༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཟུར་གསལ།
སྒོམ་སྡེ་ལྷ་རམས་པ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཟུར་གསལ་རང་གིས་མཐོང་ཐོས་སུ་གྱུར་པ་རྣམས་བརྗེད་ཐོར་བཀོད་པ་བླ་མའི་བཀའ་དྲིན་གསལ་བར་མཐོང་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།
མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་པའི་ཆེས་རྩ་ཆེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཁྱད་ནོར་ཟབ་མོ་འདི་ཉིད་ཁ་བ་གངས་ཅན་གྱི་ལྗོངས་སུ་ས་དར་རྡོ་དར་གྱི་ཚུལ་དུ་ཁྱབ་བརྡལ་ཆེས་ཆེ་བར་གྱུར་མོད།
འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་ནག་ཕྱོགས་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལ་བཙན་འཛུལ་དང་ཧམ་བཟུང་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་སྒྱུ་རྩལ། མི་རིགས་ཀྱི་ངོ་བོ་དང་གོམས་སྲོལ། གནའ་རྫས་དང་ཡིག་རྙིང་། ལྷ་ཁང་དང་དགོན་པ། ཤིང་ནགས་དང་གཏེར་ཁ་སོགས་མདོར་ན་སྣོད་བཅུད་ཡོངས་རྫོགས་ལ་ཉམས་ཉེས་དང་དོ་ཕོག་ཧ་ཅང་ཆེན་པོ་བཏང་སྟེ་ཕལ་ཆེར་རྩ་བརླག་ཏུ་འགྲོ་ལ་ཉེ་བར་གྱུར་ཏེ་མར་མེ་འཆི་ཁའི་ཚུལ་དུ་གྱུར་ནའང་།
སྟབས་ལེགས་པ་ཞིག་ལ་བདག་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཟད་མཐར་མ་གཏུགས་པར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་༼ཕྱི་ལོ་ ༡༩༥༩ ཟླ་ ༤༽མཇུག་ཏུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ནས་མ་སུ་རིར་ཞབས་སོར་འཁོད་ཐུབ་པ་བྱུང་ཞིང་། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་དང་ལམ་སྟོན་འོག་སྐུའི་གཅམ་སྲིང་ཚེ་རིང་སྒྲོལ་མ་ལགས་ཀྱི་གཟིགས་སྐྱོང་འོག་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྔ་གཅིག་ལམ་བཟོ་ཁག་ནས་བསྡུ་རུབ་ཀྱིས་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་སློབ་གྲྭ་དང་པོ་དེ་མ་སུ་རིར་༼ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧༽ཉིན་འཛུགས་གནང་མཛད།
དེ་ནས་བསྟན་པའི་མེ་རོ་གསོ་བའི་རིས་མེད་ཀྱི་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱ་ ༡༥༠༠ སྐོར་ཞིག་སྦག་ས་ཆོས་སྒར་དུ་གཏོང་བར་མཛད་དེ་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས།
མི་འབོར་དང་ཡུལ་གྲུ་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་ས་གནས་གང་སར་བོད་མི་རྣམས་ལམ་བཟོ་དང་ཚོང་ལས་ཙག་ཙིག་དང་། མང་པོ་ཞིག་ནས་ལྟོ་སློང་བ་སོགས་ཀྱིས་གྱི་ནའི་འཚོ་བ་འཚོལ་བཞིན་ཕྱོགས་ཐམས་ཅད་དུ་ཁ་ཐོར་ནས་བྱེ་མ་ཆུ་ཐིམ་དུ་སོང་སྟེ། རིག་གཞུང་ལྟ་ཞོག་ཐ་ན་བོད་སྐད་ཙམ་ཡང་མི་ཤེས་པའི་གནས་སུ་གྱར་ལ་ཉེ་བ་ན། མགོན་པོ་གང་གི་ཐུགས་རྗེ་དང་ཟབ་ལ་བརླིང་བའི་དགོངས་བཞེད་ལ་བརྟེན་ནས། ༼ཕྱི་ལོ་༡༩༦༠༽ལོར་བོད་མིའི་གཞིས་ཆགས་ཆེ་ཤོས་ལུགས་ཟུང་བསམ་གྲུབ་གླིང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པིར་གསར་འཛུགས་གནང་ཞིང་། དེ་ནས་༼ཕྱི་ལོ་༡༩༦༦༽ལོར་བོད་མིའི་གཞིས་སྒར་ཆེ་ཤོས་ཨང་གཉིས་པ་མོན་གྷོ་འདོད་དགུ་གླིང་འཛུགས་པར་མཛད། དེ་ནས་རིམ་གྱིས་ས་གནས་གང་ས་ནས་བོད་མི་བསྡུ་རུབ་ཀྱིས་ས་ཁུལ་མང་པོར་གཞིས་ཆགས་གསར་འཛུགས་གནང་སྟེ། རྒྱ་གར་དུ་བོད་མིའི་གཞིས་ཆགས་ཁག་སུམ་ཅུ་སོ་དགུ་ ༣༩ དང་། བལ་ཡུལ་དུ་བཅུ་གཉིས་ ༡༢ དང་། དེ་བཞིན་འབྲུག་ཡུལ་དུ་བདུན་ ༧ བཅས་ཁྱོན་བསྡོམས་བཙན་བྱོལ་དུ་གཞིས་ཆགས་ཁག་ལྔ་བཅུ་ང་བརྒྱད་ ༥༨ དང་། སློབ་གྲྭ་ཁག་ ༨༢ ལྷག་ཙམ་གསར་འཛུགས་མཛད།
དགེ་འདུན་གྱི་སྡེ་རྣམས་མི་དམངས་དང་ས་ཁད་ཉེ་བར་ཡོད་ན་གྲྭ་བཙུན་གསར་འཇུག་དང་། བསླབ་པ་སློབ་གཉེར་དང་ཕྱག་འཚལ་དཀོར་སྦྱོང་། ཐ་ན་ཤི་གསོན་ལ་བསྔོ་སྨོན་ཞུ་ཡུལ་སོགས་འཕྲལ་ཕུགས་ཀྱི་དགོས་པ་དུ་མར་གཟིགས་ཏེ། སྦག་སའི་རིས་མེད་ཀྱི་དགེ་འདུན་པ་རྣམས་ཆ་བགོས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་སེ་ར་དགོན་པ་དང་བཀའ་བརྒྱུད་དགོན་པ་གཉིས། མོན་གྷོ་གཞིས་ཆགས་སུ་དགའ་ལྡན་དང་རྙིང་མ། འབྲས་སྤུངས་དང་ས་སྐྱ་བཅས་གཏོང་གནང་མཛད། དེ་བཞིན་ཧུན་སུར་དང་འབུམ་སྡེ་ལར་རྒྱུད་གྲྭ་སྨད་སྟོད་གཉིས་སོགས་སངས་རྒྱས་ཀྱི་བསྟན་པའི་གཞི་རྟེན་སྲ་འཛུགས་གནང་། དེ་ནས་བཟུང་དེང་གི་ཆར་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གཙུག་ལག་སློབ་གཉེར་ཁང་བརྒྱ་ཕྲག་འགའ་ཤས་བཞུགས་ཡོད་པ་ནི། མགོན་པོ་གང་གི་བཀའ་དྲིན་དང་ཐུགས་བསྐྱེད་སྨོན་ལམ་ཉག་གཅིག་ལ་བརྟེན་ནས་ཡིན་ལ། དེའི་མཐུས་བོད་ཀྱི་ཆོས་དང་རིག་གཞུང་དང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དབྱར་གྱི་མཚོ་ཆེན་པོའི་ཚུལ་ལྟར་ཡར་རྒྱས་ཀྱི་ངོ་བོར་གནས་སོ།
དེ་ནས་ཕྱི་ལོ་ ༡༩༧༠ ནས་ ༡༩༨༠ བར་གདན་ས་ཁག་ནས་རྒྱུད་གྲྭ་སྟོད་སྨད་དུ་ཕེབས་མཁན་གྱི་དགེ་བཤེས་ཧ་ཅང་དཀོན་པར་གྱུར་པ་ན། ༸གོང་ས་མཆོག་གིས་བཀས་སྐུལ་མ་ཇི་ཙམ་མཛད་ནའང་། དགེ་བཤེས་བགྲེས་པ་མང་པོ་ཞིག་ནས་ཤི་བ་ལས་འཚེར་ཙམ་གནང་བར། རྒྱལ་དབང་མཆོག་ཐུགས་དགོངས་འཚོམས་ཀྱི་རྣམ་པས། རྒྱུད་པ་ལ་རྒྱུག་ཟེར་དུས་དམྱལ་བ་ལ་རྒྱུག་ཟེར་བ་ལྟ་བུའི་འཚེར་སྣང་བྱེད་ཀྱི་འདུག་ཅེས་གསུངས་ཏེ་ཐུགས་ཕྱུང་བའི་ཚུལ་གྱིས། “ངས་ཁྱེད་ཅག་ལ་ནག་ཐིག་བརྒྱབ་ནས་བཞག་ཡོད་ད”ཞེས་གསུངས་སྐད། འཚེར་སྣང་བྱེད་དགོས་དོན་ནི་རྒྱུད་སྟོད་ལྟ་བུ་ས་ཐག་ཤིན་ཏུ་རིང་བ་དང་། རྒྱུད་སྨད་དུ་ནི་སྐབས་དེར་དགེ་བཤེས་བགྲེས་སྲོང་ཇི་འདྲ་ཞིག་ཡིན་རུང་དམིགས་བསལ་མེད་པར་ཞིང་ལས་སོགས་སུ་གྲྭ་རྐྱང་དཀྱུས་མ་དང་གཅིག་མཚུངས་སུ་ཕེབས་དགོས་ཀྱི་ཡོད་པའི་གནད་ཀྱིས་རེད། སེ་ར་བྱེས་ནས་དགེ་བཤེས་ཅུང་ཟད་གཞོན་པའི་གྲས་རྒན་གྲུབ་ཐོབ་ལགས་༼ད་ལྟའི་བྱང་རྩེ་ཆོས་རྗེ་རིན་པོ་ཆེ༽ལྟ་བུ་རྒྱུད་སྨད་དུ་ཕེབས་ཏེ་ཞིང་ལས་ཀྱི་ངལ་བས་ཞལ་རས་ནག་པོ་ནག་རྐྱང་ལ་སོང་བར་ད་ལྟ་ཡང་གསལ་པོར་དྲན། དེ་ནས་བཀའ་སློབ་ཧ་ཅང་ལྕི་བ་བརྒྱུད་མར་ཕེབས་པར་བརྟེན་རིམ་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་དགེ་བཤེས་རྣམས་རྒྱུད་སྟོད་སྨད་དུ་ཕེབས་པའི་ལམ་སྲོལ་བཟང་པོ་དེ་ཉིད་སླར་ཡང་གསོ་བར་མཛད་དོ། །
ཕྱི་ལོ་༡༩༨༧-༨ གང་རུང་ཞིག་ལ་གདན་ས་ཁག་ལ་སློབ་གཉེར་ལེགས་ཉེས་གཟིགས་ཞིབ་གནང་བར་ཕེབས་པ་ན། རྩོད་རྒྱུགས་སྐབས་གྲྭ་པ་འགའ་ཞིག་ནས་གྷན་ཇི་དཀར་པོ་དང་སྔོན་པོ་སོགས་མི་རུང་བའི་ཁ་དོག་གྱོན་པ་གཟིགས་པ་ན། དེ་ལྟར་མི་རུང་བའི་བསླབ་སྟོན་དང་འབྲེལ་སྐུ་སྒེར་ནས་གྷན་ཇི་དོ་གྲངས་གསུམ་བཞི་ཞིག་བསྐུར་བར་གནང་སྟེ། གྲྭ་པ་རེར་གྷན་ཇི་གསུམ་རེར་གསོལ་རས་བསྩལ། དེ་ནས་བཟུང་མི་རུང་བའི་ཁ་དོག་གྱོན་པ་རྒྱུན་ཆད་དོ། །
གདན་ས་གསུམ་དང་རིས་མེད་ཀྱི་ཆོས་སྡེ་རྣམས་སུ་དགེ་ལུགས་པ་ཡིན་ན་རྗེ་ཙོང་ཁ་པ་ཆེན་པོ་དང་། རྙིང་མ་པ་ཡིན་ན་སློབ་དཔོན་རིན་པོ་ཆེ་ལྟ་བུ་རང་རང་གི་ཆོས་བརྒྱུད་ཕྱག་འདེབས་པོའི་བླ་མ་རྣམས་རྟེན་གྱི་གཙོ་བོར་འཇོག་སྲོལ་སྔར་ནས་ཡོད་མོད། རྒྱལ་དབང་མཆོག་ནས་དུས་རབས་དང་བསྟུན་ཅིང་དགོས་དབང་གིས་སྟོན་པ་ཐུབ་པའི་དབང་པོ་རྟེན་གཙོར་འཇོག་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན། དེང་གི་ཆར་དགེ་ལྡན་པའི་གདན་ས་ཁག་དང་། ས་རྙིང་བཀའ་གསུམ་གྱི་གཙུག་ལག་ཁང་རྣམས་སུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྲོལ་བཟང་པོ་འདི་ཉིད་དར་བར་གྱུར་ཏོ། །
འདིས་ནི་ཕྱི་རྒྱལ་བ་ཚོས་བོད་པའི་ཆོས་ནི་བླ་མའི་ཆོས་ལུགས་རེད་ཟེར་བའི་ངན་དམས་ཀྱང་རང་ཤུགས་ཀྱིས་ཁེགས་ཤིང་། རྒྱ་གར་བ་དང་ཕྱི་རྒྱལ་བའི་གནས་མཇལ་བ་རྣམས་གནས་དེ་ནང་པའི་གནས་ཡིན་མིན་གྱི་ཐེ་ཚོམ་དང་གསལ་བཤད་ལོགས་པ་བྱེད་མི་དགོས་པར་བྱུང་བ་ཡང་ཁོང་ཉིད་ཀྱི་བཀའ་དྲིན་ནོ། །
མདོར་ན་མགོན་པ་གང་གིས་མི་ལོ་ལྔ་བཅུ་ལྷག་རིང་དུས་སྐད་ཅིག་ཀྱང་ཐུགས་ལྷོད་ངང་བཞུགས་ལོང་མེད་པར་ཉིན་མཚན་བར་མེད་དུ་སྐུ་ངལ་ཚད་མེད་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་ང་ཚོ་བོད་མི་རྩམ་ཟན་ཡོངས་ནས་དུས་ནམ་ཡང་གཞལ་བར་དཀའ་ཞིང་ཞར་ཡང་བརྗེད་དུ་མི་རུང་བར་སྙིང་དབུས་སུ་བཅང་བར་འོས་སོ། །
༄༅་ཨོ་ཨོ་ཨོ་་་་་་་་སྒོམ་སྡེ་ཚང་གི་འགྲིལ་བ་བརྒྱ་ཆ་དགུ་བཅུ་ལ་སྨྱོ་ནད་ཕོག་འདུག
སྒོམ་སྡེ་ལྷ་རམས་པ་ཚ་ལ་འགྲོ་མ་མྱོང་།
ད་གཅིག་མི་འགྲོ་ཀ་མེད་རེད་་་་་་འགྲོ་རྒྱུ་ཡིན
ཡིད་ཙམ་རིང་གནས་ཚང་གཡར་རོགས་གནང་སྒོམ་སྡེ་ལགས
ཤེས་རབ་འབྱུང་གནས་ཀྱིས་༼དེང་སྐབས་བོད་ཡིག་གི་དྲ་ཐོག་ནས་ཆོས་ལུགས་ཆོལ་ཁའི་བར་ལ་འཐེན་འཁྱེར་དང་དཀྲུགས་ཤིང་བཟོ་མཁན་གྱི་གཏེ་བོ་ཨང་དང་པོ་ཁྱོད་སྒོམ་སྡེ་ཡིན་པས་༽ཟེར་བ་འདི་བདེན་པ་རེད།
བློ་བཟང་དམ་ཆོས་ཟེར་བ་འདི་ཡང་མིག་ཡོད་པའི་ལོང་བ་ཞིག་རེད་འདུག
ཡང་མིན་ན་སྒོམ་སྡེའི་སྤུན་མཆེད་དང་གྲོགས་པོ་འདྲ་ཞིག་ཡིན་ས་རེད། སྒོམ་སྡེ་ཁོ་རང་ཡིན་ན་ཡང་མི་ཤེས། འདི་དེ་རིང་མ་གཏོགས་ནམ་རྒྱུན་དྲ་ཐོག་ཏུ་མེད། དེ་མིན་ཆོས་ལུགས་ཀྱི་བར་ལ་འགལ་ཟླ་བསླངས་ནས་གང་དུ་སོང་ཀྱང་དེ་འུར་ཆིལ་ལེར་གཏོང་མཁན་ཞིག་ལ་ནག་ཉེས་མ་གཏོགས་བྱས་རྗེས་ཤིག་ག་ལ་ཡོད། གལ་ཏེ་ནག་ཉེས་ཅན་ཡང་བྱས་རྗེས་ཅན་ཡིན་ན་འཇིག་རྟེན་ན་ནག་ཉེས་ཅན་ཞིག་མི་རྙེད་པར་ཐལ་ལོ།།
མི་བྱས་རྗེས་ཅན་ལ་གནོད་སྐྱེལ་ཡང་འདི། མི་ངན་འདི་ཚོའི་ལས་ཀ་རེད། མཐུའི། མཐུའི།
ཨ་ཁ། བུང་གུ་མགོ་སྟོང་འདི་ཚོ་ཅ་མ་ཟིང་།
དབྱེ་ཞིབ་པས་གསུངས་པར་བརྒྱ་ཆ་བརྒྱ་ཐམ་པའི་རྒྱབ་སྐྱོར་ཡོད། སྒོམ་སྡེ་ཁྱོད་ད་ནས་བཟུང་བོད་ཡིག་གི་དྲ་ཐོག་ཏུ་མ་ཕེབས་རོགས། ང་ཚོ་བོད་མི་རིགས་ལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་ཀྱི་ཡོད་པ་ལས་འགལ་ཟླ་དང་། དབྱེ་འབྱེད། འཐེན་འཁྱེར་དགོས་ཀྱི་མེད། ལྷག་པར་དུ་ཆོས་ལུགས་ཆོལ་ཁའི་འཐེན་འཁྱེར་འདི་བོད་མི་རིགས་རིག་གནས་དང་བཅས་པ་རྩ་མེད་དུ་འགྲོ་བའི་སྔ་ལྟས་ཡིན་པས་ང་ཚོས་ངེས་པར་དུ་གཟབ་དགོས། དེང་སྐབས་བོད་ཡིག་གི་དྲ་ཐོག་ནས་ཆོས་ལུགས་ཆོལ་ཁའི་བར་ལ་འཐེན་འཁྱེར་དང་དཀྲུགས་ཤིང་བཟོ་མཁན་གྱི་གཏེ་བོ་ཨང་དང་པོ་ཁྱོད་སྒོམ་སྡེ་ཡིན་པས་བོད་ཡིག་གི་དྲ་ཚིགས་རྣམས་སུ་མ་སྡོད་པར་གཞན་དུ་དེངས་ཤིག གལ་ཏེ་ད་དུང་མི་འགྲོ་ཞིང་འདུག་པར་བཟོད་ན། བདག་སོགས་ཁྲོ་རྒྱལ་གུ་རུ་དྲག་པོའི་ཐུགས་རབ་ཏུ་ཁྲོས་ནས་སྒོམ་སྡེ་དོལ་རྒྱལ་དཔུང་ཚོགས་དང་བཅས་པ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ་བས། ད་ལྟ་ཉིད་དུ་ཕྱིར་དེངས་ཤིག ཕྱེར་ཞིག ཛ་ཛ་རྦད།
དབྱེ་ཞིབ་པའི་གསུང་པ་ནང་བཞིན་འོང་བའི་རེ་བ་ཡིན་ དེ་མིན་ཁོའི་དྲ་རྒྱ་ཚོ་གཙོགས་པ་བཟོ་བའི་ཉེན་ཁ་ཆེ་ ད་དུང་སྒོམ་སྡེ་ཁོ་༧་གོང་ས་མཆོག་གིས་ཐུགས་མཉེས་པོ་ཞེ་བོ་ཞིག་གནང་གི་ཡོད་ཟེར་གི་ ཁོའི་༧་གོང་ས་མཆོག་ལའང་ངན་ཁག་དཀྲི་ཉེན་འདུག་
སྒོམ་སྡེ་ལྷ་རམས་པ་ལ་རེ་སྐུལ་ཞུ་བ།
(གསལ་བཤད། རེ་སྐུལ་འདི་ནམ་རྒྱུན་ཁྱེད་དང་རྙོག་དྲ་མིན་པར་དཔེ་ཆའི་ཐོག་ནས་བགྲོ་གླེང་གང་མང་བྱེད་མཁན་ཞིག་གི་རེ་བ་ཡིན། འོན་ཀྱང་ཕྱིན་ཆད་ཁྱེད་ཀྱི་ངོ་ལ་བལྟ་བདེ་བའི་ཕྱིར་མིང་དངོས་སུ་བྲིས་མེད། འདི་ཁྱེད་ཀྱི་ཟིན་བྲིས་སུ་གཏོང་བསམ་པ་ཡིན་ཡང་མཆན་འདེབས་པ་སྒོ་བརྒྱབ་འདུག་པས་འདིར་གཏོང་དགོས་བྱུང་།)
འདས་པའི་ལོ་གང་མང་ཞིག་གི་རིང་དབྱིན་ཇི་དང་ཧིན་རྡུ་རྒྱ་ཡིག་སོགས་ལ་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་དྲ་རྒྱ་ཡོད་ཀྱང་། བོད་ཡིག་ནི་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དུ་བསྒྱུར་མ་ཐུབ་པས་དེ་ལྟར་བཀོལ་སྤྱོད་མ་ཐུབ། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་ལོ་སྔོན་མ་ནས་བཟུང་བོད་ལ་མི་གྲངས་ཉུང་ཡང་ཕུན་སུམ་ཚོགས་པའི་བོད་ཡིག་འདི་ཉིད་རྒྱལ་སྤྱིའི་ཐོག་གཅིག་གྱུར་གྱིས་བཀོལ་སྤྱོད་ཐུབ་པ་བྱུང་བས་ང་ཚོ་ཁ་ཐོར་དགུ་ཐོར་དུ་གནས་པའི་བོད་རིགས་མི་མང་རྣམས་ཀྱང་དྲོ་སོབ་ཀྱི་བོད་པའི་དྲ་རྒྱ་ཁག་གི་ནང་དུ་འཛོམས་ཏེ་སྙིང་གཏམ་ཤོད་པའི་གོ་སྐབས་བྱུང་བར་གྱུར། འདིར་མདོར་བསྡུས་ཏེ་བཤད་འདོད་པ་ནི། ང་ཚོ་སྒོར་མོའི་བྲན་གཡོག་དང་། སྲིན་དོན་གྱི་བྲན་གཡོག་ཏུ་གྱུར་བ་ཚོ་ཐང་ཆད་ངལ་དུབ་ཀྱིས་མནར་བའི་སྐབས་སུ་བོད་ཡིག་གི་དྲ་རྒྱ་འདི་ཚོར་ཞུགས་ཏེ་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་དང་མཉམ་དུ་སྐྱིད་སྡུག་གི་གཏམ་གླེང་རེ་བྱེད་པ་ནི་མི་ཚེའི་ནང་གི་ངལ་གསོ་ཡག་ཤོས་སུ་གྱུར་འདུག འོན་ཀྱང་བོད་ནང་གི་མཆོད་མེ་དང་སེང་རྡོར་དྲ་བ་དགེ་ཆོས་དྲ་བ་སོགས་ལ་གང་འདོད་དུ་ཞུགས་མི་ཆོག་ཅིང་། བྱེས་ཀྱི་དྲ་རྒྱ་བང་ཆེན་དང་འོད་དཀར་སོགས་ཀྱང་དེ་ཙམ་བདེ་བོ་ཞིག་མ་རེད། དེ་ལས་བོད་ཀྱི་དུས་བབ་ཅུང་བདེ་ཞིང་། དེ་ལས་ཀྱང་ཁ་བརྡ་འདི་བདེ། ཁ་བརྡ་འདི་ནི་ང་ཚོ་ངལ་གསོ་སའི་ཁང་བཟང་གཅིག་པུ་དེ་ཡིན་ཞིང་། གནས་འདི་ནས་བློ་སྐྱེད་དང་སྙིང་སྟོབས་སེམས་ཤུགས་སོགས་ཀྱི་ལེགས་སྐྱེས་གང་མང་ཞིག་རག་གི་ཡོད། འོན་ཀྱང་ཡིད་ཕམ་པ་ཞིག་ནི་སྐབས་རེར་སྐྱག་དྲི་བྲོ་བའི་ཁྱི་འཛིངས་རེ་བྱས་ནས་ཁང་བཟང་འདིའི་ནང་དུ་འདྲེ་གདོན་གྱི་ཚོགས་འདུ་ཚོགས་བསྡད་པ་ལྟ་བུ་རེ་ཡང་མཐོང་རྒྱུ་ཡོད་པ་དེ་ཡིན། འདིར་མདོར་བསྡུས་ཏེ་བཤད་འདོད་པ་ནི། ལྷ་རམས་པ་ཁྱེད་དོན་ཀྱི་མཁས་པ་ཞིག་ཡིན་མིན་ད་དུང་མི་ཤེས། ཁྱེད་ཀྱི་བྲིས་པ་ཚོའི་བརྒྱ་ཆའི་སུམ་ཅུ་ནོར་འཁྲུལ་ལྟ་བུར་མཐོང་གི་འདུག་ཀྱང་དེ་ཚོ་ཞིབ་གླེང་བྱེད་ཁོམ་མེད། འོན་ཀྱང་ཁྱེད་ཀྱི་སྐྱོན་ཆ་ཆེ་ཤོས་དེ་ཁྱེད་ཆོས་ལུགས་ཀྱི་ཕྱོགས་ཞེན་ཧ་ཅང་ཆེ་བ་དང་། ཕྱོགས་ཞེན་དེ་ཡང་ཕྱི་ལོགས་སུ་མངོན་གསལ་དོད་པོས་སྟོན་གྱི་འདུག་པ་དེ་རེད། ཁྱེད་ཀྱིས་དོན་དག་ཆེ་ཆུང་གང་ཞིག་གླེང་ཀྱང་ཡོད་ཚད་དགེ་ལུགས་པའི་བཤད་ཚུལ་གྱིས་ཁེབ་ཨེ་ཐུབ་བལྟ་གི་ཡོད་པ་དང་། ཞོར་ལ་ཆོས་བརྒྱུད་གཞན་གྱི་གཞུང་དང་བཤད་ཚུལ་ལ་ཟུར་ཟ་གང་ཐུབ་བྱེད་ཀྱི་འདུག་པར་མ་ཟད་ད་དུང་པདྨ་གླིང་པ་གཏེར་རྫུན་ཡིན་པ་དང་། ཇོ་ནང་པ་ལྟ་ལོག་ཡིན་པ་སོགས་མི་ལ་ཁོང་ཁྲོ་དང་ན་ཟུག་སློང་བའི་སྐད་ཆ་ཡང་འཛེམས་མེད་དུ་བཤད་ཀྱི་ཡོད། ཁྱེད་ཀྱིས་ད་བར་དྲ་འཛིངས་བརྒྱབ་ས་ལ་བསམ་བློ་བཏང་ན། ཚུལ་ཁྲིམས་མཐར་ཕྱིན། གངས་གཡག ཐེམ་ཆེན། ལྷག་བསམ་རྒྱ་མཚོ། སློབས་པ་མཐའ་ཡས། མིའུ་ཕྲུག ཤེས་རབ་འབྱུང་གནས། ཤཱཀྱ་མི་བོ། གྲགས་པ་རྒྱལ་མཚན། གེ་སར་རྒྱལ་པོ། ཁྲོ་ཐུང་རྒྱལ་པོ། འདྲེ་ཡར་ལངས། གདོང་དམར་གྱི་བུ། མྱིག་རྫོབ། ལྷག་བསམ། འོད། འཇང་གཡུ་ལྷ་ཐོག་འགྱུར་སོགས་ཟིན་བྲིས་རྙིང་པ་ཚོ་ལ་ཕྱིར་བལྟས་ཤིག་བྱས་ན་མི་བརྒྱ་ལ་ཉེ་བ་ཙམ་འདུག་ཅིང་། དེ་དག་ལ་ཡང་ལྟ་གྲུབ་དང་འདོད་ཚུལ་བཞེད་ཚུལ་གྱི་བགྲོ་གླེང་མིན་པར་ཁྱོད་ཤི་ང་གསོན་གྱི་དམར་འཛིངས་ཁོ་ན་བརྒྱབ་འདུག མི་དང་རྙོག་དྲ་བཟོ་རྒྱུ་མང་དྲག་ནས་མཆན་འདེབས་ས་སྒོ་བརྒྱབ་དགོས་བྱུང་འདུག་པ་ཡང་ཧ་ལམ་ཐེངས་བཅུའི་ཚད་ཀྱི་མི་འདུག གསལ་བོར་མི་དྲན་ཟིན་བྲིས་རྙིང་པ་ཚོ་ལ་ཕྱིར་བལྟས་ཤིག་གྱིས་དང་། ལོ་སྔོན་མར་ཁྱེད་ཁ་བརྡའི་ནང་དུ་ཡོད་སྐབས་ཁྲག་དམར་པོའི་དྲི་མ་དངོས་སུ་ཁ་བའི་ཆོས་ལུགས་ཀྱི་རྙོག་འཛིང་ཅི་ཙམ་བརྒྱབ་ལ་ཉིད་ཀྱིས་མཁྱེན་གསལ་ལྟར་ཡིན་ལ། དེ་ནས་དུས་བབ་ཀྱི་ཟིན་བྲིས་པར་ཕེབས་རྗེས་རང་གི་ཟིན་བྲིས་ཀྱི་ནང་མ་གཏོགས་ཁ་བརྡ་དྲ་ཐོག་གི་རྙོག་གླེང་རྒྱུན་ཆད་པར་གྱུར་པས་ང་ཚོ་དྲ་གྲོགས་གཉོམ་ཆུང་ཚོ་དགའ་དགའ་འཛུམ་འཛུམ་བྱས་ནས་སྔ་དགོང་གི་དུས་ཚོད་ཡོད་ཚད་ལ་འདིར་འཛོམས་ཀྱི་ཡོད། དངོས་གནས་དྲ་གྲོགས་ཚོ་ལ་སྤུན་ཟླའི་འདུ་ཤེས་ཡང་ཡོང་གི་འདུག་པས་སྐྱིད་པོ་ཞིག་རེད། འོན་ཀྱང་ད་སྐབས་ཡང་ཁྱེད་ཕྱིར་ཁ་བརྡ་དྲ་ཐོག་ཏུ་སླེབས་པ་དང་ལོ་སྔོན་མའི་རྙོག་གླེང་གི་མགོ་བཙུགས་པ་དུས་མཉམ་དུ་བྱུང་འདུག་པས། ཁྱེད་ཀྱིས་ང་ཚོ་ཁ་ཐོར་དུ་ཡོད་པའི་སྤུན་ཟླ་ཚོ་ལ་བསམ་བློ་བཏང་ནས་རང་གི་ཟིན་བྲིས་ཀྱི་ནང་མ་གཏོགས། ཁ་བརྡ་དྲ་ཐོག་ཏུ་མི་ཕེབས་པར་མཁྱེན། འདི་ནི་ཀློག་མཁན་གྱིས་བཏོན་པའི་སྙིང་ཁོང་གི་རེ་བ་ཡིན། དྲན་བསྐུལ་ཞུ་རྒྱུ་ཞིག་ལ། བོད་མི་ས་ཡ་དྲུག་ཡོད་པའི་དབང་དུ་བཏང་ན་མ་མཐའ་ཡང་ས་ཡ་གསུམ་དགེ་ལུགས་པ་མིན་ཞིང་། དགེ་ལུགས་མ་ཡིན་པ་ཚོ་ལ་ཡང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་པ་འདི་ཁྱེད་ཀྱིས་མ་བརྗེད་རོགས་ཞུ། ཉིད་ལ་བཤད་རྒྱུ་ཡོད་ཚད་རང་གི་ཟིན་བྲིས་ནས་ཤོད་དང་ང་ཚོས་ཀློག་ཆོག་ལ། བསམ་ཚུལ་མི་འཐུན་པ་དང་བགྲོ་གླེང་རེ་ཡོད་ན་ཡང་དེ་ལུགས་ཞུ་ཆོག ཁྱེད་ཁ་བརྡ་དྲ་ཐོག་ཏུ་ཕེབས་རྗེས་དྲ་བདག་ཚོ་ལ་ཡང་གསལ་བཤད་བྱེད་དགོས་རྒྱུ་ཇེ་མང་དུ་སོང་འདུག ག་དུས་ཡིན་ཡང་དེ་འདྲ་རེད། དྲ་ཁང་གི་ལྷིང་འཇགས་དང་ང་ཚོ་དྲ་གྲོགས་གཉོམ་ཆུང་ཚོའི་སེམས་ཚོར་དང་སྤྲོ་སྣང་ལ་དགོངས་པ་བཞེས་ནས་ཕྱིན་ཆད་ཁ་བརྡ་འདིར་མི་ཕེབས་རོགས་ཞུ།
འདི་ཡང་ཉིན་མང་པོའི་ཡར་སྔོན་ཞིག་ལ་ཤ་ཁྲག་རུས་གསུམ་ལ་ཞུས་པའི་གསལ་བཤད་ཡིན།
བུ་བཟང་ཤ་ཁྲག་རུས་གསུམ་ལགས།
ཁྱོད་ངོ་མ་མི་ཡར་ཐོན་ཅན་དང་ལྷག་བསམ་ཅན་ཞིག་ཡིན་པས་དགོངས་ཚོམས་བྱུང་བ་ལ་དགོངས་དག་ཞུ། འོན་ཀྱང་ཁྱེད་ཀྱི་གསུངས་གི་ནང་ན་མ་འགྲིག་པ་གཅིག་འདུག དེ་ནི་འོད་དང་ཤེས་རབ་འབྱུང་གནས་གཡུ་ལྷ་ཐོག་འགྱུར་ཟེར་བ་སོགས་ང་མིན་པ་༼དཀོན་མཆོག་གསུམ་དཔང་བཞག་བྱས་༽ནས་མནའ་བསྐྱལ་ཆོག འདི་ངས་སྒོམ་སྡེ་ལ་གསལ་བཤད་བྱས་པ་མིན། བུ་བཟང་ཤ་ཁྲག་རུས་གསུམ་ཁྱེད་དང་། ཕྱོགས་སུ་མ་ལྷུང་བའི་དྲ་གྲོགས་ཚོར་གསལ་བཤད་ཞུས་པ་ཡིན། དྲ་བདག་གིས་ཀྱང་ཤེས་ཀྱི་རེད། ཚུལ་ཁྲིམས་མཐར་ཕྱིན་དང་གྲགས་པ་རྒྱལ་མཚན་གཉིས་པོ་ང་ཡིན། དེ་ཡང་མིང་རྫུན་བཀོལ་བ་མིན་པར། ངས་གྲགས་པ་རྒྱལ་མཚན་གྱི་མིང་འདི་མ་བཀོལ་གོང་ནས་སྒོམ་སྡེ་ལ། ཕྱིན་ཆད་ང་གྲགས་པ་རྒྱལ་མཚན་གྱི་མིང་ཐོག་ནས་ཡོང་གི་ཡིན་ཞེས་གསལ་བཤད་བྱས་ཏེ་ཡོང་བ་ཡིན།
བཀུར་འོས་པའི་དྲ་བདག་མཆོག་གིས་མཆན་འདི་མི་བསུབ་རོགས་ཞུ།
རིས་སུ་མ་ཆད་པའི་ཀློག་མཁན་རྣམ་པ། འོག་གི་མཆན་འདི་ཚོ་ཁ་བརྡ་དྲ་རྒྱའི་ནང་དུ་ཀློག་མཁན་ཚོས་བཏབས་པའི་མཆན་རེད། སྒོམ་སྡེས་འདི་ཚོ་ཚང་མ་ང་རེད་ཟེར་སྲིད་ཀྱང་། ཐེམ་ཆེན་དང་། ལྷག་བསམ། འཇང་གཡུ་ལྷ་ཐོག་འགྱུར། བློ་བཟང་བླ་མ། ཤཱཀྱ་མི་བོ་རྣམས་ཀྱི་ནང་གི་མི་གཅིག་ཀྱང་ང་མིན་པ་མཆོག་གསུམ་དཔང་དུ་བཞག་ནས་མནའ་བསྐྱལ་ཆོག དྲ་བདག་རྣམས་ཀྱིས་ཀྱང་གསལ་བོར་མཁྱེན་གྱི་རེད། ངས་ནི་ཁོང་རྣམས་སུ་ཡིན་དང་གང་དུ་བཞུགས་ཡོད་ཀྱང་མི་ཤེས། དེས་ན་མི་ཀུན་གྱིས་སྒོམ་སྡེ་ཟེར་བ་འདི་ལ་ཉིན་མོའི་འུག་པ་བྱ་ཚོགས་ཀྱིས་མཐོང་བ་ལྟར་བྱེད་པའི་རྒྱུ་མཚན་མཁྱེན་རྟོགས་ཡོང་བའི་རེ་བ་ཆེ། ངས་དྲ་ཁང་ཁག་གི་ཆེ་མཐོང་ལ་བསམ་ནས་ཁོ་རང་གི་ཟིན་བྲིས་ཀྱི་ནང་མ་གཏོགས་གཞན་ནས་སྒོམ་སྡེ་དང་རྒྱག་རེས་བྱེད་ཀྱི་མེད། འདིས་གསལ་བཤད་བྱས་པ་ཙམ་ཡིན།
༧༽ ཐེམ་ཆེན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༥ གི་ཆུ་ཚོད་ ༡༠ སྐར་མ་ ༡༡
དྲ་གྲོགས་རྣམ་པར་དྲན་བསྐུལ་ཞུ་རྒྱུར།
སྡོམ་སྡེ་ཟེར་བ་འདི་མྱི་ག་འདྲ་ཞིག་ཡིན་པ་ཤེས་གལ་ཆེ་བས་ངོ་སྤྲོད་ཐུང་ཙམ་བྱེད།
༡༽ དྲ་གྲོགས་གཞན་པ་ཚོས་སྒོམ་སྡེ་ལ་སུན་གཙེར་བཟོས་པ་མ་རེད། དང་པོ་སྒོམ་སྡེ་ཁོ་རང་གིས་ཁ་བརྡ་དྲ་ཐོག་ནས་གུ་རུ་རིན་པོ་ཆེ་དང་། པདྨ་གླིང་བ་སོགས་ལ་མཚན་སྨོད་གནམ་སར་མི་ཤོང་བ་བྱས་ཏེ་རྙོག་དྲའི་མགོ་བཙུགས་པ་རེད།
༢༽ ཁོས་ནམ་རྒྱུན་རྟག་པར་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་གྱི་སྡུག་སྐད་རྐྱང་རྐྱང་རྒྱབ་ནས་བསྡད་ཡོད་པ་རེད།
༣༽ ཁ་བརྡ་དང་དུས་བབ་གཉིས་ཀྱི་ཐོག་ལ་ཟིན་བྲིས་དང་མཆན་བུ་སྟོང་ཕྲག་མང་པོ་ཡོད་མོད། མི་མང་ཆེས་མི་དགའ་སའི་ཟིན་བྲིས་དེ་སྒོམ་སྡེའི་ཟིན་བྲིས་ཡིན་པ་གསལ་བོ་རེད། དེས་ཅི་ཞིག་མཚོན་གྱིན་ཡོད་པ་ཚང་མས་ཤེས་གསལ་རེད།
༤ ༽ སྒོམ་སྡེས་མི་གཞན་པའི་ཚོར་བ་རྩིས་མེད་རྡོག་རོལ་དུ་གཏོང་ཆོག་ན། ཁོང་ཚོས་ཀྱང་སྒོམ་སྡེའི་ཚོར་བ་རྩིས་མེད་རྡོག་རོལ་དུ་གཏོང་ཆོག་པ་རེད།
༥༽ མུ་མཐུད་དུ་དྲ་གྲོགས་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་དཀྲུག་འདྲེ། ཆོས་ལུགས་བར་གྱི་ཕུང་འདྲེ་འདི་འབུར་འཇོམས་བྱེད་རྒྱུའི་རེ་བ་ཞུས་པ་ཡིན། འདི་དག་སྡོམ་ཚིག་ཡིན།
༩༽ ལྷག་བསམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༥ གི་ཆུ་ཚོད་ ༡༡ སྐར་མ་ ༢༢
འདི་ཚོ་སྒོམ་སྡེས་ཤེས་རྒྱུ་མ་རེད། སྒོམ་སྡེ་ནི་ཕྱོགས་གཅིག་ཁོ་ནའི་སྐད་ཆ་ཤོད་མཁན་རེད། ཁོང་གིས་བཤད་ཚད་ནང་རང་ལུགས་གལ་ཆེ་བ་ལས་བདེན་པར་གཙིགས་མེད། འདི་ཚོས་ཁོས་བཤད་པའི་སྔ་ཕྱིའི་གོ་རིམ་ལྟོས།
༢༢༽ འཇང་གཡུ་ལྷ་ཐོགས་འགྱུར་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༦ གི་ཆུ་ཚོད་ ༠ སྐར་མ་ ༡༢
སྒོམ་སྡེའི་སེམས་ལ་འདི་འདྲ་ཞིག་བཟུང་ནས་ རྩོམ་ཡིག་སྤེལ་གི་ཡོད་པ་གསལ་པོ་རེད་ ཁོང་གིས་ཉེ་སྔོན་ཚུལ་ཁྲིམས་མཐར་ཕྱིན་ལ་འདི་འདྲ་ཞིག་བྲིས་འདུག ༼དགེ་ལྡན་ཆོས་འབྱུང་རྙིང་པ་ཚོའི་ནང་དུ་དམར་གསོད་དམག་རྒྱག་དང་དོལ་རྒྱལ་སོགས་ཀྱི་ལོ་རྒྱུས་གང་མང་ཡོད་པ་རེད་མོད། འདས་པ་འདས་ཚར་བ་རེད། དེ་ཡང་ཡང་གླེང་ན་ཆོ་ཡོད་པ་མ་རེད། ཁོང་ཚོས་ལོ་རྒྱུས་སྡུག་པོ་དེ་ཚོ་གླེང་ནས་ངའི་མགོ་ལ་གཞུ་སྤྱད་བྱེད་ཀྱི་འདུག ང་ལ་ལན་རྒྱག་རྒྱུ་མེད་སྟབས་སྐབས་རེ་ངོ་ཚ་བ་དང་སྐབས་རེ་སེམས་པ་ཡང་སྐྱོ་གི་འདུག ངས་སྐྱུགས་བྲོ་བའི་ལོ་རྒྱུས་དེ་ཚོ་གཅིག་ཀྱང་མེད་པའི་དགེ་ལུགས་ཆོས་འབྱུང་ཡག་པོ་ཞིག་འབྲི་དགོས་བསམ་བཞིན་ཡོད། འོན་ཀྱང་ད་རུང་དགེ་ལུགས་ཚིག་མཛོད་བྲིས་ཚར་མེད་པ་དང་། ངས་ཆོས་འབྱུང་གསར་བ་བྲིས་རུང་ཆོས་འབྱུང་རྙིང་པ་ཚོ་ནི་རང་འཇག་ལ་ཡོད་པས་ཕན་ཐོག་ཀྱང་ཅང་མེད་པ་འདྲ། ད་ཅི་བྱ། བོད་ལ་དགེ་ལུགས་གཅིག་པོ་མ་གཏོགས་ཕན་མི་ཐོག་པའི་ཆོས་བརྒྱུད་ཉ་ཉོག་གཞན་པ་དེ་ཚོ་གཅིག་ཀྱང་མེད་ན་ཆོས་བརྒྱུད་གཅིག་གྱུར་ཡིན་པས་རྙོག་དྲ་གང་ཡང་མེད་པ་དང་། བོད་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ལ་ཡང་ཕན་གྱི་རེད། བོད་ཀྱི་འཐབ་རྩོད་ལ་ཡང་ཕན་གྱི་རེད།༽
༢༤༽ Lobsang Lama ནས།
སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༦ གི་ཆུ་ཚོད་ ༡༥ སྐར་མ་ ༢༧
((((སྒོམ་སྡེའི་སེམས་ལ་འདི་འདྲ་ཞིག་བཟུང་ནས་ རྩོམ་ཡིག་སྤེལ་གི་ཡོད་པ་གསལ་པོ་རེད་ ཁོང་གིས་ཉེ་སྔོན་ཚུལ་ཁྲིམས་མཐར་ཕྱིན་ལ་འདི་འདྲ་ཞིག་བྲིས་འདུག ༼དགེ་ལྡན་ཆོས་འབྱུང་རྙིང་པ་ཚོའི་ནང་དུ་དམར་གསོད་དམག་རྒྱག་དང་དོལ་རྒྱལ་སོགས་ཀྱི་ལོ་རྒྱུས་གང་མང་ཡོད་པ་རེད་མོད། འདས་པ་འདས་ཚར་བ་རེད། དེ་ཡང་ཡང་གླེང་ན་ཆོ་ཡོད་པ་མ་རེད། ཁོང་ཚོས་ལོ་རྒྱུས་སྡུག་པོ་དེ་ཚོ་གླེང་ནས་ངའི་མགོ་ལ་གཞུ་སྤྱད་བྱེད་ཀྱི་འདུག ང་ལ་ལན་རྒྱག་རྒྱུ་མེད་སྟབས་སྐབས་རེ་ངོ་ཚ་བ་དང་སྐབས་རེ་སེམས་པ་ཡང་སྐྱོ་གི་འདུག ངས་སྐྱུགས་བྲོ་བའི་ལོ་རྒྱུས་དེ་ཚོ་གཅིག་ཀྱང་མེད་པའི་དགེ་ལུགས་ཆོས་འབྱུང་ཡག་པོ་ཞིག་འབྲི་དགོས་བསམ་བཞིན་ཡོད། འོན་ཀྱང་ད་རུང་དགེ་ལུགས་ཚིག་མཛོད་བྲིས་ཚར་མེད་པ་དང་། ངས་ཆོས་འབྱུང་གསར་བ་བྲིས་རུང་ཆོས་འབྱུང་རྙིང་པ་ཚོ་ནི་རང་འཇག་ལ་ཡོད་པས་ཕན་ཐོག་ཀྱང་ཅང་མེད་པ་འདྲ། ད་ཅི་བྱ། བོད་ལ་དགེ་ལུགས་གཅིག་པོ་མ་གཏོགས་ཕན་མི་ཐོག་པའི་ཆོས་བརྒྱུད་ཉ་ཉོག་གཞན་པ་དེ་ཚོ་གཅིག་ཀྱང་མེད་ན་ཆོས་བརྒྱུད་གཅིག་གྱུར་ཡིན་པས་རྙོག་དྲ་གང་ཡང་མེད་པ་དང་། བོད་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ལ་ཡང་ཕན་གྱི་རེད། བོད་ཀྱི་འཐབ་རྩོད་ལ་ཡང་ཕན་གྱི་རེད།༽)))))))
འཇང་གཡུ་ལྷ་ཐོག་འགྱུར་གྱི་བཤད་པ་དེ་བདེན་པ་རེད། སྒོམ་སྡེ་ལྷ་རམ་པ་འདི་དང་པོ་གྲྭ་སར་ཡོད་སྐབ་ནས་ངས་ངོ་ཤེས། ཁོའི་དཔེ་ཆ་ཡག་པོ་ཤེས། རིག་གནས་ལ་ཡང་ཡག་པོ་ཡོད། རྗེས་ལ་ངེད་གཉིས་ཀར་གྲྭ་བ་ལོག་པ་རེད། ཁོ་རང་ག་དུས་ཡིན་ཡང་བོད་ནང་ཁུལ་གྱི་རྙོག་དྲ་ཕལ་ཆེར་ཞིག་ཆོས་ལུགས་ལ་བསྟེན་ནས་བྱུང་བ་དང་། དགེ་ལུགས་པ་ཁོ་ན་མ་གཏོགས་བོད་ནང་ལ་ཆོས་ལུགས་གཞན་པ་མེད་ན་ནང་ཁུལ་གྱི་རྙོག་དྲ་མེད་པར་འདོད་མཁན་ཞིག་ཡིན། དམིག་བསལ་གྱིས་བཀའ་རྒྱུད་དང་རྙིང་མ་གཉིས་ལ་ཧ་ཅང་སྡང་སེམས་བཅངས་མཁན་ཞིག་ཡིན། ས་སྐྱ་ལ་དགའ་གི་རེད། ཉིན་ཞིག་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གཉིས་པ་རྒྱབ་ཤ་དམར་པོ་ཅན་ཞིག་ཕེ་ཕེ་ཟེར་ནས་སྒོ་འགྲམ་གྱི་ཅ་པལ་ཚོའི་འཁེས་སུ་དངོས་སུ་སྐོར་གཡུག་བྱས་སོང་། ངས་ཆོས་དཀོན་མཆོག་ལ་དེ་འདྲ་མ་བྱེད་བྱས་དུས། ཁོས་སྐྱོན་ནི་མ་རེད། འདི་བསླབ་པ་གསུམ་སྟོན་པའི་བསྟན་བཅོས་མིན་པས་ཆོས་དཀོན་མཆོག་མ་རེད་ཟེར། ངས་དུས་རྒྱུན་དུ་ཁོ་ལ་ཀུ་རེས་རྩེ་གིན་ཡོད། རང་རེ་དགེ་ལྡན་པ་ལ་གང་ཐུབ་ཅི་ལྕོག་ཀྱིས་དགག་པ་མང་ཤོས་གནང་མཁན་ས་སྐྱ་རེད། དེ་ལ་ཁྱོད་དགའ་ཡི་འདུག དགག་པ་མང་པོ་མི་གནང་བར་དག་སྣང་སྦྱོངས་མཁན་རྙིང་མ་བཀའ་རྒྱུད་གཉིས་རེད། དེ་ལ་ཁྱོད་རྒྱ་མི་ལས་ཀྱང་སྡང་སེམས་ཆེ་བ་བྱེད་ཀྱི་འདུག མི་ཐུབ་ས་དེ་ལ་དགའ་ཡི་ཡོད་ས་རེད་ཅེས་ཤོད་ཀྱིན་ཡོད། འོན་ཀྱང་ཁོས་ཟེར་ན། ས་སྐྱ་པ་ཚོ་དགེ་ལུགས་ལ་དྲིན་ཆེན་པོ་ཡིན། དགེ་ལུགས་པའི་ལྟ་སྒྲུབ་ཀྱི་ཐོག་ལ་དགག་པ་གནང་ཙང་ང་ཚོ་ལ་ཞུན་ཐར་གཅོད་པའི་གོ་སྐབ་བྱུང་བ་རེད། བཀའ་རྙིང་གཉིས་སྐྱག་པ་འདྲ་འདྲ། སྐྱེ་དམན་དང་ཕྲུ་གུ་ལུང་པ་གང་རེ་ཁྲིད་ནས་ཁ་ཕོ་ཆེ་ཐག་ཆོད་ཅིག་སྒྲོག་པ་ལས་གཞན་ཅི་ཡོད་ཟེར་གྱིན་ཡོད། ད་སྐབས་བོད་ཡིག་གི་དྲ་རྒྱ་གསར་དུ་ཐོན་པ་དང་བསྟུན་གོ་སྐབ་བཙལ་ནས་རང་གི་དུག་རོ་ཕྱིར་ཕྱུང་བཞིན་ཡོད་པར་རེད། ཁོས་ཟིན་བྲིས་དེ་ཡང་ཀུན་སློངས་དེ་འདྲའི་དབང་གི་བྲིས་གིན་ཡོད། ང་ཚོ་བོད་ཀྱི་ལས་དབང་ལ་ཅིག་གཟིགས་དང་། འདི་འདྲ་བྱེད་པའི་གོ་སྐབྶ་རྩ་ནས་མ་རེད། མ་གཞི་མི་འདི་ཅན་པོེས་ཆེ་ཞིག་བྱེད་མི་ཐུབ་ཀྱང་ཀུན་སློངས་མི་ཡག་པས་ངོ་ནས་འབུར་འཇོམས་བྱེད་དགོས། བསྟན་དགྲ་ཚར་གཅོད་པ་བསྟན་འཛིན་ཚོས་ལས་འགན་རེད། དང་པོ་ནས་མགོ་འབུར་དུ་མ་བཅུག་ན་ཡག་གི་རེད། ཉིན་མོས་འུག་པ་ལྟར་ཁ་རུབ་རྒྱག་དགོས། དེ་ནས་བྲོས་འགྲོ་གི་རེད། ཚུལ་ཁྲིམས་ཐར་ཕྱིན་དང་གང་གཡག་སོགས་ལ་དཀོན་མཆོག་གསུམ་ཁག་མེད། སེམས་ཚོར་ཡོད་མཁན་གྱི་མི་ཡིན་པས་རེད། དཀྲུགས་ཤིང་བརྒྱབ་ནས་སེམས་ལ་ནག་ཐིག་བཟོས་ན་ལན་པོ་ལོས་སློག ཐུབ་ཚོད་དང་བརྙས་བརྐོ་ག་འདྲ་བྱས་ཀྱང་མགོ་སྐྱོར་ནས་སྡོད་མཁན་ཞིག་གང་དུ་ཡོད། ལན་པོ་སློག་ནས་ཉམས་མྱོང་སྤྲད་དེ་རྩ་མེད་དུ་གཏོང་མཁན་དེ་བུ་རབས་རེད། ཁོ་ལ་དེ་འབབ། དེ་འོས། དེ་ཕན་པོ་བྱུང་། ཨ་མའི་བུ་རེ་ཐུག་ན་དེ་འདྲ་རེད། ད་དུང་མི་འདིས་འཇམ་པོ་འཇམ་པོ་དང་ཡག་པོ་ཡག་པོ་ཞིག་ལ་ཁ་གཡར་ནས་དཀྲུགས་ཤིང་ནམ་བརྒྱབ་ན་འཕྲལ་དུ་འབུར་འཇོམ་བྱེད་རྒྱུ་དེ་ངའི་རེ་བ་ཡིན། བུ་རབ་ཚོ། དགྲ་ལ་ཕྱི་དགྲ་བས་ཀྱང་ནང་དགྲ་ཚབས་ཆེ་གི་རེད། སྒོམ་སྡེ་དང་འདྲ་བའི་ནང་དགྲ་ཁ་དར་ལས་འཇམ་ཤིང་ཁོག་དུག་ལས་ནག་པ་ཁ་ཤས་ཤིག་ཡོད་ཡ། ཁོ་ཚེ་ཚུལ་ཁྲིམས་དང་། འཆི་མེད་ཚེ་རིང་སོགས་ལྟ་བུ། འདི་ཚོའི་ངོ་གཅིག་རྫོགས།། སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་བརྩད་ནས་གཅོད་གྱུར་ཅིག། །། །། ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས།། བཀའ་སྲུང་དྲག་པོས་ཟ་ཁ་ཟུག་པ་ལ།། ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་ན་ཡང་།། བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་གཟའ་ངུ་གྱིས།། །། །།
བསམ་འཆར་འདོན་ས་མེད་པའི་སྒོམ་སྡེའི་ཟིན་བྲིས་སུ་རང་འདོད་ཤ་སྟག་འབྲི་ཉེན་འདུག ད་ལྟ་ཡང་ཁོས་ལྟ་བ་རྙེད་པ་ལས་ལྟ་བ་རྟོགས་ཟེར་མི་ཆོག་རབས་ཀྱང་བྲིས་འདུག་པས། ངས་ཁོང་ལ་ཞུ་བ་ཞིག་འཐེན། རིས་མེད་ཡིན་མདོག་བྱེད་པའི་སྒོམ་སྡེས་ཁྱོད་ཀྱིས་ཐོག་མར་ཆོས་བརྒྱུད་གཞན་པའི་གཞུང་ལའང་གཟིགས་རོགས་བགྱིས། དེ་ནས་བཤད་རོགས། དེ་མིན་དགེ་ལུགས་ཀྱི་ལུགས་ལྟར་ན་ཞེས་པ་སོགས་བཀོད་ཀྱང་འཐུས། ཆོས་བརྒྱུད་གཞན་པའི་གཞུང་དུ་རྟོགས་པའི་ལྟ་བ་ཟེར་བ་མང་པོ་ཡོད་པས་ཡང་ན་ཁྱོད་ཀྱིས་དེ་དག་རྣམས་འགག་འདོད་པ་ཡིན་ནམ།
མ་གཞི་བསམ་འཆར་བཤད་ན་ཅ་སིང་པོ་འདུག་ཟེར་ནས་གཡོལ་ཉེན་ཡོད། མཁས་མདོག་གིས་འཇུར་རྟ་ཞེས་པའང་ལེགས་སྦྱར་སྐད་རེད་ཟེར་མཁན་དེ་རེད་པ། ཐལ་གྱིན་འདུག་ཅེས་ཞུས་ཟིན་ཡོད་ཀྱང་། ཁོ་ནི་མཁས་རྟགས་སྟོན་རྒྱུར་རྔམ་ནས་སྣང་བའང་མི་བྱེད་པར་འདུག ག་ལེ་ག་ལེ་དུས་བབ་འདིར་ཁོ་ནི་གང་བཤད་བཤད་ཆོག་པའི་ཟིན་བྲིས་པ་རུ་འགྱུར་ཉེན་འདུག བསམ་འཆར་བཤད་སའང་མི་འདུག
གནས་ཚུལ་རྙིང་བ་ཞིག་བསམ་བློ་རྙིང་བ་ཞིག་གིས་བྲིས་འདུག་ག
རེད། བློ་དམ། ངས་ཅི་ཡང་ཤེས་ཀྱི་མེད། འོན་ཀྱང་འོག་གི་སྒོམ་སྡེ་ལ་བཏབས་པའི་མཆན་དེ་ཚོ་ངས་བྲིས་པ་མ་རེད། དེ་ལ་བསམ་བློ་ཞིག་ཐོངས།
ནོར་བཅོས་ཤིག་ཞུ་ཆོག་པར་ཞུ།
དེ་ནས་༸གོང་ས་མཆོག་གིས་ཐུགས་ཚབས་གནང་ཡུལ་གྱི་གཙོ་བོ་ནི་མ་འོངས་བོད་ཀྱི་སོན་རྩ་བོད་རིགས་གཞོན་སྐྱེས་རྣམས་ལ་གནའ་དེང་གི་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན་ལ། དེ་ནས་མགོན་པོ་གང་གིས་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནཱེ་རུ་མཆོག་ལ་དེང་དུས་ཀྱི་ཤེས་ཡོན་དང་ལྷག་པར་བོད་མི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཡོང་སླད་བོད་པ་ཚོར་ཟུར་དུ་བོད་པ་རང་གི་སློབ་གྲྭ་དགོས་ཀྱི་འདུག་ཅེས་རེ་འདུན་ཞུས་པར། ཁོང་ནས་དང་ལེན་གནང་སྟེ་བོད་ཕྲུག་གཞོན་སྐྱེས་ལྔ་བཅུ་བསྡུ་རུབ་གནང་སྟེ་རྒྱ་གར་གཞུང་གི་རོགས་སྐྱོར་འོག་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་སློབ་གྲྭ་དང་པོ་དེ་མ་སུ་རིར་༼ཕྱི་ལོ་༡༩༦༠ཟླ་༣ཚེས་༣༽ཉིན་འཛུགས་གནང་མཛད།
དེ་ནས་༸རྒྱལ་དབང་མཆོག་གི་བཀའ་དགོངས་དང་ལམ་སྟོན་འོག་སྐུའི་གཅམ་སྲིང་ཚེ་རིང་སྒྲོལ་མ་ལགས་ཀྱི་གཟིགས་སྐྱོང་འོག་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྔ་གཅིག་ལམ་བཟོ་ཁག་ནས་བསྡུ་རུབ་ཀྱིས་དྷ་རམ་ས་ལར་༼ཕྱི་ལོ་༡༩༦༠ཟླ་༥ཚེས་༡༧༽ཉིན་བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་།