར་ཀར་བཤད་པའི་སྐད་ཆ་ལ་སྙན་ཆ་མེད་ཀྱང་ཕན་ཐོགས་ཆེ། ཝེ་་དཔེ་མཚམ་སོང་ནས་སྙན་ངག་བྲིས་ན་རིག་གནས་དུག་དུ་མཐོང་མཁན་གྱི་དགེ་རྒན་ཚོས་བཀའ་བཀྱོན་རེག་ཡོང།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    རོགས་རམ་ཞེས་བཅོས།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གྲོགས་པོ་ཏྲེ་ཟླ་འོད་ལགས། ཕྲན་ངྷ་ས་ནས་དེ་རིང་སེ་ར་འབྱོར་ཡོད། ཁྱེད་རང་གིས་ཟིན་བྲིས་ཤིག་ཉར་རྒྱུ་གསུངས་ཧ་ཅང་དགའ་ཡོད། དྲ་འབུ་མང་བོས་སྐྱོན་བརྗོད་ལ་ཆ་འཇོག་དགོས་དོན་ཡོད་པ་མ་རེད། མི་བུ་རྣམ་དཔྱོད་ཅན་ཞིག་ཡིན་ན་ཁྱེད་ཀྱི་ཟིན་བྲིས་ཀྱི་དོན་ཧ་གོ་ངེས་རེད། སྤྱིར་དུས་བབ་ཀྱི་མདུན་ངོས་ཀྱི་བསམ་འཆར་ཞེས་པའི་རྩོམ་འགོད་ས་འདིར་རྩོམ་ལེགས་པོའི་རིགས་འགོད་རྒྱུ་ཡོད་པ་རེད། འདིར་ཚིགས་བཅད་ལྟ་བུའི་རིགས་འགོད་རྒྱུ་མིན་ཞེས་དྲ་བདག་གིས་གསུངས་བྱུང་། ཁྱེད་ཀྱིས་ཟིན་བྲིས་ཀྱི་ས་མིག་ཅིག་ཉར་རྒྱུ་ཡིན་ན་ཕྲན་ལ་འབྲེལ་གཏུགས་བྱོས་དང་ཕྲན་གྱིས་འཇོན་ཚོད་ཀྱིས་རོགས་རིམ་བྱེད་ངེས་ཡིན།
    ཁ་པར་ཨང་གྲངས 9916442227འདིའི་སྟེང་འབྲེལ་བ་བྱོས།

    Reply
  8. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    ལོ་འདི་ཁྱོད་རང་གཅིག་པོས་ལོ་གསར་བཏང་བ་ཡིན་ནམ་་ང་ཚོས་བོད་ཕྱིན་ནང་གཉིས་ཀྱིས་ལོ་གསར་ནི་བཏང་མེད་

    Reply
  9. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    སྤྱིར་རབ་ཏུ་བྱུང་བ་རྣམས་གྲོང་ནས་དགོན་པར་བསླབ་པ་སློབ་གཉེར་གནང་བར་ཕེབས་དགོས་པ་ལས་དགོན་ནས་གྲོང་དུ་བསླབ་པ་སློབ་གཉེར་གནང་བར་ཕེབས་པའི་གོ་རིམ་ནི་མེད། གྲོང་ནི་རྣམ་གཡེང་དང་འདུ་འཛི་རྒོད་པའི་གནས་དང་དགོན་པ་ནི་དམ་པའི་ཆོས་ཀྱི་ཁྱིམ་བཞེས་དང་ཞི་དུལ་བག་ཡོད་ཅན་གྱི་དགེ་འདུན་པ་རྣམས་པའི་བཞུགས་གནས་སོ། གཞན་ཡང་ཆོས་ཁྲིམས་པར་དཔེ་ཀློག་དང་བློ་འཛིན་ཁྱད་དུ་འགྲོ་དགོས་ཤེས་དགོངས་པ་ཞུས་ནས་གྲོང་ནས་ཁྱིམ་པ་རྣམས་ཀྱིས་གང་ཞིག་བྱེད་ཀྱི་ཡོད་མེད་ལ་གཟིགས་ནས་བཞུགས་ན་འཚམ་པོ་ཡོད་དམ། ཁ་དྲོ།

    Reply
  10. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    བསོད་ནམས་དཔལ་ལྡན་ལགས། དགོན་པ་དང་གྲོང་སྡེ་གོ་ལྡོག་པ་རེད་དམ་མི་བུ་རེ་འགའི་བྱ་སྤྱོད་གོ་ལྡོག་པ་རེད།   

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྤྱིར་བདག་ཀྱང་གྲོང་ལ་སོང་ནས་དཔེ་མཚམས་སོགས་བྱེད་རིགས་ལ་ལྟ་ཚུལ་ཡོད་མཁན་ཞིག་ཡིན། འོན་ཀྱང་དེ་རིང་ཁོང་གིས་བསམ་ཚུལ་ལ་གོང་འོག་ཚང་མའི་ཐུགས་གནང་བྱེད་དགོས་པ་ཞིག་རེད་་་་་་་་་དཔེ་མཚམས་སོང་ནས་སོང་གོ་ཆཽད་འདུག

    Reply
  12. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    སྐུ་ཞབས་ཨརྱ་དང་གྲོགས་བེ་རི་རྒྱལ་པོ་ལགས་གཉིས་ལ་ལན་གཅིག་ཏུ་འབུལ་རྒྱུ།
    བདག་འགྲོ་སའི་གཞིས་གྲོང་གང་ཡིན་གནད་དོན་ཞིག་མ་རེད། གནད་དོན་ཞིག་ཡོད་པ་ནི་གཞིས་གྲོང་མང་པོའི་ཁྲོད་དུ་གནད་དོན་འདི་ལྟ་བུ་ཡོད་པ་དེ་རེད།
    མ་གཞི་གྲྭ་པ་སྡོད་ས་དགོན་པ་རེད་འོན་ཀྱང་དཔེ་མཚམས་འགྲོ་སྲོལ་འདི་ཆ་ཐམས་ཅད་ནས་ཡག་པོ་མ་རེད་ཅེས་བརྗོད་ན་ཅུང་ཐལ་ཆེ་བར་སྙམ། ལྷ་དར་ས་སྡིག་དར་ཞེས་པ་བཞིན་སྡུག་པའི་ཆ་ཡང་ལོས་ཡོད།

    Reply
  13. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱིས་བདག་ལ་བསམ་ཚུལ་བརྗོད་པ་ཁོ་པས་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ལགས། ཁྱེད་ཀྱིས་བཤད་པ་བཞིན་དགོན་ལས་གྲོང་དུ་སློབ་སྦྱོང་ཡག་པོ་ཞིག་ཡོང་ཁག་པོ་ཡིན་ཀྱང་དགོན་སྡེ་ནང་ལོ་གསར་སྐབས་འུར་ཟིངས་ཇི་ལྟར་ཡོད་པ་ཁྱེད་ཀྱིས་ཤེས་ལས་ཆེ། དཔེ་མཚམས་ཞེས་པ་དཔེ་ཆ་བློ་འཛིན་རྒྱུ་གཅིག་པོ་ལ་གོ་མི་རུང་སློབ་སྦྱོང་ཅི་ཞིག་བྱས་ཀྱང་འགྲིགས་པ་ཞིག་རེད། དེར་བརྟེན་ད་ཐེངས་ཁོ་པས་དཔེ་ཆ་བློ་འཛིན་ཞེ་དྲག་མ་ཐུབ་ཀྱང་སྙན་ངག་མི་འདྲ་བར་བཅུ་ལྷག་འབྲི་ཐུབ་པ་དང་སྒྲུང་རྩོམ་དང་དཔྱད་རྩོམ་ཡང་ཅུང་འབྲི་ཐུབ་སོང་། འདི་ནི་ངས་དོན་དམ་གྱི་དཔེ་མཚམས་ཤིག་ཆགས་ཡོད་དྲན་བཞིན་ཡོད་དོ།།

    Reply
  14. ཏྲེ་ཟླ་འོད། says:
    ལོ་ 16 སྔོན།

    སྐུ་ཞབས་དགེ་མཐོང་ལགས། ཁྱེད་ཀྱིས་བདག་ལ་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ་ཞུ། ཁོ་པས་ཟིན་བྲིས་ཤིག་གཉེར་འདོད་འདུག་པས་བརྒྱུད་རིམ་ཇི་ལྟར་དགོས་པའི་ལམ་བསྟན་ཁ་གསལ་ཞིག་གནང་རོགས།

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ཟིན་བྲིས་ཀྱི་རང་བཞིན་ཅན་གྱི་རྩོམ་ཡིག་སྤུས་དག་ཅིག་བྲིས་པ་ལ་དགའ་བསུ་ཞུ། ཁྱེད་རང་གྲོང་སྡེ་ལ་དཔེ་མཚམས་སུ་ཕེབས་པ་ཡག་པོ་རེད། གུང་གསེང་གྱིས་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་འགྲིག་གི སྤྱིར་གྲྭ་ས་ནས་དཔེ་མཚམས་ལ་འགྲོ་མཁན་མང་ཆཻ་བ་དཔེ་ཆ་ཡག་པོ་གཟིགས་མཁན་དག་རེད། འདི་ལ་སྐྱོན་བརྗོད་བྱེད་མཁན་དག་གིས་བསམ་བློ་མ་བཏང་བ་རེད། ཕྲན་སྔོན་མ་གྲྭ་ས་ནས་དཔེ་མཚམས་ལ་མང་བོ་འགྲོ་མྱོང་ཡོད། ད་ལྟ་ངྷ་རམ་ས་ན་སྡོམ་ནས་བསྡད་ཡོད།

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གྲྭ་བསོད་ནམས་དཔལ་ལྡན་ལགས།གྲྭ་ས་ཆེན་པོ་དེ་བཞག་ནས་ཁྱོད་གྲོང་ཚོགས་ནང་དུ་ཕྱིན་ནས་སློབ་སྦྱོང་ཡག་པོ་ཞིག་རེག་ཨེ་ཡང་།མ་ཟད་ཁྱོད་ཀྱིས་ས་གནས་ག་བ་ཡིན་དང་གཞི་གྲོང་ག་བ་ཡིན་གསང་དགོས་དོན་ཅི་རེད།ངས་བལྟས་ན་ཁྱོད་ཀྱི་སེམས་ཁུལ་བྱས་མ་ཤེས་པ་ལྟ་བུ་མཐོང་སོང་།

    Reply
  17. ཨརྱ། says:
    ལོ་ 16 སྔོན།

    བཤད་པ་བདེན་ཡང་གྲྭ་བ་སྡོད་ས་དགོན་ལས་གྲོང་ལ་སོང་ནས་དཔེ་མཚམས་སུ་སྡོད་དགོས་པ་འདི་ཅི་ཞིག་རེད། ངོ་མ་བཤད་ན་གྲྭ་བ་ཞིག་གིས་དཔེ་གཟིགས་གནང་སར་གདན་ས་ཆེན་པོ་དེ་ཚོ་ལས་ཡག་ཅིག་གང་ན་ཡོད། འོན་ཀྱང་དེང་སེང་གྲྭ་བ་རེ་འགའ་གཞིས་གྲོང་ཁག་ལ་སོང་ནས་དཔེ་བལྟས་དཔེ་མེད་ཅིག་བྱས་རབས་བཤད་ཀྱིན་འདུག་པ་འདི་ལ་ངས་ནི་བསམ་བློ་མང་བོ་གཏོང་དགོས་བྱུང་། ཁྱེད་ཅག་གིས་ལྟས་ན་་་་་་་་་་་་་་་་་

    Reply
  18. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    གྲོགས་པོ་བསོད་ནམས་དཔལ་ལྡན་ལག་ཁྱོད་རང་གཞིས་གྲོང་ཞིག་ཏུ་དཔེ་མཚམས་སྡོད་པའི་གཞིས་གྲོང་དེ་གང་ཡིན་ནམ་དངོས་ནས་ཁྱོད་ནི་རྒྱལ་སྤྱི་དང་བོད་དོན་གནས་ཚུལ་སོགས་ཀྱི་ཐད་གོ་རྟོགས་ཧ་ཅང་ཆེན་བའི་གཞོན་སྐྱེས་ཡིན་པ་རྟོགས་་་་་་ང་ཡང་ཁྱོད་འདྲ་བ་དེབ་དང་ཚགས་པར་ཀློག་རྒྱུ་མེད་ན་འཚོ་བ་རོལ་མི་ཤེས་མཁན་ཞིང་བྱུང་ན་དགའ་བ་ལ་

    Reply
  19. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བདེན་གཏམ་ནི་བདེན་གཏམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese