མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་བཙན་འཕྲོགས་བྱས་འདུག

ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་པ་དང། ཉེ་བའི་ཆར་དུས་བཀག་བཙོན་འཇུག་ལོ་བདུན་དང། ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོར་ཁྲིན་ཏུའུ་གྲོང་ཁྱེར་དུ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ངག་ཆུང་དང་། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན། སློབ་གླིང་དེའི་གྲྭ་འགུ་དྲག་བཅས་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲྭ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཉེ་བའི་ཆར་མ་གཏོགས་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ཡང་བྱུང་མེད་པ་དང། ཉེ་ཆར་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཡོངས་གྲགས་མིན་པར་གསང་བའི་ཁྲིམས་ཐག་བཅད་ནས་ཟླ་གཉིས་ཙམ་སོང་ཟིན་ཡོད་པ་རེད།

གྲྭ་ངག་ཆུང་ལགས་ནི་ད་ལྟའི་ཆར་རང་ལོ་ ༣༩ ཡིན་པ་དང། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་བླ་རུང་ཆོས་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་པ་དང༌། བླ་རུང་ཆོས་སྡེའི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད་པ་དང། སྐབས་དེར་ཡང་བླ་རུང་ཆོས་སྡེའི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཡོང་བ་ཡིན་འདུག ད་ལྟའི་ཆར་ཁོང་ཁྲིན་ཏུའུ་གྲོང་ཁྱེར་དང་ཧ་ཅང་ཐག་མི་རིང་བའི་ཡ་ཨན་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག  

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 6

  1. ཉི་འབུམ། says:
    ལོ་ 17 སྔོན།

    གནས་ཚུལ་མཁོ་སྤྲོད་པ་དང་གསར་འགོད་པ་གཉིས་ཀྱི་ངོས་ནས་དེ་ཚོ་གཟབ་
    གཟབ་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། འདི་ལོའི་སུམ་ཅུའི་དུས་དྲན་སྐབས་
    ཀྱི་གནས་ཚུལ་བསྒྲགས་སྐབས། རྡ་སར་མི་ཆིག་སྟོང་ལས་བརྒལ་བའི་དུས་དྲན་སྲུང་བརྩི་བྱས་རབས་བཤད་བྱུང་།
    འདི་དངོས་གནས་བྱས་ན། མི་སྟོང་ཕྲག་བཞི་ནས་ལྔ་བར་ཡོད་ངེས་རེད། དེ་བཞིན་
    ནམ་རྒྱུན་༸གོང་ས་མཆོག་གི་གསུང་ཆོས་སྐབས་དང་། རང་གཞུང་གི་་ཚོགས་འདུ་
    སོགས་ལ་ཡང་ཆུང་ཆུང་ཉུངཉུང་བྱས་ན་ས་བསྒྲགས་པ་དེ་ཚོ་ཡག་པོ་མི་འདུག། མང་ཉུང་གི་གྲངས་ཀ་ལ་གང་དྲན་དྲན་བྱས་ནས་བཤད་པ་དེ་ཚོ་མཚམས་འཇོག་བྱས་ན་ཡག་པོ་རེད།
    རེད།

    Reply
  2. ལྷ་མ་ཡིན། says:
    ལོ་ 17 སྔོན།

    ངག་ཆུང་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་པ་དང། གཞན་ཡང་གསེར་རྟ་གནུབས་ཟུར་དགོན་གྱི་སྤྲུལ་སྐུ་ཞིག་དང་གྲྭ་བ་གཉིས་བཅས་མི་གསུམ་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད། དེ་བཞིན་དུ་གསེར་རྟ་གོས་རྩ་སྡེ་བའི་གྲྭ་གཡུ་བྷྲུཾ་ལ་ལོ་ལྔ་དང་། ཕ་ཡུལ་གོ་འཇོ་ནས་ཡིན་པའི་གྲྭ་འབུམ་དགའ་ལ་ལོ་ལྔ་དང་། ཕ་ཡུལ་མགོ་ལོག་དཔོན་སྐོར་ནས་ཡིན་པའི་གྲྭ་བ་ཞིག་ལ་ལོ་བཅུ་གཅིག་ལྷག་གི་ཁྲིམས་ཐག་བཅད་པ་དང། ཁོང་ཚོ་ལ་བཙོན་ཁང་དུ་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་སྟེ། ལུས་པོ་སྐྱོན་ཅན་དུ་བཏང་བ་ལྟ་བུ་རེད། གསེར་རྟ་ས་ཆ་གཅིག་ནས་ངས་གོ་ཐོས་ལྟར་ ན་གོང་གི་མི་བདུན་ད་དུང་ཁྲིམས་སུ་ཡོད་ཅིང་། མ་གོ་པ་ཡང་མང་པོ་ཡོད་ངེས་པས་གོ་ཐོས་རྣམས་འདིར་བཤད་པ་ཡིན།

    Reply
  3. བཀྲ་ཤིས། ། says:
    ལོ་ 17 སྔོན།

    བཙོན་འཇུག་གི་དུས་ཡུན་ལོ་དྲུག་རེད་ཟེར། ཁོང་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་གཅིག་དང་ཟླ་བ་བརྒྱད་ཕྱིན་པ་དང་ལོ་ཕྱེད་ཀྱི་རིང་ཁོང་ལ་བཅར་རྡུང་དྲག་པོ་མི་སྤྱོད་ལས་འདས་པ་བྱས་ཡོད་ཚུལ་བཤད་ཀྱི་འདུག ནག་ཉེས་གཙོ་བོ་གསེར་རྟ་གནུབས་ཟུར་དགོན་པའི་སྤྲུལ་སྐུ་གཅིག་དང་གྲྭ་པ་ཁ་ཤས་ཀྱིས་ ༢༠༠༨ ལོ་ངོ་སྐད་འབོད་དང་སྦྱར་ཡིག་འགྲེམས་སྤེལ་བྱས་པ་དེ་དང་འབྲེལ་བ་ཡོད་ཚུལ་དང་། ཕྱི་ལོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ཅེས་ཉེས་འཛུགས་བྱས་ཡོད།
    དེ་རྗེས་དཀར་འོད་ཟུང་ཟད་ཀྱང་མེད་པའི་ཁང་སྟོང་ནག་ཁུང་ཞིག་ཏུ་བཅུག་ནས་ལོ་གཅིག་ལྷག་གི་རིང་ལ་བཞག་པར་བརྟེན་ཉེ་ཆར་ཁོང་གི་སྤེན་མཆེད་དང་འབྲེལ་བ་བྱུང་སྐབས་མིག་གིས་ལམ་ཁ་མཐོང་མི་ཐུབ་པར་ཆགས་ཡོད་ཚུལ་བཤད་ཀྱི་འདུག དེ་མིན་ཕྲའི་གནས་སྟངས་ད་དུང་ཤེས་མི་འདུག

    Reply
  4. ཀླུ། says:
    ལོ་ 17 སྔོན།

    འདི་ནས་དུས་བབ་ཚང་གིས་ལོ་བདུན་ཟེར། ཕ་ཡུལ་ཚང་གིས་ལོ་བདུན་ཟེར། ནོར་ཝེ་ཚང་གིས་ལོ་དྲུག་ཟེར། བང་ཆེན་ཚང་གིས་བདུན་ཟེར། གནས་ཚུལ་སྤྲོད་མཁན་གྱི་མང་གཙོ་དང་འགྲོ་བ་མིའི་ཐབ་ཐང་ཚང་གིས་ལོ་དྲུང་ཟེར། གསར་འགོད་པ་ནོར་པ་རེད་གང་རེད། འདི་ང་ཚོའི་བོད་གྱི་གསར་འགོད་པ་ཚོར་གནས་ཚུལ་ཁུངས་དག་པོ་མེད་པ་དང་རྩད་ཞིབ་བྱེད་གི་མེད་རྟགས་རེད་བསམ་། ཨི་རེད་་་་་་་་

    Reply
  5. བསྟན་འཇམ says:
    ལོ་ 17 སྔོན།

    བདེན་དོན་བསྐྱོངས་ན་ཕམ་ཁ་མང་། ང་ཚོ་བོད་ལ་དེ་བས་ཀྱང་མང་ །

    Reply
  6. ཞྭ་ནག་བློ་གྲོས། says:
    ལོ་ 17 སྔོན།

    ཁོང་སྔ་ལོ་ནས་གོ་ཐོས་མེད་པར་གྱུར། ད་ཆ་གོ་ཐོས་ཤིག་བྱུང་བར་ཡང་དགའ་བ་ཙམ་བྱུང༌། ཡིན་ནའང༌། ཁོང་བཙོན་ཁང་དུ་བཞུགས་དགོས་བྱུང་བ་འདི་བཙན་པོ་དབང་ཡོད་རང་ཆགས་ཡོད། ཡ་ཨན་གྱི་བཙོན་ཁང་ན་བོད་རིགས་ཆབ་སྲིད་བཙོན་པ་མང་པོ་ཞིག་ཡོད་རབས་གོ་ཐོས་བྱུང༌། དེ་ཚོ་བོད་ཀྱི་ས་ཁུལ་སྣ་ཚོགས་ནས་དེར་འཁྲིད་འོང་བ་ཡིན་འདུག་ཟེར་བ་ཞིག་ཀྱང་གོ་རྒྱུ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese